སྲོག་ཆགས་གླིང་ག

སྲོག་ཆགས་གླིང་ག་ནི་སྲོག་ཆགས་རྣམ་པ་སྣ་ཚོགས་འཚོལ་སྡུད་དང་གསོ་སྐྱོང་བྱས་ནས་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པ། མི་དམངས་ལ་བལྟ་རུ་འཇུག་པ་དང་ཚན་རིག་ཁྱབ་བརྡལ་དང་དྲིལ་བསྒྲགས་བྱས་ནས་མི་རྣམས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་གནང་བའི་གནས་གཞི་ཞིག་ཡིན། སྲོག་ཆགས་གླིང་ག་ལ་ཁྱད་ཆོས་གཉིས་ཡོད་དེ། གཅིག་ནི་རི་སྐྱེས་སྲོག་ཆགས་གསོ་སྐྱོང་དང་དོ་དམ་བྱེད་པ་དང་། གཉིས་ནི་མི་དམངས་ལ་སློབ་གསོ་གཏོང་བ་ཡིན། གོང་གི་ཁྱད་ཆོས་འདི་གཉིས་འཛོམས་པ་ནི་སྒྲ་ཡངས་འཇུག་གི་སྲོག་ཆགས་གླིང་ག་ཡིན་ལ། དེའི་ཁོངས་སུ་ཆུར་གནས་སྲོག་ཆགས་གླིང་དང་ཆེད་རིགས་སྲོག་ཆགས་གླིང་ག་སོགས་ཀྱི་རྣམ་པ་འདུ། སྒྲ་དོག་འཇུག་གི་སྲོག་ཆགས་གླིང་ག་ནི་གྲོང་ཁྱེར་སྲོག་ཆགས་གླིང་ག་དང་རི་སྐྱེས་སྲོག་ཆགས་གླིང་ག་ལ་གོ་བ་ཡིན། སྲོག་ཆགས་གླིང་གའི་ནུས་པ་ནི་རི་སྐྱེས་སྲོག་ཆགས་ལ་ཕྱོགས་བསྡུས་ཀྱི་སྲུང་སྐྱོབ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་གཏོང་བ་ཡིན།

རིགས་དབྱེ།  

ཁོར་ཡུག་ཏུ་མི་འབོར་སོས་ཚད།

སླ་མོའི་སྒོ་ནས་བཤད་ན། ཁོར་ཡུག་ཏུ་མི་འབོར་སོས་ཚད་ཅེས་པ་ནི་རྒྱལ་ཁབ་དང་ས་ཁུལ་ག་གེ་མོ་ཞིག་གི་ཁོར་ཡུག་གིས་ཐེག་ཐུབ་པའམ་ཡང་ན་ཤོང་ཐུབ་པའི་ཆེས་མང་བའི་མི་གྲངས་ལ་ཟེར་བ་ཡིན་ཞིང་། དེར་ཁོར་ཡུག་གི་ཐེག་ནུས་ཀྱང་ཟེར།

རིགས་དབྱེ།  

གསང་སྤྱོད་གསར་བརྗེ།

གསང་སྤྱོད་གསར་བརྗེ་ནི་དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྤྱོད་ཁང་བསྒྱུར་བཀོད་བྱེད་པའི་བྱེད་ཐབས་ཤིག་ཡིན། ཆེས་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པས་བཏོན། གསང་སྤྱོད་ནི་ཤེས་དཔལ་བསྡུར་ཞིབ་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་ཞིང་། གསང་སྤྱོད་འཕྲོད་བསྟེན་གྱི་གནས་ཚུལ་ལེགས་སུ་གཏོང་རྒྱུ་དེ་རྒྱལ་ཁབ་དེ་དག་གི་མི་དམངས་ཀྱི་བདེ་ཐང་དང་ཁོར་ཡུག་གི་གནས་ཚུལ་ལ་ཐད་ཀར་འབྲེལ་བ་ཡོད། སྤྱི་ལོ2017ལོའི་ཟླ11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ཁོངས་གཏོགས་ཀྱིས“གསང་སྤྱོད་གསར་བརྗེའི”ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་པའི་ཕན་འབྲས་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། འདི་ནི་སྤྱི་ཁྱབ་ཧྲུའུ་ཅིས་ལོ་གསུམ་རིང“གསང་སྤྱོད་གསར་བརྗེ”ལ་མཛུབ་སྟོན་གལ་ཆེན་གནང་ཐེངས་གཉིས་པ་རེད།

