དགུ་ཚིགས་ལས་གཞི།

དགུ་ཚིགས་ལས་གཞི་ནི་རླུང་ཁམས་ཆེན་མོའི་བར་སྟོང་གི་ཡུལ་ཁོངས་བརྒལ་བའི་ཆུ་འདྲེན་པའི་རྣམ་པར་གོ།

རིགས་དབྱེ།  

ཞིང་ཁའི་གཞི་རྩའི་འཛུགས་སྐྲུན།

ཞིང་ཁའི་གཞི་རྩའི་འཛུགས་སྐྲུན་ནི་ཞིང་ལས་ཐོན་སྐྱེད་གོང་དུ་སྤེལ་བའི་ཆེད་དུ་ས་ཞིང་ཐོག་ཏུ་ལས་གྲྭའི་བྱེད་ཐབས་སམ་སྐྱེ་དངོས་ཀྱི་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་ཐད་ཡུན་རིང་ཕན་འབྲས་ཐོན་ཐུབ་པའི་སྒྲིག་བཀོད་གསར་སྐྲུན་བྱ་དགོས། རང་བྱུང་བེད་སྤྱོད་དང་བསྒྱུར་བཀོད་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་གོང་དུ་སྤེལ་བ། ཐོན་ཚད་བརྟན་པོ་དང་ཐོན་ཚད་མཐོ་བ་མངོན་འགྱུར་བྱེད་པ། ཞིང་ས་བསྒྱུར་བཀོད་དང་འཛུགས་སྐྲུན་བྱེད་པར་སྤྱད་པའི་བྱེད་ཐབས་ཀྱི་སྤྱི་མིང་ཡིན།

རིགས་དབྱེ།  

ཐོན་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས།

​ཐོན་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་ནི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ལག་བསྟར་དོན་འཁྱོལ་བྱེད་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ཅིག་ཡིན། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་། ཕན་ནུས་ཆེ་བ། འཁོར་རྒྱུག་བེད་སྤྱོད། སྲུང་སྐྱོང་ནུས་ལྡན་དང་ཚབ་བྱེད་བཅས་བརྒྱུད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་འཚམ་པ་དང་། སྦགས་བཙོག་དངོས་པོའི་ཐོན་ཚད་ཆེས་ཆུང་བ་ཅན་དུ་འགྱུར་བ་མ་ཟད། བེད་མེད་དངོས་པོ་གནོད་མེད་ཅན་དུ་བསྒྱུར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་ཟེར། ཐོན་ཁུངས་གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། གྲོན་ཆུང་ངང་འཕེལ་རྒྱས་གཏོང་བ་དང་། དྭངས་གཙང་ངང་འཕེལ་རྒྱས་གཏོང་བ། བདེ་འཇགས་ངང་འཕེལ་རྒྱས་གཏོང་བ་བཅས་མངོན་འགྱུར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཀྱང་ཡིན།

རིགས་དབྱེ།  

བཟོ་གྲྭ་ཅན་གྱི་གསོ་སྤེལ།

བཟོ་གྲྭ་ཅན་གྱི་གསོ་སྤེལ་ནི་ཁང་པའི་ནང་གི་རྫིང་བུའི་ནང་སྔོན་ཐོན་གྱི་འཕྲུལ་ཆས་དང་གློག་རྡུལ་སྒྲིག་ཆས་སྤྱད་དེ་གསོ་སྤེལ་ཆུའི་དྲོད་ཚད་དང་། འོད་འཕྲོ། དབྱང་ཞུ་འགྱུར་གྱི་ཚད། pHརིན་ཐང་། ཉ་ཟན་འཇོག་ཚད་སོགས་ཚོད་འཛིན་བྱས་ཏེ་འདུས་ཚད་མཐོ་བ་དང་ཐོན་ཚད་མཐོ་བའི་གསོ་སྤེལ་བྱེད་སྟངས་ཤིག་ཡིན།

