སྒྲོམ་ཚང་།

སྲ་ཞིང་མཁྲེགས་པའི་རྒྱུ་ཆ་སྣ་ཚོགས་མཉམ་དུ་བསྲེས་ནས་གྲུབ་པའི་སྟབས་བདེ་དང་སྤྱི་ཡོངས་འགུལ་སྐྱོད་བྱེད་ཐུབ་པ་ཡིན། མིང་འདི་ནི་ཨ་རིའི་དམག་དཔུང་གི་དམག་དོན་ཐ་སྙད་ལས་བྱུང་བ་དང་། ཀྲུང་གོར་ལོ་རབས90པའི་དུས་འགོར་འཕེལ་རྒྱས་བྱུང་། ཐད་ཀར་འགུལ་སྐྱོད་བྱས་ཆོག་པའི་སྒྲོམ་དབྱིབས་ཁང་བ་ཞིག་ཡིན་པར་བཤད་པ་དང་། ནང་དུ་སྔོན་ཐོན་གྱི་བཀོད་འདོམས་མ་ལག་ཡོད།

རིགས་དབྱེ།  

བྱང་བཤེར།

བྱང་བུ་བཤེར་པ་ནི་སྡུད་བྱང་དེ་སྡུད་བྱང་འཕྲུལ་ཆས་སྟེང་བཞག་ནས་འབྲེལ་ཡོད་ཀྱི་ནང་དོན་ཀློག་པ་ལ་ཟེར། ལས་བཟོ་བ་ལས་ཞུགས་དང་ལས་ཚོགས་གྲོལ་སྐབས་ཞིབ་བཤེར་གཱའམ་བྱང་བུ་དེ་ཉིད་ཁབ་ལེན་འཕྲུལ་ཆས་སུ་བཅུག་ནས་ཟིན་ཐོར་བཀོད་པའམ་ཡང་ན་ལས་ཁུངས་ནས་ཁ་བྲལ་བའི་དུས་ཚོད་ཆེད་དུ་ཟིན་འགོད་བྱེད་པ་ལ་ཟེར། “ཐོ་འགོད་དང་། ཟིན་ཐོ་འགོད་པ། ལག་ཁྱེར་སྟོན་པ”ལ་གོ་བ་བླངས་ཆོག་ལ། རྒྱའི་སྐད་དུ“རྩིས་རྒྱག་རོགས་”སོགས་སུའང་གོ་བ་བླངས་ཆོག

རིགས་དབྱེ།  

པོ་ཧའེ་སྣུམ་ཞིང་།

དེ་ནི་ཀྲུང་གོའི་མཚོ་ཐོག་གི་སྣུམ་ཞིང་ཆེ་ཤོས་ཡིན་ལ། རྒྱལ་ཡོངས་ཀྱི་མ་བཅོས་རྡོ་སྣུམ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཀྱང་ཡིན་པ་དང་། ཀྲུང་གོའི་རྡོ་སྣུམ(ཀྲུང་གོ)ཚད་ཡོད་ཀུང་སི་ཐེན་ཅིན་ཡན་ལག་ཀུང་སིས་པོ་ཧའེ་སྣུམ་ཞིང་རྩད་ཞིབ་གསར་སྤེལ་ཐོན་སྐྱེད་ལས་སྒོའི་འགན་ཁུར་ཡོད། པོ་ཧའེ་མཚོ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི7.3ཡོད་པའི་ནང་རྩད་ཞིབ་བྱས་ཆོག་པའི་གཏེར་ཁུལ་གྱིས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི4.3ཙམ་ཟིན་ཡོད་པ་རེད། པོ་ཧའེ་སྣུམ་ཞིང་དང་ལིའོ་ཧུ་སྣུམ་ཞིང་། ཏ་ཀང་སྣུམ་ཞིང་། ཧྲེང་ལི་སྣུམ་ཞིང་། ཧྭ་བྱང་སྣུམ་ཞིང་། ཀྲུང་ཡོན་སྣུམ་ཞིང་བཅས་གཤོང་ས་གཅིག་གི་གྲུབ་ཚུལ་དུ་གཏོགས་པ་དང་། ལིའོ་ཏུང་དང་། ཧྲི་ཅིའུ་ཐུའོ། པོ་ཞི། པོ་ནན། ཕེང་ལའེ་བཅས་གྲུབ་ཚུལ་རྒྱུད་ལྔ་ཡོད་པ་དང་། སྤྱིའི་ཐོན་ཁུངས་ཀྱི་ཚད་ནི་སྨི་གྲུ་བཞི་མ་དུང་ཕྱུར120ཡས་མས་ཡིན། དེའི་ས་གཤིས་སྣུམ་གསོག་གི་ཁྱད་ཆོས་ནི་གྲུབ་ཚུལ་གས་པ་དང་། གས་ཆག་འཚར་སྐྱེ། སྣུམ་གསོག་རྙོག་འཛིང་ཆེ་བ་བཅས་ཡིན་པ་དང་། གསོག་རིམ་ནི་ཆུ་རྒྱུན་དང་ཟུར་གསུམ་གླིང་སོགས་ཡིན་པ་དང་། སྣུམ་རྒྱུ་ཅུང་མང་བ་དང་། སྣུམ་གར་ཚད་ཀྱིས65%ཡན་ཟིན་ཡོད།