རིགས་དབྱེ།  

འཛམ་གླིང་ཁོར་ཡུག་ཞིབ་འཇུག་ཁང་།

འཛམ་གླིང་ཁོར་ཡུག་ཞིབ་འཇུག་ཁང(GEI)ནི་ཀྲུང་གོའི་སྲིད་གཞུང་མིན་ལ་ཁེ་སྤོགས་རང་བཞིན་ཡང་མིན་པའི་ལས་ཁུངས་ཤིག་ཡིན་པ་དང་། GEIཡི་དམིགས་ཡུལ་ནི་ཁྲོམ་ར་ཕྱོགས་སྟོན་དུ་བཟུང་ནས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཚོགས་དང་། ཁོར་ཡུག དཔལ་འབྱོར་བཅས་མཉམ་དུ་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱ་རྒྱུ་དེ་ཡིན།

རིགས་དབྱེ།  

མཚོ་དཔོན་ལམ་ལུགས།

“མཚོ་དཔོན་ལམ་ལུགས”ནི་མཚོའི་རིམ་པ་མཐོ་ཤོས་ཀྱི་མཚོ་དཔོན་གྱིས་འགན་འཁུར་བ་དང་པོའི་འགན་འཁུར་ནས་མཚེའུ་དོ་དམ་སྲུང་སྐྱོང་གི་སྤྱིའི་འགན་འཁུར་དགོས་པ་དང་། རིམ་པ་ཁག་གི་མཚོ་དཔོན་གྱིས་ཁོངས་གཏོགས་ཁུལ་གྱི་མཚོའི་དོ་དམ་སྲུང་སྐྱོང་ལ་ཐད་ཀའི་འགན་འཁྲི་འཁུར་དགོས་ཤིང་། ལས་བགོས་ལྟར་མཚོའི་དོ་དམ་སྲུང་སྐྱོང་ལས་དོན་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་དགོས། རྫོང་རིམ་པ་དང་དེའི་ཡན་གྱི་མཚོ་དཔོན་གྱིས་དེ་མཚུངས་ཀྱི་མཚོའི་འོག་རིམ་གྱི་མཚོ་དཔོན་ལ་དཔྱད་ཞིབ་སྒྲིག་འཛུགས་བྱེད་འགན་འཁུར་ནས་དཔྱད་ཞིབ་བྱས་འབྲས་དེ། ས་གནས་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་གི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། མཚོ་དཔོན་ལམ་ལུགས་ནི“ཆུ་དཔོན་ལམ་ལུགས”ཀྱི་རྨང་གཞིའི་སྟེང་དུས་ཐོག་དང་དགོས་ངེས་ཀྱིས་ཁ་གསབ་བྱས་པ་ཞིག་ཡིན་པ་དང་། དེ་ནི་བདེ་ཐང་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པར་སྐུལ་འདེད་གཏོང་བར་ཕན་པ་དང་། འབབ་རྒྱུད་ཁྲོད་ཀྱི་སྤྱི་ཚོགས་དཔལ་འབྱོར་བྱེད་སྒོའི་བྱེད་པོའི་བར་གྱི་མཉམ་སྐྲུན་འབྲེལ་བ་འཛུགས་པར་ཕན་ཐོགས་ཡོད་ལ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མ་ཞུགས་པའི་དོ་དམ་ལམ་ལུགས་དང་འཁོར་སྐྱོད་ལམ་སྲོལ་ཞིག་ཆགས་པར་བྱས་ཏེ། རིམ་བཞིན་རྒྱལ་ཡོངས་སུ་ཁྱབ་གདལ་དུ་གཏོང་དགོས།

རིགས་དབྱེ།  

ཁོར་སྲུང་རས་ཁུག

ཁོར་སྲུང་རས་ཁུག་ལ་ཁོར་སྲུང་དང་། སྤྱོད་ཡུན་རིང་བ། གྲོན་ཆུང་ཡིན་པ། དར་སྲོལ་ཆེ་བ་བཅས་ཀྱི་ཁྱད་ཆོས་ལྡན། རས་ཁུག་འདིའི་རིགས་དུས་ཡུན་རིང་པོར་ཡང་ཡང་བེད་སྤྱོད་བྱེད་ཆོག་པ་དང་། དེའི་འཁྲུད་ཆས་ལས་བྱུང་བའི་སྦགས་བཙོག་ཀྱང་འགྱིག་ཤོག་ཉོ་ཁུག་དོར་རྗེས་ཀྱི་སྦགས་བཙོག་ལས་མངོན་གསལ་གྱིས་དམའ་བ་ཡོད་པས། ཁོར་ཡུག་དང་ས་རྒྱུ་ལ་སྦགས་བཙོག་ཐེབས་པ་ཇེ་ཉུང་དུ་བཏང་བ་དང་ཁོར་སྲུང་ལ་ཕན་ཐོགས་ཡོད།