རིགས་དབྱེ།  

ཆུ་ཐོན་རིགས་ཀྱི་ཆེད་ལས།

ཆུ་ཐོན་རིགས་ཀྱི་ཆེད་ལས་ནི་སྲོག་ཆགས་ཚན་རིག་ཁྱབ་ཁོངས་ནས་དབྱེ་བའི་ཆེད་ལས་ཤིག་ཡིན་པ་དང་། མཐོ་རིམ་སློབ་གྲྭ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་དཀར་ཆག(སྤྱི་ལོ2020ལོའི་པར་གཞི)གཞིར་བཟུང་། གཙོ་བོར090601ཆུ་ཐོན་གསོ་སྤེལ་རིག་པ་དང་། 090602རྒྱ་མཚོའི་ཉ་ལས་ཚན་རིག་དང་ལག་རྩལ། 090603Tཆུའི་རིགས་ཀྱི་ཚན་རིག་དང་ལག་རྩལ། 090604TKཆུ་ཐོན་སྲོག་ཆགས་གསོ་རིག་བཅས་ཆེད་ལས་བཞི་ཚུད་ཡོད་པ་རེད།

རིགས་དབྱེ།  

ཆུ་ཐོན་གསོ་སྤེལ་རིག་པའི་ཆེད་ལས།

ཆེད་ལས་འདིས་ཆུ་ཐོན་སྲོག་ཆགས་དང་རྩི་ཤིང་གསོ་སྤེལ། ནད་ཡམས་བརྟག་དཔྱད་དང་འགོག་བཅོས། འཚོ་བཅུད་དང་གཟན་ཆག་སོགས་ཐད་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། ཤེས་བྱ། རྩལ་ནུས་བཅས་ཁོང་དུ་ཆུད་པ་བྱས་ཏེ། ཆུ་ཐོན་གསོ་སྤེལ་ཐོན་སྐྱེད་དང་སློབ་གསོ། ཚན་ཞིབ། དོ་དམ་སོགས་སྡེ་ཚན་དུ་ཆུ་ཐོན་གསོ་སྤེལ་ལག་རྩལ་ཁྱབ་གདལ་དང་། ཚན་ཞིབ་སློབ་ཁྲིད། གཉེར་སྐྱོང་དོ་དམ་སོགས་ཀྱི་ལས་ཀ་བྱེད་ཐུབ་པའི་མཉམ་བསྲེས་རྣམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱིན་ཡོད།

རིགས་དབྱེ།  

ཉ་རིགས་གསོ་སྤེལ།

ཉ་ཡི་སྐྱེ་འཕེལ་དང་གསོ་སྐྱོང་། ཉ་རིགས་གསོ་སྤེལ་ལ་ཆུ་ཐོན་གསོ་སྤེལ་དང་ཉ་གསོ(aquaculture,fish farming) ཉ་གསོའི་ལས་རིགས(pisciculture)བཅས་ཀྱང་ཟེར། ཟས་རིགས་མཁོ་སྤྲོད་དང་། ཉ་འཛིན་ཁུལ་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་ལ་གལ་འགངས་ཆེན་པོ་ཡོད། ཉ་རིགས་གསོ་སྤེལ་བྱས་པ་བརྒྱུད་རིགས་རྒྱུད་མང་པོ་ཞིག་བདེ་བླག་ངང་ས་ཁོངས་གསར་པར་ནང་འདྲེན་བྱས་པ་རེད།

རིགས་དབྱེ།  

རགས་ལས་གསོ་སྤེལ།

རགས་ལས་གསོ་སྤེལ་ནི་སྤྱི་ལོ2002ལོའི་རྒྱལ་ཡོངས་ཚན་རིག་ལག་རྩལ་གྱི་ཐ་སྙད་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆུ་ཐོན་གྱི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

ཕྱེད་ལེགས་བསྡུས་ཞིབ་གཉེར་གསོ་སྤེལ།

ཕྱེད་ལེགས་བསྡུས་ཞིབ་གཉེར་གྱི་གསོ་སྤེལ་ནི་སྤྱི་ལོ2002ལོར་ཁྱབ་བསྒྲགས་བྱས་པའི་ཆུ་ཐོན་གྱི་ཐ་སྙད་ཅིག་རེད།