རིགས་དབྱེ།  

རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས།

རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་ནི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་ཡིན་ཞིང་། དེའི་ནང་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གནམ་གྲུ་ཐང་། གྲུ་ཁ། ཟམ་པ། འཕྲིན་གཏོང་། ཆུ་བེད་དང་གྲོང་ཁྱེར་གྱི་ཆུ་ཕྱིར་གཏོང་དང་སོལ་རླངས་མཁོ་འདོན། གློག་མཁོ་འདོན་སྒྲིག་ཆས་དང་གཟུགས་མེད་ཐོན་རྫས་སམ་ཞབས་ཞུ་ཚན་རིག་སློབ་གསོ་རིག་གནས་འཕྲོད་བསྟེན་སོགས་སྡེ་ཚན་ལ་མཁོ་བའི་གཏན་འཇགས་རྒྱུ་ནོར་ཡིན།

རིགས་དབྱེ།  

ལག་རྩལ་སྤུས་རྟགས།

ལག་རྩལ་སྤུས་རྟགས་ཞེས་པ་ནི་ཁེ་ལས་ཀྱིས་སྤུས་རྟགས་འཛུགས་སྐྲུན་དང་ཁྱབ་སྤེལ་བྱེད་པའི་བརྒྱུད་རིམ་ནང་ལག་རྩལ་དེ་སྤུས་རྟགས་འཛུགས་སྐྲུན་གྱི་ལྟེ་བར་བརྩིས་ནས་སྤུས་རྟགས་གཞན་དག་ཚང་མས་ལྟེ་བ་དེ་ཚད་གཞིར་བྱས་ནས་ཇུས་འགོད་དང་། གཅིག་གྱུར། འཆར་འགོད་བཅས་བྱས་པའི་སྤུས་རྟགས་ལ་ཟེར།

རིགས་དབྱེ།  

ཡིག་ཚགས་དོ་དམ་མ་ལག

ཡིག་ཚགས་དོ་དམ་མ་ལག་ནི་གཅིག་གྱུར་གྱི་ཚད་གཞི་བཟོས་ནས་ཡིག་ཆ་ཧྲིལ་པོའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་། དེའི་ནང་ལས་སྒོའི་མ་ལག་ཁག་གི་ཡིག་ཆ་དོ་དམ་ཚད་ལྡན་དུ་གཏོང་བའི་ཡིག་ཚགས་ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་ཆ་ཚང་ཞིག་ཡིན་པ་དང་། གཙོ་བོ་ཡིག་ཚགས་རྒྱུན་མཐུད་ཅན་གྱི་འཚོལ་བསྡུའི་ནུས་པ་མངོན་འགྱུར་བྱེད་ཐུབ།