རིགས་དབྱེ།  

ཁོར་སྲུང་གི་ཕྱག་མཛོད་པ།

“ཁོར་སྲུང་གི་ཕྱག་མཛོད་པ”ཞེས་པ་ནི“གན་རྒྱའི་ཁོར་ཡུག་ཞབས་ཞུ”ཞིག་ཡིན་ལ། གསར་དར་གྱི་ཁོར་ཡུག་སྦགས་བཙོག་བཅོས་སྐྱོང་བྱེད་པའི་ཚོང་ལས་ཀྱི་རྣམ་པ་གསར་པ་ཞིག་ཀྱང་ཡིན།

རིགས་དབྱེ།  

ཁོར་སྲུང་གི་རིམ་པ།

ཁོར་སྲུང་གི་རིམ་པ་ནི་རྒྱུན་པར་ཆོན་ཀ་པའི་ཕྱིར་གཏོང་ཚད་བཀག་གི་རིམ་པ་ལ་ཟེར་ཞིང་། དེའི་ནང་དུ་ཁོར་སྲུང་གི་རིམ་པ “རིམ་པ F★★★★”དང་།“རིམ་པ E0”“ རིམ་པ E1”“ རིམ་པ E2”སོགས་འདུས་ཡོད།

རིགས་དབྱེ།  

ཁོར་སྲུང་བདེན་དཔང་ར་སྤྲོད།

ཁོར་སྲུང་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་ནི་ཀྲུང་གོའི་སྤུས་ཚད་བདེན་དཔང་ར་སྤྲོད་ལྟེ་གནས་ཀྱིས་སྤེལ་བའི་རང་མོས་རང་བཞིན་གྱི་ཐོན་རྫས་བདེན་དཔང་ར་སྤྲོད་ལས་སྒོའི་གྲས་ཤིག་ཡིན་པ་དང་།“ཀྲུང་གོའི་ཁོར་སྲུང་ཐོན་རྫས་ཀྱི་བདེན་དཔང་ར་སྤྲོད་བྱེད་པའི”མཚོན་རྟགས་བསྣན་པའི་བྱེད་ཐབས་ཐོག་ནས་ཐོན་རྫས་དེ་འབྲེལ་ཡོད་ཁོར་སྲུང་གི་བདེན་དཔང་ར་སྤྲོད་ཀྱི་བླང་བྱ་དང་མཐུན་པ་མཚོན་ཡོད། བདེན་དཔང་ར་སྤྲོད་ཁྱབ་ཁོངས་དེ་སྦགས་བཙོག་འགོག་བཅོས་ཀྱི་སྒྲིག་ཆས་དང་། ཁྱིམ་ཆས། ཨར་ལས་རྒྱུ་ཆ། ཡང་བའི་བཟོ་ལས་སོགས་ཁོར་ཡུག་གི་ཕན་ཡོད་ཐོན་རྫས་དང་འབྲེལ་བ་ཡོད་པ་རེད། དེའི་དམིགས་ཡུལ་ནི་ཁོར་སྲུང་གི་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་ཁོར་ཡུག་གི་ཕན་ཡོད་ཐོན་རྫས་ཐོན་སྐྱེད་དང་བེད་སྤྱོད་ཁྱབ་གདལ་གཏོང་བ་དང་། སྡོད་གནས་ཁོར་ཡུག་དང་རང་བྱུང་ཁོར་ཡུག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། རང་བྱུང་ཁོར་ཡུག་འཁོར་རྒྱུག་བཟང་པོ་དང་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་དེ་རེད།

རིགས་དབྱེ།  

ཁོར་སྲུང་འགྱིག་ཁུག

ཁོར་སྲུང་འགྱིག་ཁུག་ནི་སྐྱེ་དངོས་སྣ་ཚོགས་ཀྱི་འགྱིག་ཁུག་འབེབས་བྱེད་པའི་བསྡུས་མིང་ཡིན་ཞིང་། ཚན་རྩལ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་འགྱིག་ཤོགPEགི་ཚབ་བྱེད་ཆོག་པའི་རྒྱུ་ཆ་སྣ་ཚོགས་ཐོན་པ་དེའི་ནངPLAདངPHAs, PBA, PBSསོགས་འདུས་རྡུལ་མཐོ་བའི་རྒྱུ་ཆ་ཚུད་ཡོད་ལ། ཚང་མས་སྲོལ་རྒྱུན་གྱི་འགྱིག་ཤོག་གི་ཚབ་བྱེད་ཐུབ།

རིགས་དབྱེ།  

ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་གཟིགས།

ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་སྐོར་གཟིགས་ནི་ཁོར་ཡུག་སྲུང་སྐྱོང་སྐོར་ཞིབ་ལས་ཀ་ནང་དོན་དུ་བྱེད་པའི་ལས་དོན་ཞིག་ཡིན།