རིགས་དབྱེ།  

རིམ་མང་གསོ་སྤེལ།

རིམ་མང་གསོ་སྤེལ་ནི་གསོ་སྤེལ་བྱེད་ཐབས་ཤིག་ཡིན།

རིགས་དབྱེ།  

རྫིང་བུའི་གསོ་སྤེལ།

རྫིང་བུའི་གསོ་སྤེལ་ཞེས་པ་ནི་རྫིང་བུར་བརྟེན་ནས་ཆུ་སྐྱེས་དཔལ་འབྱོར་གྱི་སྲོག་ཆགས་དང་རྩི་ཤིང་གི་ཐོན་སྐྱེད་བྱེད་སྟངས་ལ་ཟེར། རྫིང་བུ་ནི་མཚེའུ་ལས་ཆུང་བའི་ཆུ་གཟུགས་ལ་ཟེར།

རིགས་དབྱེ།  

གཏན་སྒམ།

གཏན་སྒམ་ནི་སྤྱི་ལོ2002ལོར་ཁྱབ་སྒྲོག་བྱས་པའི་ཆུ་ཐོན་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

གསོ་སྤེལ་ལག་རྩལ།

གསོ་སྤེལ་ལག་རྩལ་གྱི་ཁོངས་སུ་གསོ་བ་དང་སྤེལ་བ(ཆུ་ཐོན་སྲོག་ཆགས་དང་རྩི་ཤིང)ཚུད་ཡོད། གསོ་སྤེལ་ལག་རྩལ་ཁྲོད་དུ་ཕག་གསོ་སྤེལ་ལག་རྩལ་དང་། སྒོ་ཕྱུགས་གསོ་སྤེལ་ལག་རྩལ། ཆུ་ཐོན་སྲོག་ཆགས་དང་རྩི་ཤིང་གསོ་སྤེལ་ལག་རྩལ། དམིགས་བསལ་གསོ་སྤེལ་ལག་རྩལ་བཅས་རིགས་ཆེན་པོ་འགའ་ཚུད་ཡོད།

རིགས་དབྱེ།  

སྨྱུག་མ་བཙུགས་ནས་མྱུ་གུ་འཐུ་བ།

སྨྱུག་མ་བཙུགས་ནས་མྱུ་གུ་འཐུ་བ་ནི་ཆུ་ཐོན་རིག་པའི་ཐ་སྙད་ཅིག་ཡིན།

རིགས་དབྱེ།  

རྨ་འདྲེན་ཡུར་ཆེན།

དེ་ནི་ཞོན་ཧྭ་རྫོང་མཁར་གྱི་ནུབ་ཕྱོགས་སུ་ཡོད་ཅིང་། རྫོང་གི་མངའ་ཁོངས་སུ་ཆེས་རིང་བའི་མིས་བཟོས་ཡུར་ཆེན་ཞིག་ཡིན།

རིགས་དབྱེ།  

མི་རེའི་ཆ་སྙོམས་ཀྱི་ཆུའི་ཐོན་ཁུངས་ཚད།

མི་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་བཟུང་ཚདaverage per capita water resourcesནི་ས་ཁུལ་ཞིག་གི(འབབ་རྒྱུད)ཁྲོད་དུས་སྐབས་གཅིག་གི་མི་འབོར་ལས་མི་རེས་ཆ་སྙོམས་ཀྱིས་བཟུང་བའི་ཆུའི་ཐོན་ཁུངས་ལ་ཟེར།

རིགས་དབྱེ།  

བེད་སྤྱོད་རུང་བའི་ཆུའི་ཐོན་ཁུངས།

བེད་སྤྱོད་རུང་བའི་ཆུའི་ཐོན་ཁུངས་ཞེས་པ་ནི་ལག་རྩལ་ཐད་སྤྱོད་གོ་ཆོད་པ་དང་དཔལ་འབྱོར་ཐད་ལུགས་མཐུན་ཡིན་པའི་གནས་ཚུལ་འོག ལས་གྲྭའི་བྱ་ཐབས་ལ་བརྟེན་ནས་སྙོམས་སྒྲིག་བེད་སྤྱོད་ཐུབ་པར་མ་ཟད་འགན་ལེན་བྱེད་ཚད་ངེས་ཅན་ཡོད་པའི་ཆུའི་ཐོན་ཁུངས་ཀྱི་ཚད་གཞི་དེ་ལ་ཟེར། དེ་རང་བྱུང་གི་ཆུའི་ཐོན་ཁུངས་ལས་ཉུང་།

རིགས་དབྱེ།