རིགས་དབྱེ།  

ལས་རིགས་བདེ་ཐང་བདེ་འཇགས་ཀྱི་ལག་རྩལ།

ལས་རིགས་བདེ་ཐང་བདེ་འཇགས་ཀྱི་ལག་རྩལ་ནི་ཀྲུང་གོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ཆེད་སྦྱོང་ཆེད་ལས་ཤིག་ཡིན། སྤྱི་ལོ2021ལོར་ལས་རིགས་བདེ་ཐང་བདེ་འཇགས་ཀྱི་ལག་རྩལ་དེ《ལས་རིགས་སློབ་གསོའི་ཆེད་ལས་དཀར་ཆག(སྤྱི་ལོ2021ལོའི)》ནང་དུ་བཅུག་ཡོད།

རིགས་དབྱེ།  

བདེ་འཇགས་ལས་གྲྭའི་ལག་རྩལ།

བདེ་འཇགས་ལས་གྲྭའི་ལག་རྩལ་ནི་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གསོའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན།

རིགས་དབྱེ།  

ཤེས་བྱའི་ཐོན་དབང་ཁྲིམས་འཛིན་གསལ་འབྱེད།

ཤེས་བྱའི་ཐོན་དབང་གསལ་འབྱེད་ཅེས་པ་ནི། ཁྲིམས་ལྟར་འབྲེལ་ཡོད་ཤེས་བྱའི་ཐོན་དབང་གསལ་འབྱེད་ཐོབ་ཐང་ཐོབ་པའི་གསལ་འབྱེད་ལས་ཁུངས་དང་གསལ་འབྱེད་བྱེད་མཁན་གྱིས་ཁྲིམས་འཛིན་ལས་ཁུངས་སམ་དོ་བདག་གི་མངགས་བཅོལ་ལྟར། ལག་རྩལ་ཆེད་མཁས་པས་ཁྱབ་ཁོངས་འདིའི་ནང་གི་ཡོངས་ཁྱབ་ཀྱི་ཤེས་པའི་ལག་རྩལ་དང་འབྲེལ་ཡོད་ཆེད་ལས་ལག་རྩལ་ལ་རྒྱུས་ལོན་བྱས་པ་དང་། ད་དུང་དགོས་ངེས་ཀྱི་ཞིབ་དཔྱད་ཚད་ལེན་དང་། རྫས་འགྱུར་བརྟག་དཔྱད། དབྱེ་ཞིབ་བཅས་ཀྱི་བྱེད་ཐབས་སྤྱད་དེ། དབང་གནོད་བྱས་པའི་ལག་རྩལ་དང་འབྲེལ་ཡོད་ལག་རྩལ་གྱི་ཁྱད་ཆོས་གཅིག་མཚུངས་ཡིན་མིན་དང་ཡང་ན་གཅིག་མཚུངས་ཡིན་མིན་ལ་ངོས་འཛིན་བྱ་དགོས།

རིགས་དབྱེ།  

གཞི་རྩའི་འཛུགས་སྐྲུན་གཉེར་སྐྱོང་བྱེད་སྟངས།

གཞི་རྩའི་འཛུགས་སྐྲུན་གཉེར་སྐྱོང་བྱེད་སྟངས་ལ“ཨར་ལས་བྱེད་སྟངས”ཀྱང་ཟེར། དེ་ནི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་སྒྲིག་འཛུགས་དོ་དམ་བྱེད་སྟངས་ལ་ཟེར། དེས་འཛུགས་སྐྲུན་སྡེ་ཚན་དང་ཨར་ལས་སྡེ་ཚན་དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ལེགས་འགྲུབ་བྱེད་པའི་ཁྲོད་སོ་སོའི་འགན་འཁྲི་དང་། དབང་ཆ། ཕན་ཚུན་བར་གྱི་འབྲེལ་བ་བཅས་གཏན་འཁེལ་བྱས་ཡོད།

རིགས་དབྱེ།  

སྒྲིག་གཞི་རང་བཞིན་གྱི་དུས་འཁོར་ཉམས་ཉེན།

སྒྲིག་གཞི་རང་བཞིན་གྱི་དུས་འཁོར་ཉམས་ཉེན་ནི་དངོས་པོ་ཐོན་སྐྱེད་སྡེ་ཁག་གི་སྒྲིག་གཞི(སྡེ་ཁག་བར་གྱི་སྡེ་ཁག་དང་ནང་ཁུལ་གྱི་གྲུབ་ཚུལ་ཚུད་ཡོད)ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། དེ་བཞིན་ཐོན་སྐྱེད་དང་འཛད་སྤྱོད། མཁོ་སྤྲོད་དང་དགོས་མཁོའི་བར་གྱི་བསྡུར་ཚད་ཡུན་རིང་དོ་མི་མཉམ་པའི་དབང་གིས་རྒྱལ་སྤྱིའི་གཞི་ཁྱོན་གྱི་དུས་འཁོར་ཉམས་ཉེན་བྱུང་བར་ཟེར།