རིགས་དབྱེ།  

ཏཱ་པུའུ་སུའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཏཱ་པུའུ་སུའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཅི་ལིན་ཞིང་ཆེན་ཆན་ཨན་རྫོང་གི་ལྷོ་ནུབ་རྒྱུད་དུ་གནས་པ་དང་། རྫོང་མཁར་དང་བར་ཐག་སྤྱི་ལེ35ཡོད་པའི་མཚམས་སུ་ཡོད། སུང་ལིའོ་བདེ་ཐང་གི་ནུབ་རྒྱུད་ཀྱི་ལྟེ་གནས་སུ་ཆགས་ཡོད་པ་དང་། ནེན་ཅང་གཙང་པོ་དང་ལིའོ་ཧུ་ཆུ་བོའི་བར་གྱི་རྒྱ་ཆེ་བའི་བཞུར་རྒྱུན་ཁུལ་དུ་གནས་ཡོད། སྤྱི་ལོ1993ལོར་རང་བྱུང་སྲུང་སྐྱོབ་ཁུལ་བཙུགས་པ་དང་། སྤྱི་ལོ2005ལོའི་ཟླ8པར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་སྤར་བ་རེད། སྲུང་སྐྱོང་བྱ་ཡུལ་ནི་ས་གཤིས་རྗེས་ཤུལ་དང་གནའ་བོའི་སྐྱེ་དངོས་ཀྱི་རྗེས་ཤུལ། འདམ་རའི་སྣོད་བཅུད་མ་ལག་དང་རྩ་ཆེའི་འདབ་ཆགས་ཀྱི་རིགས་བཅས་ཡིན་པ་རེད།

རིགས་དབྱེ།  

ཅི་ལིན་ཧུའེ་ཁྲུན་བྱང་ཤར་སྟག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཅི་ལིན་ཧུའེ་ཁྲུན་བྱང་ཤར་སྟག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཅི་ལིན་ཞིང་ཆེན་མཐའ་མཚམས་ཀྱི་ཁྲའོ་ཞན་རིགས་རང་སྐྱོང་ཁུལ་ཧུའེ་ཁྲུན་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། ཤར་དུ་ཨུ་རུ་སུའི་མཚོ་འགྲམ་མཐའ་མཚམས་ཁུལ་གྱི་པཱ་སི་ཝེ་ཡཱ་དང་། པོ་ལོ་སི་ཝེ་ཁུ་སོགས་སྟག་གཟིག་སྲུང་སྐྱོབ་ཁུལ་གཉིས་དང་ཧཱ་སང་འདམ་རའི་སྲུང་སྐྱོབ་ཁུལ་དང་འབྲེལ་ཡོད། ས་ཁམས་གནས་ཚད་ནི་གཞུང་ཐིག་ཤར་མ130º14′08″~131º14′44″དང་། བྱང་གི་འཕྲེད་ཐིག42º24′40″~43º28′00″དུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ཆིང108700ཟིན་པའི་ནང་ལྟེ་བའི་ཁུལ་སྤྱི་ཆིང50536དང་། བར་ཆོད་ཁུལ་སྤྱི་ཆིང40571 ཚོད་ལྟ་ཁུལ་ལ་སྤྱི་ཆིང17593བཅས་ཡོད་པ་དང་འབྲེལ་སྲུང་སྐྱོབ་ཁུལ་གྱི་བྱང་རྒྱུད་དུ་ཕྱི་སྐོར་སྲུང་སྐྱོབ་ཁུལ་སྤྱི་ཆིང41778བཙུགས་ཡོད་པ་རེད། ཅི་ལིན་ཧུའེ་ཁྲུན་བྱང་ཤར་སྟག་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོབ་བྱ་ཡུལ་གཙོ་བོ་ནི་བྱང་ཤར་སྟག་དང་། གཟིག དེ་བཞིན་འཚོ་གནས་བྱ་ཡུལ་ཡིན་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གཏོགས་པ་རེད།

རིགས་དབྱེ།  

ཅི་ལིན་ཁྲ་ཀན་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཅི་ལིན་ཁྲ་ཀན་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཅི་ལིན་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་པ་དང་། ཧུའོ་ལིན་གཙང་པོའི་མཐའ་སྣེ་དང་ནུན་ཅང་གཙང་པོའི་འབྲེལ་མཚམས་སུ་གནས། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི506.84ཡོད་པ་དང་། གཙོ་བོ་སུང་ཡོན་གྲོང་ཁྱེར་ཆན་ཀུའོ་ཨེར་ལུའོ་སི་སོག་རིགས་རང་སྐྱོང་རྫོང་ཁོངས་སུ་ཡོད་པ་དང་། ཅི་ལིན་ཁྲ་ཀན་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཐན་པ་ཕྱེད་ཙམ་གྱི་ས་ཁུལ་གྱི་མཚེའུ་ཡི་ཆུ་སྐྱེས་སྣོད་བཅུད་མ་ལག་དང་། འདམ་རའི་སྣོད་བཅུད་མ་ལག བདག་ཏུ་མ་བཟུང་བའི་རྩ་ཆེའི་བྱ་རིགས་བཅས་སྲུང་སྐྱོབ་བྱ་ཡུལ་གཙོ་བོར་བྱས་ཡོད། སྤྱི་ལོ2007ལོར་ཁྲ་ཀན་མཚེའུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར་པ་དང་། ཁྲ་ཀན་མཚེའུ་ཡང་ཀྲུང་གོའི་ཆུ་བེད་སྡེ་ཚན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་དེ་ཡིན།

