གློག་གཏོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་གཏོང་།
གློག་ཤུགས་ཁོངས་གཏོགས་སྤྱི་ཡོངས་བྱེད་ནུས་ཀྱི་གལ་ཆེའི་གྲུབ་ཆའི་ལྷུ་ཚིགས་ཤིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
输电
ཕྱི་ཡིག་གི་མིང་།
power transmission
1 ​གོ་དོན།

གློག་ནུས་ཀྱི་བརྒྱུད་འདྲེན་ནི་གློག་ཤུགས་ཁོངས་གཏོགས་སྤྱི་ཡོངས་ཀྱི་བྱེད་ནུས་ཀྱི་གལ་ཆེའི་གྲུབ་ཆའི་ལྷུ་ཚིགས་ཤིག་ཡིན། གློག་འདོན་བཟོ་གྲྭ་དང་གློག་ཤུགས་ཐེག་ཚད་ལྟེ་གནས་ཀྱི་ས་ཁུལ་མི་འདྲ་བ་ན་ཡོད་པ་རེད། ཆུ་ཤུགས་དང་རྡོ་སྲལ་སོགས་ནུས་ཁུངས་ཐོན་ཁུངས་ཀྱི་ཆ་རྐྱེན་འོས་ཤིང་འཚམ་པའི་ཡུལ་ནས་གློག་འདོན་བཟོ་གྲྭ་བཙུགས་ན་ལེགས། གློག་གཏོང་བ་བརྒྱུད་ནས་གློག་ནུས་ནི་གློག་འདོན་བཟོ་གྲྭ་དང་ཐག་རིང་བའི་ཐེག་ཚད་ལྟེ་གནས་སུ་བརྒྱུད་འདྲེན་བྱས་ཆོག

ད་དུང་གློག་ནུས་ཀྱི་གསར་སྤེལ་དང་བཀོལ་སྤྱོད་ནི་ས་ཁོངས་ལས་བརྒལ་བར་ཚོད་འཛིན་བྱས་ཡོད། དེ་ནི་ནུས་ཁུངས་གཞན་གྱིས་བརྒྱུད་འདྲེན་བྱེད་པའི་བྱེད་ཐབས་དང་བསྡུར་ན་གློག་གཏོང་ཟད་གྲོན་ཆུང་བ་དང་། ཕན་འབྲས་ཆེ་བ། སྟབས་བདེ་ཡིན་པ། སྙོམས་སྒྲིག་ཚོད་འཛིན་བྱེད་སླ་བ། ཁོར་ཡུག་སྦག་བཙོག་ཉུང་བ་བཅས་ཀྱི་དགེ་མཚན་ཆེན་པོ་ལྡན།

2 ངོ་སྤྲོད།

གློག་ནུས་ཀྱི་བརྒྱུད་འདྲེན་དང་གློག་སྒྱུར། གློག་བགོད་བཅས་ལས་གློག་ཤུགས་ཁོངས་གཏོགས་སྤྱི་ཡོངས་ཀྱི་བྱེད་ནུས་གྲུབ་ཐུབ། དེ་ནི་ནུས་ཁུངས་གཞན་གྱིས་བརྒྱུད་འདྲེན་བྱེད་པའི་བྱེད་ཐབས་དང་བསྡུར་ན་གློག་གཏོང་ཟད་གྲོན་ཆུང་བ་དང་། ཕན་འབྲས་ཆེ་བ། སྟབས་བདེ་ཡིན་པ། སྙོམས་སྒྲིག་ཚོད་འཛིན་བྱེད་སླ་བ། ཁོར་ཡུག་སྦག་བཙོག་ཉུང་བ་བཅས་ཀྱི་དགེ་མཚན་ཆེན་པོ་ལྡན།

གློག་འདྲེན་སྐུད་ལམ་གྱི་སྒྲིག་གཞིའི་རྣམ་པ་ལྟར་དབྱེ་ན། གནམ་དཔྱད་གློག་འདྲེན་སྐུད་ལམ་དང་ས་འོག་གློག་འདྲེན་སྐུད་ལམ།