རིགས་དབྱེ།  

ངལ་རྩོལ་ལས་ཞུགས་ཞབས་ཞུའི་ཁེ་ལས།

གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣ་བཀོད་སྒྲིག་བྱ་རྒྱུའི་ལས་འགན་འཁུར་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱས་ཏེ་ཐོན་སྐྱེད་གཉེར་སྐྱོང་རང་སྐྱོབ་བྱེད་པའི་མ་རྐང་མཉམ་ལས་ལམ་ལུགས་དང་ཐུན་མོང་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ལ་ཟེར།

རིགས་དབྱེ།  

ནུས་ཁུངས་གྲོན་ཆུང་བྱེད་ཐབས།

ནུས་ཁུངས་གྲོན་ཆུང་བྱེད་ཐབས་ནི་ལག་རྩལ་བསྒྱུར་བཀོད་བྱེད་ཐབས་ཤིག་ཡིན། ཐད་ཀར་ནུས་ཁུངས་གྲོན་ཆུང་བྱེད་ཐབས་དང་གཞན་བརྒྱུད་ནུས་ཁུངས་གྲོན་ཆུང་བྱེད་ཐབས་གཉིས་སུ་དབྱེ་ཡོད། ཐད་ཀར་ནུས་ཁུངས་གྲོན་ཆུང་བྱེད་ཐབས་ཞེས་པ་ནི་ནུས་ཁུངས་བེད་སྤྱོད་པའི་ལས་ཆོད་ཆུང་བའི་ནུས་ཁུངས་སྤྱོད་པའི་སྒྲིག་ཆས་དང་། བཟོ་རྩལ་ལམ་ཡང་ན་བཀོལ་སྤྱོད་གོ་རིམ་ལ་གསར་སྒྱུར་དང་བསྒྱུར་བཀོད་བྱས་ཏེ་ཐད་ཀར་ནུས་ཁུངས་གྲོན་ཆུང་གི་ཕན་འབྲས་ཐོབ་པར་ཟེར། གཞན་བརྒྱུད་ནུས་ཁུངས་གྲོན་ཆུང་བྱེད་ཐབས་ནི། ཐོན་སྐྱེད་ལས་ཆོད་དམའ་བའི་སྒྲིག་ཆས་དང་བཟོ་རྩལ། ཐོན་རྫས་སོགས་ལ་བརྟེན་ནས་གསར་སྒྱུར་རམ་བསྒྱུར་བཀོད་བྱེད་པ་ཡིན།

རིགས་དབྱེ།  

འཆར་གཞིའི་འགན་ནུས།

འཆར་གཞིའི་འགན་ནུས་ཞེས་པ་ནི་དོ་དམ་བྱེད་མཁན་གྱིས་མ་འོངས་པར་སྔོན་དཔག་དང་། དམིགས་འབེན་གཏན་འཁེལ། དམིགས་འབེན་འདི་དག་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་བྱེད་ཕྱོགས་གཏན་འབེབས་བྱེད་པའི་བརྒྱུད་རིམ་ལ་ཟེར། དེ་ནི་རྒྱུ་རྐྱེན་དང་དམིགས་ཡུལ། བྱེད་སྒོ་དང་ནང་དོན། མི་སྣ་བཀོད་སྒྲིག དུས་ཚོད་བཀོད་སྒྲིག བར་སྟོང་བཀོད་སྒྲིག དེ་མིན་བྱེད་ཐབས་དང་ཐབས་ཤེས་གདམ་གསེས་སོགས་ཀྱི་གནད་དོན་ལ་འབྲེལ་བ་ཡོད། འཆར་གཞི་ནི་སྲིད་འཛིན་འགན་ནུས་ཁྲོད་གོ་གནས་གལ་ཆེ་ཤོས་སུ་གནས་པ་དང་། འགན་ནུས་གཞན་དག་གི་ནུས་པ་དང་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོད་པས། དོ་དམ་པས་ངེས་པར་དུ་འཆར་གཞི་གཏན་འབེབས་བྱས་ཏེ། རྩ་འཛུགས་ཀྱི་འབྲེལ་བ་གང་འདྲ་ཞིག་དགོས་པ་དང་། མི་སྣ་གང་འདྲ་ཞིག་བཀོད་སྒྲིག་བྱེད་དགོས་པ། བྱེད་ཕྱོགས་དང་སྲིད་ཇུས་གང་འདྲ་ཞིག་ལ་གཞིགས་ནས་ལས་བཟོ་པར་འགོ་ཁྲིད་བྱེད་དགོས་པ། དེ་བཞིན་ཚོད་འཛིན་བྱེད་ཐབས་གང་འདྲ་ཞིག་སྤྱོད་དགོས་པ་བཅས་གཏན་འཁེལ་བྱེད་དགོས།

