ཁོར་ཡུག་ཏུ་མི་འབོར་སོས་ཚད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁོར་ཡུག་ཏུ་མི་འབོར་སོས་ཚད།
སླ་མོའི་སྒོ་ནས་བཤད་ན། ཁོར་ཡུག་ཏུ་མི་འབོར་སོས་ཚད་ཅེས་པ་ནི་རྒྱལ་ཁབ་དང་ས་ཁུལ་ག་གེ་མོ་ཞིག་གི་ཁོར་ཡུག་གིས་ཐེག་ཐུབ་པའམ་ཡང་ན་ཤོང་ཐུབ་པའི་ཆེས་མང་བའི་མི་གྲངས་ལ་ཟེར་བ་ཡིན་ཞིང་། དེར་ཁོར་ཡུག་གི་ཐེག་ནུས་ཀྱང་ཟེར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
环境人口容量
1 གོ་དོན།

སླ་མོའི་སྒོ་ནས་བཤད་ན། ཁོར་ཡུག་ཏུ་མི་འབོར་སོས་ཚད་ཅེས་པ་ནི་རྒྱལ་ཁབ་དང་ས་ཁུལ་ག་གེ་མོ་ཞིག་གི་ཁོར་ཡུག་གིས་ཐེག་ཐུབ་པའམ་ཡང་ན་ཤོང་ཐུབ་པའི་ཆེས་མང་བའི་མི་གྲངས་ལ་ཟེར་བ་ཡིན་ཞིང་། དེར་ཁོར་ཡུག་གི་ཐེག་ནུས་ཀྱང་ཟེར།

2 མཚན་ཉིད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་རྩ་འཛུགས་ཀྱིས་ཁོར་ཡུག་ཏུ་མི་འབོར་སོས་ཚད་ཅེས་པར་མཚན་ཉིད་བཞག་པ་འདི་ལྟ་སྟེ། རྒྱལ་ཁབ་ཅིག་དང་ས་ཁུལ་ཞིག་གི་ཁོར་ཡུག་ཏུ་མི་འབོར་སོས་ཚད་ནི། མ་འོངས་སྔོན་མཐོང་བྱེད་ཐུབ་པའི་དུས་ཡུན་ནང་དུ། ཡུལ་དེ་གའི་ཐོན་ཁུངས་དང་དེ་མིན་ཐོན་ཁུངས་གཞན་པ་དང་བློ་རིག་ལག་རྩལ་སོགས་ཀྱི་ཆ་རྐྱེན་བཀོལ་ནས། སྤྱི་ཚོགས་རིག་གནས་ཀྱི་ཚད་གཞི་དང་འཚམ་པའི་དངོས་པོའི་འཚོ་བའི་ཆུ་ཚད་ཀྱི་ཆ་རྐྱེན་ལ་ཁག་ཐེག་བྱེད་ཐུབ་པའི་སྟེང་ནས། རྒྱལ་ཁབ་དེ་དང་ཡང་ན་ས་ཁུལ་དེས་རྒྱུན་མཐུད་ནས་གསོ་ཐུབ་པའི་མི་འབོར་གྱི་གྲངས་ཀ་དེ་ཡིན།