གློག་གཏོང་གློག་རྒྱུན་གྱི་ངོ་བོ་ལྟར་ན། ཐད་རྒྱུག་གློག་གཏོང་དང་མཉམ་བསྲེས་གློག་གཏོང་། དུས་རབས19བའི་ལོ་རབས80བའི་སྐབས་སུ་ཐོག་མར་རྒྱལ་ཁའི་ངང་ཐད་རྒྱུག་གློག་གཏོང་མངོན་འགྱུར་བྱས་པ་དང་། རྗེས་སུ་གློག་གནོན་གྱིས་ཚོད་འཛིན་ཐེབས་ནས་དུས་རབས19བའི་དུས་མཇུག་ཏུ་མཉམ་བསྲེས་གློག་གཏོང་གིས་ཐད་རྒྱུག་གློག་གཏོང་གི་ཚབ་བྱས་པ་རེད། མཉམ་བསྲེས་གློག་གཏོང་གི་གྲུབ་འབྲས་ཀྱིས་དུས་རབས20བའི་གློག་ཤུགས་ཅན་གྱི་དུས་རབས་སུ་སླེབས་པར་རྨང་གཞི་བཏིངས།

གློག་གཏོང་གློག་གནོན་གྱི་མཐོ་དམའ་ནི་གློག་གཏོང་ལག་རྩལ་འཕེལ་རྒྱས་ཚད་གཞིའི་མཚོན་རྟགས་གཙོ་བོ་ཡིན། དེ་ནས་དུས་རབས20བའི་ལོ་རབས90བར་སླེབས་པ་ན། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སོ་སོའི་རྒྱུན་བཀོལ་གྱི་གློག་གཏོང་གློག་གནོན་ནི220kvམན་གྱི་མཐོ་གནོན་གློག་གཏོང་དང་། 330~765kvབར་གྱི་མཐོ་གནོན་གློག་གཏོང་ལས་བརྒལ་བ། 1000kvཡན་གྱི་ཆེས་མཐོ་གནོན་གློག་གཏོང་སོགས་གཙོ་བོ་ཡིན།

3 དབྱེ་བ།

གློག་གཏོང་གི་གློག་རྒྱུན་གྱི་ངོ་བོ་ལྟར་དབྱེ་ན། ཐད་རྒྱུག་གློག་གཏོང་དང་མཉམ་བསྲེས་གློག་གཏོང་། དུས་རབས19བའི་ལོ་རབས80བའི་སྐབས་སུ་ཐོག་མར་རྒྱལ་ཁའི་ངང་ཐད་རྒྱུག་གློག་གཏོང་མངོན་འགྱུར་བྱས། འོན་ཀྱང་ཐད་རྒྱུག་གློག་གཏོང་གི་གློག་གནོན་ལ་སྐབས་དེའི་ལག་རྩལ་ཆ་རྐྱེན་འོག་མུ་མཐུད་དུ་འཕེལ་རྒྱས་བྱེད་དཀའ་བ་བྱུང་བས། དུས་རབས19བའི་དུས་མཇུག་ཏུ་མཉམ་བསྲེས་གློག་གཏོང་གིས་ཐད་རྒྱུག་གློག་གཏོང་གི་ཚབ་བྱས་པ་དང་། མཉམ་བསྲེས་གློག་གཏོང་གི་གྲུབ་འབྲས་ཀྱིས་དུས་རབས20བ་ནི་གློག་ཤུགས་ཅན་གྱི་དུས་རབས་སུ་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིངས། མིག་སྔར་ཚང་མས་བཀོལ་སྤྱོད་བྱེད་བཞིན་པའི་གློག་གཏོང་ནི་ཚན་གསུམ་མཉམ་བསྲེས་གློག་གཏོང་ཡིན་ལ། འཁོར་ཤུགས་ཚད་ནི50HZཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-10-26

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།