རིགས་དབྱེ།  

སྤུས་ཀའི་བྱ་སྤྱོད།

མི་རྣམས(ལས་བཟོ)ཐོན་རྫས་ཀྱི་སྤུས་ཚད་དང་། ལས་ཀའི་སྤུས་ཚད། ཞབས་ཞུའི་སྤུས་ཚད་བཅས་ཀྱི་དངོས་ཡོད་རྣམ་འགྱུར་དང་བྱ་སྤྱོད་ནི་སྤུས་ཚད་ཀྱི་འདུ་ཤེས་དང་སྤུས་ཚད་ཀྱི་བརྩེ་དུང་གི་ཕྱིའི་མཚོན་ཚུལ་ཞིག་ཡིན།

རིགས་དབྱེ།  

དུས་བཀག་ཚད་བཀག་གི་སྡེབ་སྐྱེལ།

དུས་བཀག་ཚད་བཀག་གི་སྡེབ་སྐྱེལ་ཞེས་པ་ནི་གཏན་འབེབས་བྱས་པའི་སྡེབ་སྐྱེལ་དུས་ཚོད་དང་སྡེབ་སྐྱེལ་གྲངས་འབོར་ལྟར་སྡེབ་སྐྱེལ་བྱེད་པ་དང་། ཞོར་དུ་དུས་ཚོད་དང་གྲངས་ཚད་ངེས་ཅན་གྱི་རྣམ་པ་གཉིས་ཀྱི་དགེ་མཚན་ལྡན་ཞིང་། དེ་ནི་ཞིབ་ཚགས་ཀྱི་སྡེབ་སྐྱེལ་ཞབས་ཞུ་བྱེད་སྟངས་ཤིག་ཡིན།

རིགས་དབྱེ།  

ལག་རྩལ་ཉེན་ཁ།

ལག་རྩལ་ཉེན་ཁ་ཞེས་པ་ནི་ཚན་རིག་ལག་རྩལ་གོང་དུ་འཕེལ་བ་དང་ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བར་འཇིགས་སྣང་སྐུལ་བའི་ཉེན་ཁ་ལ་ཟེར། དཔེར་ན་ཉིང་རྡུལ་འགྱེད་འཕྲོ་དང་མཁའ་རླུང་སྦགས་བཙོག འཛེར་སྒྲ་སོགས་ཡིན།