3 རྒྱུ་རྐྱེན།

གོང་གསལ་གྱི་མཚན་ཉིད་ལས། ས་ཁུལ་ཞིག་གི་ཁོར་ཡུག་ཏུ་མི་འབོར་སོས་ཚད་ལ་རྒྱུ་རྐྱེན་མང་བོ་ཞིག་གིས་ཚོད་འཛིན་ཐེབས་ཡོད་པ་རྟོགས་ཐུབ། དེ་ལས་ཐོན་ཁུངས་དང་ལག་རྩལ་འཕེལ་བའི་ཆུ་ཚད། ས་ཁུལ་དེ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་དང་། དེ་མིན་མི་འབོར་གྱི་རིག་གནས་དང་འཚོ་བའི་འཛད་སྤྱོད་ཀྱི་ཆུ་ཚད་བཅས་ཀྱིས་ཁོར་ཡུག་ཏུ་མི་འབོར་སོས་ཚད་ཤུགས་རྐྱེན་ཐེབས་པ་ཆེས་ཆེ་བ་ཡིན། ཐོན་ཁུངས་ནི་ཁོར་ཡུག་ཏུ་མི་འབོར་སོས་ཚད་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། མིའི་རིགས་ཀྱི་འཚོ་གནས་དེ་ཚད་ཆེས་ཆེ་བའི་སྟེང་ནས་ཐོན་ཁུངས་ཀྱི་གནས་བབ་རག་ལས་ཡོད་ཅིང་། ཐོན་ཁུངས་ཇི་ལྟར་ཕུན་སུམ་ཚོགས་ན་མི་གྲངས་སོས་ཚད་དེ་ལྟར་མང་།མིའི་རིགས་ལ་ཐོན་ཁུངས་ཐོབ་པའི་གྲངས་ཀ་དེ་ཚན་རྩལ་འཕེལ་རྒྱས་ཀྱི་ཆུ་ཚད་དང་འབྲེལ་བ་དམ་པོ་ཡོད། ཚན་རྩལ་གྱི་ཆུ་ཚད་ཇེ་མཐོར་སོང་ན། མིའི་རིགས་ཀྱིས་ཐོན་ཁུངས་གསར་རྙེད་དང་བདེ་སྤྱོད་བྱེད་པའི་ཐབས་ཤེས་དང་བྱེད་ཐབས་སོགས་ལ་འགྱུར་ལྡོག་འབྱུང་བ་ནི་སྨོས་མ་དགོས་པས། ཁོར་ཡུག་ཏུ་མི་འབོར་སོས་ཚད་ལའང་འགྱུར་ལྡོག་འབྱུང་ངེས། དཔེར་ན། གདོད་མའི་སྤྱི་ཚོགས་སུ། མིའི་རིགས་ཀྱིས་ཚན་རྩལ་ཤེས་བྱ་ཧ་ལམ་ཅི་ཡང་ཁོང་དུ་ཆུད་མེད་པས། ཐོན་ཁུངས་རྙེད་པར་ཚད་བཀག་ཆེན་པོ་ཡོད། དེར་བརྟེན་ཁོར་ཡུག་ཏུ་མི་འབོར་སོས་ཚད་ཀྱང་ཤིན་ཏུ་ཆུང་། ད་ལྟ་སའི་གོ་ལའི་སྟེང་དུ་མི་གྲངས་དུང་ཕྱུར་དྲུག་ཅུ་ལྷག་ཡོད་པ་ནི། གདོད་མའི་ཆ་རྐྱེན་འོག་ཏུ་དངོས་གནས་བློ་ཡིད་ལས་འགོངས་པ་ཞིག་རེད།

ས་ཁུལ་གྱི་སྒོ་འབྱེད་པའི་ཆུ་ཚད་ཀྱིས་ཁོར་ཡུག་ཏུ་མི་འབོར་སོས་ཚད་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད། གལ་ཏེ་ས་ཁུལ་ཞིག་བཀག་སྡོམ་བྱས་ན། དེའི་ཁོར་ཡུག་ཏུ་མི་འབོར་སོས་ཚད་ནི་གཙོ་བོ་ས་དེ་གའི་ཐོན་ཁུངས་སྣ་ཚོགས་དང་ཆ་རྐྱེན་གཞན་པར་རག་ལས་ཡོད་ཅིང་། ཚོད་འཛིན་ཅུང་ཆེན་པོ་ཡོད། གལ་ཏེ་ས་ཁུལ་དེས་ཕྱི་ཕྱོགས་སུ་སྒོ་ཕྱེས་ན། ཕྱིའི་ཐོན་ཁུངས་དང་གཞན་པའི་ཕན་ཡོད་ཆ་རྐྱེན་བཀོལ་བའི་རྐྱེན་གྱིས། ས་དེའི་མི་འབོར་གྱི་སོས་ཚད་བཀག་སྡོམ་བྱེད་སྐབས་ལས་ཆེས་ཆེར་མང་། མི་ནི་སྤྱི་ཚོགས་རང་བཞིན་གྱི་སྲོག་ཆགས་ཡིན་པས། མིའི་རིགས་ཀྱི་འཚོ་བར་བཟའ་བཏུང་ལ་སོགས་པའི་ལུས་ཁམས་ཕྱོགས་ཀྱི་དགོས་མཁོ་སྐོང་དགོས་པ་ལས་གཞན། ད་དུང་བསམ་པའི་འཚོ་བའི་ཐད་ཀྱི་དགོས་མཁོ་ཡང་སྐོང་དགོས། དུས་རབས་མི་འདྲ་བ་དང་ས་ཁོངས་མི་འདྲ་བའི་དབང་གིས་མི་འབོར་གྱི་རིག་གནས་དང་འཚོ་བའི་འཛད་སྤྱོད་ཀྱི་ཆུ་ཚད་ཀྱང་མི་འདྲ་བར་མ་ཟད། ད་དུང་སྤྱི་ཚོགས་འཕེལ་བ་དང་བསྟུན་ནས།མི་འབོར་གྱི་རིག་གནས་དང་འཚོ་བའི་འཛད་སྤྱོད་ཀྱི་ཆུ་ཚད་ལ་ཡང་བར་མ་ཆད་པར་འགྱུར་ལྡོག་འབྱུང་བཞིན་ཡོད། དེར་བརྟེན། འཛད་སྤྱོད་ཀྱི་ཆུ་ཚད་ཇི་ལྟ་བུཞིག་ངེས་གཏན་བྱེད་དགོས་པ་དེས། ཁོར་ཡུག་ཏུ་མི་འབོར་སོས་ཚད་ལ་ཤུགས་རྐྱེན་ཅུང་ཆེན་པོ་ཐེབས་ངེས། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-25

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།