སྲོག་ཆགས་གླིང་ག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྲོག་ཆགས་གླིང་ག
སྲོག་ཆགས་གླིང་ག་ནི་སྲོག་ཆགས་རྣམ་པ་སྣ་ཚོགས་འཚོལ་སྡུད་དང་གསོ་སྐྱོང་བྱས་ནས་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པ། མི་དམངས་ལ་བལྟ་རུ་འཇུག་པ་དང་ཚན་རིག་ཁྱབ་བརྡལ་དང་དྲིལ་བསྒྲགས་བྱས་ནས་མི་རྣམས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་གནང་བའི་གནས་གཞི་ཞིག་ཡིན། སྲོག་ཆགས་གླིང་ག་ལ་ཁྱད་ཆོས་གཉིས་ཡོད་དེ། གཅིག་ནི་རི་སྐྱེས་སྲོག་ཆགས་གསོ་སྐྱོང་དང་དོ་དམ་བྱེད་པ་དང་། གཉིས་ནི་མི་དམངས་ལ་སློབ་གསོ་གཏོང་བ་ཡིན། གོང་གི་ཁྱད་ཆོས་འདི་གཉིས་འཛོམས་པ་ནི་སྒྲ་ཡངས་འཇུག་གི་སྲོག་ཆགས་གླིང་ག་ཡིན་ལ། དེའི་ཁོངས་སུ་ཆུར་གནས་སྲོག་ཆགས་གླིང་དང་ཆེད་རིགས་སྲོག་ཆགས་གླིང་ག་སོགས་ཀྱི་རྣམ་པ་འདུ། སྒྲ་དོག་འཇུག་གི་སྲོག་ཆགས་གླིང་ག་ནི་གྲོང་ཁྱེར་སྲོག་ཆགས་གླིང་ག་དང་རི་སྐྱེས་སྲོག་ཆགས་གླིང་ག་ལ་གོ་བ་ཡིན། སྲོག་ཆགས་གླིང་གའི་ནུས་པ་ནི་རི་སྐྱེས་སྲོག་ཆགས་ལ་ཕྱོགས་བསྡུས་ཀྱི་སྲུང་སྐྱོབ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་གཏོང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
动物园
ཕྱི་ཡིག་གི་མིང་།
zoological garden
དབྱིན་ཡིག་གི་བསྡུས་མིང་།
ZOO
འོས་འགན།
ཕྱོགས་བསྡུས་ཀྱི་སྲུང་སྐྱོབ་དང་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ།
1 ངོ་སྤྲོད།

སྲོག་ཆགས་གླིང་ག་ནི་སྲོག་ཆགས་རྣམ་པ་སྣ་ཚོགས་འཚོལ་སྡུད་དང་གསོ་སྐྱོང་བྱས་ནས་ཚན་རིག་ཞིབ་འཇུག་དང་སྲུང་སྐྱོབ་བྱེད་པ། མི་དམངས་ལ་བལྟ་རུ་འཇུག་པ་དང་ཚན་རིག་ཁྱབ་བརྡལ་དང་དྲིལ་བསྒྲགས་བྱས་ནས་མི་རྣམས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་གནང་བའི་གནས་གཞི་ཞིག་ཡིན།  སྲོག་ཆགས་གླིང་ག་ལ་ཁྱད་ཆོས་གཉིས་ཡོད་དེ།  གཅིག་ནི་རི་སྐྱེས་སྲོག་ཆགས་གསོ་སྐྱོང་དང་དོ་དམ་བྱེད་པ་དང་།  གཉིས་ནི་མི་དམངས་ལ་སློབ་གསོ་གཏོང་བ་ཡིན། གོང་གི་ཁྱད་ཆོས་འདི་གཉིས་འཛོམས་པ་ནི་སྒྲ་ཡངས་འཇུག་གི་སྲོག་ཆགས་གླིང་ག་ཡིན་ལ།   དེའི་ཁོངས་སུ་ཆུར་གནས་སྲོག་ཆགས་གླིང་དང་ཆེད་རིགས་སྲོག་ཆགས་གླིང་ག་སོགས་ཀྱི་རྣམ་པ་འདུ།  སྒྲ་དོག་འཇུག་གི་སྲོག་ཆགས་གླིང་ག་ནི་གྲོང་ཁྱེར་སྲོག་ཆགས་གླིང་ག་དང་རི་སྐྱེས་སྲོག་ཆགས་གླིང་ག་ལ་གོ་བ་ཡིན།  སྲོག་ཆགས་གླིང་གའི་ནུས་པ་ནི་རི་སྐྱེས་སྲོག་ཆགས་ལ་ཕྱོགས་བསྡུས་ཀྱི་སྲུང་སྐྱོབ་དང་མི་དམངས་ལ་སྲུང་སྐྱོབ་བྱེད་དགོས་པའི་སློབ་གསོ་གཏོང་བ་ཡིན།

