ཨ་མོའི་མཁལ་གློག་འདོན་ས་ཚིགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་མོའི་མཁལ་གློག་འདོན་ས་ཚིགས་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཧུང་ཡོན་རྫོང་ཨ་མོ་ཡུལ་ཚོའི་མཁལ་ཁུག་གྲོང་ཚོ་རུ་གནས་ཡོད་པ་དང་། སྤྱི་ལོ1982ལོར་བཙུགས་ནས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར3×320ཡིན། གློག་འདོན་ས་ཚིགས་འདི་དང་ཨ་མོ་ཁོག་ཆུའི་གློག་འདོན་ས་ཚིགས་གཉིས་ཀྱིས་ཧུང་ཡོན་རྫོང་ཡོངས་ཀྱི་གློག་ནུས་མཁོ་འདོན་ལས་འགན་འཁུར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿木卡电站
བཙུགས་ལོ།
སྤྱི་ལོ1980ལོ།
1 ​ངོ་སྤྲོད།

སྤྱི་ལོ1980ལོར་སི་ཁྲོན་ཞིང་ཆེན་ཆུ་གློག་ཐིང་གིས་རེ་ཆུའི་མཁར་ན་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་པའི་འཆར་གཞི་བཀོད་མོད། འོན་ཀྱང་བཟོ་གྲྭ་འདི་ལས་ཡུན་རིང་དྲག་སོང་བ་དང་མ་འཇོག་ཆེ་དྲག་པས་ལག་བསྟར་བྱེད་མ་ཐུབ། དེའི་རྐྱེན་གྱིས་རྔ་བ་ཁུལ་ཆུ་བེད་གློག་ཤུགས་ཅུས་ཀྱི་རྩད་ཞིབ་ཐིག་ལེན་ཇུས་འགོད་རུ་ཁག་དང་ཧུང་ཡོན་རྫོང་ཆུ་བེད་གློག་ཤུགས་ཅུས་གཉིས་ཀྱིས་མཉམ་དུ་རྩད་ཞིབ་ཐིག་ལེན་ཇུས་འགོད་བྱས་ཏེ། གནས་ཡུལ་དེ་རྫོང་མཁར་ནས་སྤྱི་ལེ42ཡོད་པའི་ཨ་མོའི་མཁལ་དུ་བདམས། ཆུ་རགས་ནི་རྒྱབ་ན་ཡོད་པའི་རྣམ་པར་ཇུས་འགོད་བྱས་ཡོད་པ་དང་། སྒྲིག་སྦྱོར་བྱས་པའི་འཕྲུལ་ཆས་ནི་ཆན་ཝ3×320ཡིན། ཆུ་སྣེ་སྨི12.4ཇུས་འགོད་དང་། ཆུ་ཡུར་ནས་བཞུར་ཚད་ནི་སྐར་ཆ་རེར་སྨི་གྲུ་བཞི་ལྷམ་པ12ཡིན། སྔོན་དཔག་བྱས་པའི་མ་འཇོག་སྒོར་ཁྲི395ཡིན། ལས་གྲྭ་ནི་སྤྱི་ལོ1982ལོའི་ཟླ10བའི་ཚེས13ཉིན་ལས་འགོ་ཚུགས། སྤྱི་ལོ1984ལོའི་ཟླ7པའི་ཚེས23ཉིན་བཟོ་གྲྭ་ལེགས་འགྲུབ་བྱུང་། རྫོང་གློག་ནུས་ཀུང་སིས་དོ་དམ་བྱས་ཤིང་། སྤྱི་ལོ1984ལོའི་ཟླ4པའི་ཚེས30ཉིན་གློག་ཁང་སྒྲིག་སྦྱོར་བྱས་ཚར་པའི་འཕྲུལ་ཚན་ཨང་གཉིས་པ་དང་། གསུམ་པ་ཚོད་ལྟའི་འཁོར་སྐྱོད་བྱས།  