རིགས་དབྱེ།  

རྒྱལ་ཡོངས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་ལས་གཞི།

​“མཉམ་སྤྱོད་ལས་གྲྭ”ཡིས་དེང་རབས་ཀྱི་ལག་རྩལ་མཐོ་གསར་གྱི་བྱེད་ཐབས་གང་ལེགས་སྤྱད་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་རིང་བསགས་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་སྣ་ཚོགས་ཀྱི་སྙིང་བཅུད་དང་དེ་བཞིན་མང་ཚོགས་ཀྱི་འཚོ་བ་དང་ཉེ་བའི་དེང་རབས་སྤྱི་ཚོགས་རིག་གནས་ཆ་འཕྲིན་ཐོན་ཁུངས་ལ་གྲངས་འཛིན་ཅན་གྱི་ལས་སྣོན་ཐག་གཅོད་དང་སྡེབ་སྒྲིག་བྱ་རྒྱུ་དང་། འཕྲིན་སྦྲེལ་དྲ་བའི་ཐོག་གི་ཀྲུང་ཧྭའི་རིག་གནས་ཆ་འཕྲིན་ལྟེ་གནས་དང་དྲ་བའི་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུ་མ་ཟད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཡོད་ཚད་དང་ས་ཁུལ་དང་རྫོང་མང་ཆེ་བ་དང་དེ་བཞིན་ཞང་དང་གྲོང་རྡལ་དང་ཁྲོམ་གཞུང་ཁ་ཤས་ལ་ཁྱབ་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་དྲ་བའི་བརྒྱུད་གཏོང་མ་ལག་བརྒྱུད་གཏོང་བྱེད་པར་བརྟེན་ནས་ཕུལ་བྱུང་རིག་གནས་ཆ་འཕྲིན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མཉམ་སྐྲུན་མཉམ་སྤྱོད་ཐུབ་པ་བྱ་དགོས།

རིགས་དབྱེ།  

རྒྱ་མཚོའི་ཐོན་ལས་ཀྱི་སྤྱིའི་ཐོན་འབོར།

རྒྱ་མཚོའི་ཐོན་ལས་ཀྱི་སྤྱིའི་ཐོན་འབོར་ནི་སྤྱི་ལོ2008ལོར་ཁྱབ་བསྒྲགས་བྱས་པའི་ཐོན་ཁུངས་ཚན་རིག་ལག་རྩལ་གྱི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

སྒྲིག་ཆས་འདེམས་དབྱིབས།

སྒྲིག་ཆས་འདེམས་དབྱིབས་ཞེས་པ་ནི་འཛུགས་སྐྲུན་བྱེད་རྩིས་ཡོད་པའི་རྣམ་གྲངས་ཀྱི་ཐོན་སྐྱེད་ནུས་པ་དང་ལག་རྩལ་ཇུས་གཞི་གཞིར་བཟུང་ནས་སྒྲིག་ཆས་ཀྱི་བཟོ་དབྱིབས་དང་ཚད་གཞི་གཏན་འཁེལ་བྱེད་པ་ལ་ཟེར། སྒྲིག་ཆས་འདེམས་དབྱིབས་བྱེད་པ་ནི་ལག་རྩལ་གྱི་ཇུས་གཞི་དང་འབྲེལ་བ་དམ་ཟབ་ཡོད་པས་དེ་གཉིས་གཅིག་རམ་གཅིག་འདེགས་ཡིན། སྔོན་ཐོན་གྱི་ལག་རྩལ་འཆར་གཞི་མེད་ན། སྔོན་ཐོན་གྱི་སྒྲིག་ཆས་ཀྱིས་འདོན་འོས་པའི་ནུས་པ་འདོན་དཀའ་བ་དང་། སྔོན་ཐོན་གྱི་སྒྲིག་ཆས་མེད་ན་སྔོན་ཐོན་གྱི་ལག་རྩལ་ཡང་མངོན་འགྱུར་བྱེད་མི་ཐུབ། ཡིན་ནའང་ཁེར་རྐྱང་དུ་ལག་རྩལ་མི་ཐོབ་ཐབས་མེད་ཡིན་པའི་གནས་ཚུལ་འོག སྒྲིག་ཆས་འདེམས་དབྱིབས་ནི་ལག་རྩལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས།

རིགས་དབྱེ།  

ས་གཤིས་གནོད་འཚེ་སྔོན་བརྡ་གཏོང་བའི་མ་ལག

ཅིན་ཞིན་ཧྲི་ས་གཤིས་གནོད་འཚེ་སྔོན་བརྡ་གཏོང་བའི་མ་ལག་ལ་ས་གཤིས་གནོད་འཚེ་སྔོན་འགོག་ཚོད་འཛིན་གྱི་ཆ་འཕྲིན་མ་ལག་ཀྱང་ཟེར་ཞིང་། བསྡུས་མིང་ལ“ས་གཤིས་གནོད་འཚེ་སྔོན་བརྡ་གཏོང་བའི་མ་ལག”ཟེར།