2 འོས་འགན། 

སྲོག་ཆགས་གླིང་གའི་འོས་འགན་གཙོ་བོ་ནི་རི་དྭགས་ལ་སྲུང་སྐྱོབ་བྱེད་པ་དང་མི་དམངས་ལ་སློབ་གསོ་གཏོང་བ་དེ་ཡིན།  མི་དམངས་ལ་ཞབས་ཞུ་སྒྲུབ་ནས་སྲོག་ཆགས་གླིང་གའི་སྤྱི་ཚོགས་སྤྱི་ཕན་ལས་དོན་གྱི་ནུས་པ་འདོན་སྤེལ་བྱེད་པ་ནི་སྲོག་ཆགས་གླིང་ག་སོ་སོ་འཚོ་གནས་བྱེད་པའི་རྩ་བ་ཡིན།  སྲོག་ཆགས་གླིང་གའི་སྲུང་སྐྱོབ་སློབ་གསོའི་བྱ་བ་ནི་དེང་གི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་གསར་བ་ཞིག་ཡིན་ལ།  དེའི་དམིགས་ཡུལ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་བསམ་བློ་དང་ལྟ་བ་བཀོལ་སྤྱོད་བྱས་ནས་མི་རྣམས་ལ་གོམས་གཤིས་ངན་པའི་འཚོ་བའི་བྱེད་ཐབས་དང་ལྟ་བ་བཅོས་བསྒྱུར་བྱེད་པར་རོགས་སྐྱོར་བྱེད་པ་ཡིན། 

3 ཁོར་ཡུག 

དུས་རབས་བཅུ་དགུ་པའི་དུས་མཇུག་ནས་བཟུང་།  ཡོ་རབ་གླིང་གིས་འོབས་དོང་དང་ཆུ་རྐ། ཤེལ་སྒོའི་གཟེབ་མ་སོགས་ཀྱིས་གྱང་གི་ཚབ་བྱས་ཏེ་གྱང་སྐོར་བ་ཡིན།  སྲོག་ཆགས་རིག་པའི་ཞིབ་འཇུག་བྱས་པ་གཏིང་ཇེ་ཟབ་ཏུ་སོང་བ་དང་རྒྱུ་ཆ་གསར་བ།  ལག་རྩལ་གསར་བ་ནང་འདྲེན་བྱས་པ་བརྒྱུད་ནས།  རང་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་རང་བྱུང་བཀོལ་སྤྱོད་བྱས་ཏེ་སྲོག་ཆགས་གླིང་ག་སླར་ཡང་སྒྲིག་བཀོད་བྱས་པ་རེད།  མི་རྣམས་ཀྱིས་རི་དྭགས་ལ་བལྟ་བར་སྟབས་བདེ་བྱེད་ཆེད།  རླངས་འཁོར་ལ་སོགས་པ་སྲོག་ཆགས་གླིང་གའི་ནང་དུ་སོང་ནས་བྱ་རིགས་དང་སྤྲེའུ་རིགས་སོགས་ལ་རེག་ཐུབ་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-24

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།