རིགས་དབྱེ།  

ཉི་ཧུ་ཝན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཉི་ཧུ་ཝན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཧོ་པེ་ཞིང་ཆེན་དབྱང་ཡོན་རྫོང་དང་། ཝེ་རྫོང་། ཧྲན་ཞི་ཞིང་ཆེན་གྱི་ཡན་པེ་ས་ཁུལ་དུ་གནས། རྒྱ་ཁྱོན་སྤྱི་ཆིང1015ཡོད། སྲུང་སྐྱོབ་ཁུལ་ནང་ལོ་ཁྲི200ནས300བར་གོང་གི་རིམ་པ་བཞི་པའི་ཚད་ལྡན་ས་རིམ་ཡོད་ལ། ཉི་ཧུ་ཝན་གྱི་ས་གཤིས་རྗེས་ཤུལ་ནི་ཧོ་པེ་ཀྲང་ཅཱ་ཁོའུ་དབྱང་ཡོན་དང་ཝེ་རྫོང་གི་རྒྱུད་དུ་ཁྱབ་ཡོད། པེ་ཅིང་དང་བར་ཐག་སྤྱི་ལེ100ལྷག་ཡོད། འདི་རུ་འོ་འཐུང་སྲོག་ཆགས་ཀྱི་འགྱུར་རྡོ་ཕུན་སུམ་ཚོགས་པ་དང་རྡོ་ཆས་རྙིང་པའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་རྗེས་ཤུལ་འབོར་ཆེན་ཡོད།

རིགས་དབྱེ།  

ཏཱ་ཧའེ་ཐུའོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཏཱ་ཧའེ་ཐུའོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་རྒྱལ་ས་པེ་ཅིང་གི་ནུབ་བྱང་དང་། ཧོ་པེ་ཞིང་ཆེན་ཁྲི་ཁྲེང་རྫོང་གི་ལྷོ་ནུབ་ཏུ་གནས། པེ་ཅིང་དང་བར་ཐག་སྤྱི་ལེ100ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ཆིང11224.9ཡོད། སྲུང་སྐྱོབ་ཁུལ་དེ་ནི་རི་ཁུལ་ནགས་ཚལ་སྣོད་བཅུད་མ་ལག་གི་རིགས་ཤིག་ཡིན་པ་དང་རང་རྒྱལ་གྱི་ཧྭ་པེ་ས་ཁུལ་གྱི་སྔོ་ཁེབས་རང་བཞིན་དང་སྐྱེ་དངོས་སྲུང་སྐྱོབ་ཁུལ་ཡིན།

རིགས་དབྱེ།  

སྤྱི་ཚོགས་འཚོ་བའི་འཛེར་སྒྲ།

སྤྱི་ཚོགས་འཚོ་བའི་འཛེར་སྒྲ་ནི་མིའི་བྱེད་སྒོ་ལས་བྱུང་བའི་བཟོ་ལས་ཀྱི་འཛེར་སྒྲ་དང་། ཨར་ལས་ཀྱི་འཛེར་སྒྲ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་འཛེར་སྒྲ། དེ་མིན་ཉེ་འཁོར་གྱི་འཚོ་བའི་ཁོར་ཡུག་ལ་གནོད་སྐྱོན་བཟོ་བའི་སྒྲ་བཅས་ལ་ཟེར།

རིགས་དབྱེ།  

སྡེ་ཁུལ་གྱི་འཛེར་སྒྲའི་སྦགས་བཙོག

སྡེ་ཁུལ་གྱི་འཛེར་སྒྲའི་སྦགས་བཙོག་ཅེས་པ་ནི་སྡེ་ཁུལ་གྱི་སྡོད་དམངས་ཀྱིས་འཚོ་བ་དང་ཐོན་སྐྱེད་བྱེད་སྒོའི་ཁྲོད་མི་རྣམས་ཀྱི་སློབ་སྦྱོང་དང་། ལས་ཀ ངལ་གསོ་བཅས་ལ་འགོག་རྐྱེན་བཟོས་ཏེ་མིའི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་བཏང་བ་མ་ཟད། ཧྥུན་པེ་ངེས་ཅན་ལས་བརྒལ་བའི་དྲག་ཚད་མཐོ་བའི་སྐད་སྒྲ་ལ་ཟེར།