2 འཛུགས་སྐྲུན་བརྒྱུད་རིམ། 

སྤྱི་ལོ1982ལོའི་ཟླ10བར་ཨ་མོའི་མཁལ་གློག་འདོན་ས་ཚིགས་ལས་འགོ་ཚུགས་ཤིང་། ལས་འགོ་མ་ཚུགས་གོང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིབ་འཇུག་གྲོས་གཞི་ཐེངས་མང་བོ་བྱས་ཏེ། ལས་ཡུལ་གྱི་འགོ་ཁྲིད་ཚན་ཁག་བཙུགས་ནས་སོ་སོའི་ལས་འགན་ཁ་གསལ་བྱས་ཡོད། བཀོད་འདོམས་དཔོན་པོ་གཅིག་དང་བཀོད་འདོམས་དཔོན་པོ་གཞོན་པ་མི་ཁ་ཤས་བཀོད་ཡོད། ཨར་ལས་རུ་ཁག་ནི་ཨན་ཞི་དང་ཏ་ཁྲེང་སོགས་བཟོ་སྐྲུན་རུ་ཁག་ལྔས་གྲུབ་ལ། བཟོ་བ་མང་དུས600ལྷག་ཙམ་ཡོད་པ་དང་། གློག་ཁང་གི་དུས་འགོའི་ལས་དོན་ཅུང་ཞན་པ་དང་ལྷག་པར་ས་གཤིས་ཡིག་ཆ་ཉུང་བས། ཆེད་ལས་རུ་ཁག་གི་གསོར་འབིགས་རྩད་ཞིབ་དང་ཚོད་ལྟ་བྱས་མེད། རྫོང་འཕྲུལ་འཁོར་ཁྲོན་བརྐོ་རུ་ཁག་གིས་ཡིག་ཆ་ཁ་ཤས་ཀྱི་བསྡུ་ལེན་ལས་ཀ་བྱས་པ་དངང་། གློག་ཁང་གིས་ཐོག་མར་འཕྲུལ་འཁོར་ཚོད་ལྟ་བྱེད་སྐབས་ཆུ་འཛག་པ་འབོར་ཆེན་ཡོད་པ་ཤེས། དགུང་མོ་ཆུ་ཚོད11ཐོག་ཆུ་འཛག་པའི་གནད་དོན་ཇེ་ངན་དུ་སོང་། ཅུང་མ་འགོ་བར་ཆུ་རགས་ཆེན་པོ་བརྡིབས་པ་དང་། བསྐྱར་གསོ་བཟོ་སྐྲུན་གྱི་དགོས་མཁོ་ལྟར། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཨ་མོའི་མཁལ་གློག་འདོན་ས་ཚིགས་བསྐྱར་གསོ་ལས་གྲྭའི་བཀོད་འདོམས་ཁང་བཙུགས་ཤིང་། སྤྱི་ལོ1988ལོའི་ཟླ9བའི་ཚེས23ཉིན་འོས་སྐུལ་བྱས་ཏེ། མེ་ཧྲན་རྫོང་བཟོ་སྐྲུན་ཀུང་སི་གཉིས་པ་དང་མ་དངུལ་སྒོར་ཁྲི421རིན་པའི《ཧུང་ཡོན་རྫོང་ཨ་མོའི་མཁལ་གློག་འདོན་ས་ཚིགས་ཀྱི་བསྐྱར་གསོ་ལས་གྲྭའི་འགན་གཙང་ལེན་པའི་གན་རྒྱའི་ཡི་གེ》བཞག་པ་དང་། དོན་དངོས་སུ་ཨ་མོའི་མཁལ་གློག་འདོན་ས་ཚིགས་ཀྱི་བསྐྱར་གསོ་ལས་གྲྭ་ལ་མ་དངུལ་སྒོར་ཁྲི1229.85བཏང་བའོ།།

3 ཕན་ནུས། 

སྤྱི་ལོ1990ལོའི་ཟླ4བའི་ཚེས15ཉིན་ཨ་མོའི་མཁལ་གློག་འདོན་ས་ཚིགས་བསྐྱར་གསོ་ལས་གྲྭ་མཇུག་སྒྲིལ་ནས་ཚོད་ལྟའི་འཁོར་རྒྱུག་དུས་མཚམས་སུ་སླེབས་པ་དང་། སྤྱི་ལོ1991ལོའི་བར་གློག་འདོན་ས་ཚིགས་འདིས་གློག་ཁྱོན་བསྡོམས་ཏུན་ཁྲི1043.4བཏོན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི126.08བཟོས་ཡོད།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-18

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།