རིགས་དབྱེ།  

གློག་རྡུལ་ཚོང་དོན་མཁན།

གློག་རྡུལ་ཚོང་དོན་མཁན་ཞེས་པ་ནི་རྩིས་འཁོར་ལག་རྩལ་དང་དྲ་རྒྱའི་ལག་རྩལ་སྤྱད་དེ་ཆེད་ལས་ཀྱི་དྲ་རྒྱའི་ཚོང་དོན་ལས་སྟེགས་སོགས་དེང་རབས་ཆ་འཕྲིན་ལག་རྩལ་ལ་བརྟེན་ནས་ཚོང་པ་དང་སྐུ་མགྲོན་ནམ་ཡང་ན་ཚོང་པ་དང་ཚོང་པའི་དབར་ཚོང་དོན་བྱེད་སྒོ་སྣ་ཚོགས་སམ་ཡང་ན་འབྲེལ་ཡོད་ལས་དོན་སྤེལ་རོགས་བྱེད་མཁན་ལ་ཟེར།

རིགས་དབྱེ།  

ཆ་འཕྲིན་གྱི་བྱེད་ནུས།

ཆ་འཕྲིན་གྱིས་འཁུར་བའི་ལས་འགན་དང་འདོན་སྤེལ་བྱེད་པའི་ནུས་པ་ཡིན། ཆ་འཕྲིན་ལ་རང་བྱུང་དང་སྤྱི་ཚོགས་ཀྱི་ཕྱོགས་གཉིས་ཀྱི་ནུས་པ་ཡོད།

རིགས་དབྱེ།  

ཚན་རྩལ་ཞབས་ཞུ།

ཚན་རྩལ་ཞབས་ཞུ་ནི་སྤྱི་ཚོགས་རྩ་འཛུགས་སམ་ཡང་ན་ཁོངས་མིས་ཕན་ཚུན་སྟབས་བདེ་འདོན་སྤྲོད་བྱེད་པའི་བྱ་འགུལ་རིགས་ཤིག་ཡིན། དེའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་དོན་དངོས་དང་སྣང་ཚུལ་གཉིས་ཟུང་འབྲེལ་བྱེད་བཞིན་ཡོད་པས་ཚན་རིག་གི་གྲུབ་འབྲས་དེ་གནད་དོན་དངོས་ཐག་གཅོད་བྱེད་པའི་གོ་རིམ་ནང་བེད་སྤྱོད་བྱེད་བདེ་བོ་ཡོད།

རིགས་དབྱེ།  

ལག་རྩལ་མཐོ་བའི་གླིང་ཁུལ།

དེ་ནི་ལག་རྩལ་མཐོ་བའི་ཐོན་ལས་གཅིག་སྡུད་བྱེད་པའི་ས་ཁོངས་ཤིག་ཡིན། རྒྱལ་ཁབ་མང་བོ་ཞིག་ཏུ་ལག་རྩལ་མཐོ་བའི་གླིང་ཁུལ་དེ་སྲིད་གཞུང་གིས་ལག་རྩལ་མཐོ་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དམིགས་འཛུགས་བྱས་པའི་དམིགས་བསལ་ས་ཁོངས་ལ་ཟེར་བ་དང་། ས་ཁོངས་དེར་སླེབས་པའི་ཁེ་ལས་ཀྱིས་ཚད་གཞི་ངེས་ཅན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་ཡིན།