རིགས་དབྱེ།  

སྐྱེ་ཁམས་ཐོན་རྫས།

སྐྱེ་ཁམས་ཐོན་རྫས་ཞེས་པ་ནི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་། སྐྱེ་ཁམས་སྙོམས་སྒྲིག་བྱེད་ནུས་འགན་སྲུང་། མིའི་འཚོ་གནས་ཁོར་ཡུག་ལེགས་པོ་འདོན་སྤྲོད་བཅས་བྱེད་པའི་རང་བྱུང་རྒྱུ་རྐྱེན་གཙོ་བོར་ཟེར།

རིགས་དབྱེ།  

བསྐྱར་དུ་བེད་སྤྱོད།

བེད་མེད་དངོས་རྫས་ཐད་ཀར་ཐོན་རྫས་སུ་བྱས་པའམ་ཡང་ན་ཉམས་གསོ་དང་། གསར་སྒྱུར། བསྐྱར་བཟོ་བཅས་བྱས་རྗེས་མུ་མཐུད་དེ་ཐོན་རྫས་སུ་བྱས་ནས་བེད་སྤྱོད་བྱེད་པའམ་ཡང་ན་བེད་མེད་དངོས་རྫས་ཡོངས་རྫོགས་སམ་ཆ་ཤས་ཐོན་རྫས་གཞན་དག་གི་ལྷུ་ལག་ཏུ་བྱས་ནས་བེད་སྤྱོད་བྱེད་པར་ཟེར། བསྐྱར་དུ་བེད་སྤྱོད་བྱ་རྒྱུ་ནི་འཁོར་སྐྱོད་དཔལ་འབྱོར་གྱི་ནང་དོན་གལ་ཆེན་ཞིག་ཡིན། སྤྱི་ལོ2008ལོའི་ཟླ8པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རེས་འཁོར་དཔལ་འབྱོར་སྐུལ་སྤེལ་ཁྲིམས》ནང“གློག་ཆས་དང་གློག་རྡུལ་ཐོན་རྫས་དང་། བེད་མེད་དུ་སྐྱུར་བའི་འཕྲུལ་སྒུལ་འཁོར་ལོ་དང་གྲུ་གཟིངས། བེད་མེད་འགྱིག་འཁོར། ཞ་སྐྱུར་གློག་རྫས་སོགས་དམིགས་བསལ་ཐོན་རྫས་བཤིག་པའམ་བསྐྱར་དུ་བེད་སྤྱོད་བྱེད་པར་འབྲེལ་ཡོད་བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་དགོས”ཞེས་གཏན་འབེབས་བྱས་ཡོད།“གློག་ཆས་དང་གློག་རྡུལ་གྱི་ཐོན་རྫས་ཚུར་བསྡུས་རིགས་ཉམས་གསོ་བྱས་རྗེས་ཕྱིར་ཚོང་བྱེད་རིགས་བསྐྱར་སྤྱོད་ཐོན་རྫས་ཀྱི་ཚད་གཞི་དང་མཐུན་དགོས་པ་མ་ཟད། མངོན་གསལ་ཆེ་སར་བསྐྱར་སྤྱོད་ཐོན་རྫས་མཚོན་དགོས”

རིགས་དབྱེ།  

ཀོང་ཞི་ཁྲུང་ཙུའོ་སྤྲེའུ་གཙུག་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཀོང་ཞི་ཁྲུང་ཙུའོ་སྤྲེའུ་གཙུག་དཀར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཀྲུང་གོའི་ལྷོ་ནུབ་རྒྱུད་ཀྱི་ཀོང་ཞི་ཁྲུང་ཙུའོ་གྲོང་ཁྱེར་ཅང་ཀྲོའུ་ཆུས་དང་ཧྥུའུ་སུའེ་རྫོང་གི་མངའ་ཁོངས་སུ་གནས་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ75ཙམ་ཡོད་པ་དང་ལྷོ་བྱང་གི་ཞེང་ཚད་སྤྱི་ལེ48ཙམ་ཡོད། སྤྱི་ལོ2017ལོའི་ཟླ12པར་སློབ་གསོ་པུའུ་ཡི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི་མིང་ཐོར་ནང་བདམས། སྤྱི་ལོ2021ལོའི་ཟླ2པའི་ཚེས5ཉིན་ཀྲུང་གོ་ནགས་ཚལ་སློབ་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་ཁག་ལྔ་པའི་ནགས་ཚལ་དང་རྩྭ་ཐང་ཚན་རིག་ཁྱབ་གདལ་རྟེན་གཞིར་བདམས།

རིགས་དབྱེ།  

ཡཱ་ཁྲང་ལན་ཁུ་རྩི་ཤིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཡཱ་ཁྲང་ལན་ཁུ་རྩི་ཤིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་པའེ་སེ་གྲོང་ཁྱེར་ལེ་ཡེ་རྫོང་གི་མངའ་ཁོངས་སུ་ཡོད་པ་དང་། ཤར་གྱི་གཞུང་ཐིག106°11ˊ31"—106°27ˊ04"དང་། བྱང་གི་འཕྲེད་ཐིག 24°44ˊ16"—24°53ˊ58"བར་དུ་གནས། སྤྱིའི་རྒྱ་ཁྱོན་སྤྱི་ཆིང22062ཡོད་པ་དེ་ནི་ཀྲུང་གོའི་སྣ་མའི་རྩི་ཤིང་སྲུང་སྐྱོབ་བྱ་ཡུལ་དུ་བྱས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དང་པོ་ཡིན་པ་དང་། ལན་ཁུ་རྩི་ཤིང44ཡི་ཁོངས་སུ་གཏོགས་པའི་རྩི་ཤིང་རིགས115ཡོད།

རིགས་དབྱེ།  

ཨུན་ཁྲེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཨུན་ཁྲེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་སྤྱི་ལོ1980ལོར་བཙུགས་པ་དང་། སྲུང་སྐྱོབ་ཁུལ་ནང་རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་གི་གྲངས་འབོར་མང་པོ་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་རིགས28དང་། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོབ་སྐྱེ་དངོས་རིགས11ཡོད།

རིགས་དབྱེ།  

ཏཱ་ཀྲོའུ་ཏའོ་རྒྱལ་ཁབ་རིམ་པའི་རྒྱ་མཚོའི་སྐྱེ་ཁམས་རང་བྱུང་སྲུང་སྐྱོབ་ཁུལ།

ཏཱ་ཀྲོའུ་ཏའོ་རྒྱལ་ཁབ་རིམ་པའི་རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་ནི་ཧའེ་ནན་གླིང་ཕྲན་གྱི་ཤར་ངོས་མཚོ་རྒྱུད་དུ་གནས་པ་དང་། ཤར་གྱི་གཞུང་ཐིག 110°27′~110°31′དང་། བྱང་གི་འཕྲེད་ཐིག 18°38.8′~18°41.4′བར་དུ་གནས། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ70ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ལོ1990ལོའི་ཟླ9པར་ཆོག་མཆན་བཀོད་ནས་བཙུགས་པའི་རྒྱལ་ཁབ་རིམ་པའི་རྒྱ་མཚོའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ཡིན།

རིགས་དབྱེ།  

ཀོང་ཞི་ཡོན་པའོ་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཀོང་ཞི་ཡོན་པའོ་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་རུང་ཧྲུའེ་མིའོ་རིགས་རང་སྐྱོང་རྫོང་གི་ཁོངས་སུ་གནས་པ་དང་། ཤར་གྱི་གཞུང་ཐིག109°07′48″-109°12′00″བར་དང་། བྱང་གི་འཕྲེད་ཐིག25°19′12″-25°27′36″བར་དུ་གནས། སྤྱིའི་རྒྱ་ཁྱོན་སྤྱི་ཆིང4220.7ཡོད། ཀོང་ཞི་ཡོན་པའོ་ཧྲན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི་ནགས་ཚལ་རྩི་ཤིང་ཐོན་ཁུངས་དང་། ཆུའི་ཐོན་ཁུངས། རྩ་ཆེའི་ཤིང་རིགས་བཅས་ཡིན་པ་དང་། ནགས་ཚལ་སྐྱེ་ཁམས་མ་ལག་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་ཞིག་ཡིན།

རིགས་དབྱེ།  

ཆི་ཁྲུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཆི་ཁྲུང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་རང་རྒྱལ་ལྷོ་རྒྱུད་ས་ཁུལ་གྱི་ནགས་ཚལ་སྣོད་བཅུད་མ་ལག་གི་རིགས་ཆ་ཚང་བ་དང་། ད་ལྟ་གནས་པའི་གདོད་མའི་རང་བཞིན་གྱི་ནགས་ཚལ་ཉར་ཚགས་ཡག་ཤོས་དང་རྒྱ་ཁྱོན་ཆེ་ཙམ་གྱི་ས་ཁོངས་ཤིག་ཡིན། སྲུང་སྐྱོབ་ཁུལ་གྱི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང14336.3ཡོད་པའི་ནང་ལྟེ་བའི་ཁུལ་གྱི་སྤྱི་ཆིང4826.5ཟིན་ཡོད། སྤྱི་ལོ2013ལོའི་ཟླ12པའི་ཚེས18ཉིན་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ཀྲའོ་ཕིང་རྫོང་ཆི་ཁྲུང་རང་བྱུང་སྲུང་སྐྱོབ་ཁུལ་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་གིས་དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད་ནས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་རིམ་སྤོར་བྱས།