རིགས་དབྱེ།  

འཕྲུལ་གློག་ལག་རྩལ་སློབ་གསོ།

ཆེད་ལས་འདི་འཕྲུལ་ཆས་ཇུས་འགོད་དང་། བཟོ་སྐྲུན། གློག་རིག་པ་སོགས་འཕྲུལ་གློག་ལག་རྩལ་གྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ཤེས་བྱ། གཞི་རྩའི་ནུས་རྩལ་བཅས་ལྡན་པ་དང་། ཚན་རིག་སློབ་གསོའི་རིགས་པའི་གཞུང་ལུགས་དང་སློབ་ཁྲིད་བྱེད་ཐབས་ཁོང་དུ་ཆུད་པ། སློབ་མཐར་ཕྱིན་རྗེས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གླིང་དུ་འཕྲུལ་གློག་ལག་རྩལ་ཆེད་ལས་སློབ་ཁྲིད་ལས་ཀ་བྱེད་ཐུབ་པའི་དགེ་རྒན་དང་། དེ་བཞིན་འཕྲུལ་གློག་ལག་རྩལ་ཁྱབ་ཁོངས་ནང་གི་ཇུས་འགོད་བཟོ་སྐྲུན་དང་། ཐོན་རྫས་གསར་སྤེལ་དང་ཁྱབ་གདལ། ཐོན་སྐྱེད་གཉེར་སྐྱོང་དོ་དམ་བཅས་བྱེད་ཐུབ་པའི་ཉེར་སྤྱོད་རྣམ་པའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཡོད།

རིགས་དབྱེ།  

རླངས་འཁོར་ཞབས་ཞུའི་ལས་གྲྭ།

རླངས་འཁོར་ཞབས་ཞུའི་ལས་གྲྭའི་ཆེད་ལས་ནི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཤིག་ཡིན་ཞིང་། འཕྲུལ་ཆས་རིགས་ཀྱི་ཆེད་ལས་ཁོངས་སུ་གཏོགས་པ་དང་། སློབ་ཡུན་ལོ་བཞི་ཡིན་པས་བཟོ་རིག་པའི་ཤེས་རམས་པའི་བསླབ་གནས་སྤྲོད་ཀྱིན་ཡོད། སྤྱི་ལོ2012ལོར་རླངས་འཁོར་ཞབས་ཞུའི་ལས་གྲྭའི་ཆེད་ལས་དེ《མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག》ནང་དངོས་སུ་བཀོད་ཡོད།

རིགས་དབྱེ།  

རྒྱན་བཟོའི་རྒྱུ་ཆ།

རྒྱན་བཟོའི་རྒྱུ་ཆ་ལ་ཁག་གཉིས་སུ་དབྱེ་ཡོད་དེ། ཁག་གཅིག་ནི་ཁང་པའི་ཕྱིའི་རྒྱུ་ཆ་དང་། ཁག་གཅིག་ནི་ཁང་པའི་ནང་གི་རྒྱུ་ཆ་ཡིན། ཁང་པའི་ནང་གི་རྒྱུ་ཆ་ལ་དངོས་རྫས་ཀྱི་རྒྱུ་ཆ་རིགས་མི་འདྲ་བ་དྲུག་ཡོད།

རིགས་དབྱེ།  

ས་གཞི་ཚད་འཇལ་རིག་པ།

ས་གཞིའི་ཚད་འཇལ་རིག་པ་ནི་དུས་ཚོད་ངེས་ཅན་ཞིག་དང་བར་སྟོང་དཔྱད་གཞིའི་མ་ལག་ཁྲོད་དུ། སའི་གོ་ལའི་དབྱིབས་དང་ལྗིད་ཤུགས་ར་བ་ཚད་འཇལ་དང་རི་མོ་འབྲི་བར་མ་ཟད། དེའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། མིའི་རིགས་ཀྱི་བྱ་འགུལ་ལ་སའི་གོ་ལའི་བར་སྟོང་ཆ་འཕྲིན་འདོན་སྤྲོད་བྱེད་པའི་རིག་ཚན་ཞིག་ཡིན་ལ། ཐིག་ལེན་རིས་འབྲིའི་ཚན་རིག་ལག་རྩལ་ཡོད་ཚད་ཀྱི་རྨང་གཞི་ཡང་ཡིན།

རིགས་དབྱེ།  

འབར་གས་སྔོན་འགོག་བདེ་སྲུང་བྱེད་ཐབས།

འབར་སླ་བའི་རླངས་གཟུགས་དང་། འབར་སླ་བའི་རླངས་པ། འབར་སླ་བའི་ཐལ་རྡུལ་དང་ཉེན་ཁ་ཡོད་པའི་རྫས་འགྱུར་དངོས་རྫས་སོགས་འབར་གས་ཉེན་ཁ་ཡོད་པའི་དངོས་པོའམ་མཉམ་བསྲེས་དངོས་པོ་སྔོན་འགོག་བྱེད་ཆེད་ཡིན།

རིགས་དབྱེ།