རིགས་དབྱེ།  

ཧའེ་ནན་ཏུང་ཀྲའེ་གྲུ་ཁ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཧའེ་ནན་ཏུང་ཀྲའེ་གྲུ་ཁ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན་ཞིང་། ཧའེ་ནན་ཞིང་ཆེན་ཆུང་ཧྲན་རྫོང་དུ་གནས་པ་དང་། ཤར་གྱི་གཞུང་ཐིག110°32'-110°37'དང་། བྱང་གི་འཕྲེད་ཐིག19°57'-20°01'བར་དུ་གནས། སྤྱིའི་རྒྱ་ཁྱོན་སྤྱི་ཆིང3337.6ཡོད།

རིགས་དབྱེ།  

ཧའེ་ནན་ཐུང་ཀུའུ་ལིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཧའེ་ནན་ཐུང་ཀུའུ་ལིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད་ཀྱི་ཝུན་ཁྲང་གྲོང་ཁྱེར་ལུང་ལིའུ་གྲོང་རྡལ་གྱི་མངའ་ཁོངས་སུ་གནས་པ་དང་། དེ་ནི་མཚོ་ཁོངས་དང་སྐམ་སའི་ས་ཁོངས་ཀྱི་སྐྱེ་ཁམས་མ་ལག་མི་འདྲ་བའི་ཕྱོགས་བསྡུས་རྣམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན།

རིགས་དབྱེ།  

ཏཱ་ཐེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།

ཏཱ་ཐེན་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནི་ཧའེ་ནན་ཞིང་ཆེན་ནུབ་རྒྱུད་ཤར་ཕྱོགས་གྲོང་ཁྱེར་གྱི་མངའ་ཁོངས་སུ་གནས་པ་དང་། གྲོང་ཁུལ་དང་བར་ཐག་སྤྱི་ལེ12ཡོད། ཤར་གྱི་གཞུང་ཐིག108.47~108°49’དང་། བྱང་གི་འཕྲེད་ཐིག19°05’~19°17’བར་དུ་གནས། རྒྱ་མཚོའི་ངོས་ལས་མཐོ་ཚད30~80mབར་ཡིན་པ་དང་རྒྱ་ཁྱོན་སྤྱི་ཆིང1314ཙམ་ཡོད།

རིགས་དབྱེ།  

ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད།

ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་ནི་ཕན་ཚུན་འབྲེལ་བ་ཡོད་པའི་ལྗང་མདོག་བར་སྟོང་དྲ་རྒྱ་ཞིག་ལ་ཟེར་བ་དང་། དེ་ནི་ཡངས་འབྱེད་བར་སྟོང་དང་རང་བྱུང་ས་ཁོངས་སྣ་ཚོགས་ལས་གྲུབ་པ་ཞིག་ཡིན་ཞིང་། དེའི་ནང་ལྗང་མདོག་དང་། འདམ་ར། ཆར་ཆུའི་མེ་ཏོག་ལྡུམ་ར། ནགས་ཚལ། ཡུལ་གྱི་སྔོ་ཁེབས་སོགས་ཚུད་ཡོད། རྒྱུ་རྐྱེན་དེ་དག་གིས་ཕན་ཚུན་འབྲེལ་བ་དང་གཅིག་གྱུར་དམ་ཚགས་ཀྱི་དྲ་རྒྱའི་མ་ལག་ཅིག་གྲུབ་ཡོད། མ་ལག་དེས་རི་སྐྱེས་སྲོག་ཆགས་གནས་སྤོ་དང་སྣོད་བཅུད་བརྒྱུད་རིམ་ལ་འགོ་འཛུགས་ས་དང་མཐའ་སྣེ་མཁོ་འདོན་བྱེད་ཐུབ་པ་དང་། མ་ལག་རང་ངོས་ཀྱིས་དྲག་ཆར་དོ་དམ་བྱས་ནས་ཆུ་ལོག་གི་གནོད་འཚེ་ཉུང་དུ་གཏོང་ཐུབ་པ་དང་། ཆུའི་སྤུས་ཚད་ལེགས་སུ་གཏོང་བ། གྲོང་ཁྱེར་གྱི་དོ་དམ་མ་གནས་གྲོན་ཆུང་ཐུབ་པ་བཅས་བྱེད་ཀྱིན་ཡོད་པ་རེད།

རིགས་དབྱེ།