གློག་བགོད།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གློག་བགོད།
གློག་བགོད་གློག་སྒྱུར་ཁང་དང་མཐོ་གནོན་གློག་བགོད་སྐུད་ལམ། གློག་བགོད་གློག་ཚད་གནོན་ཆས། དེ་བཞིན་དེ་མཚུངས་ཀྱི་སྲུང་སྐྱོབ་སྒྲིག་ཆས་བཅས་ལས་གྲུབ་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
配电
ཕྱི་ཡིག་གི་མིང་།
power distribution
1 གོ་དོན།

གློག་བགོད་བརྒྱུད་རིམ་ནི་གློག་བགོད་གློག་སྒྱུར་ཁང་དང་མཐོ་གནོན་གློག་བགོད་སྐུད་ལམ། གློག་བགོད་གློག་ཚད་གནོན་ཆས། དེ་བཞིན་དེ་མཚུངས་ཀྱི་སྲུང་སྐྱོབ་སྒྲིག་ཆས་བཅས་ལས་གྲུབ་པ་ཡིན། གློག་བགོད་གློག་གནོན་ལ་དུས་རྒྱུན35~60kvདང3~10kvསོགས་ཡོད།

2 གློག་འདོན་བྱེད་ཐབས།

1.ཚན་གསུམ་སྐུད་གསུམ་ལུགས། དབྱེ་ན་ཟུར་གསུམ་དབྱིབས་གློག་མཐུད་དང་སྐར་དབྱིབས་གློག་མཐུད།

2.ཚན་གསུམ་སྐུད་བཞི་ལུགས། དེ་ནི0.4kv/0.23kvདམའ་གནོན་སྒུལ་ཤུགས་དང་གློག་སྒྲོན་མཉམ་བསྲེས་གློག་བགོད་ལ་སྤྱོད་པ།

3.ཚན་གསུམ་སྐུད་གཉིས་གཅིག་སྒོ་ལུགས། དེ་ནི་མང་ཆེ་བ་ཞིང་གྲོང་གི་གློག་བགོད་ལ་སྤྱོད་པ་ཡིན།

4.ཚན་གཅིག་སྐུད་གཅིག་ལུགས། དེ་ནི་དུས་རྒྱུན་གློག་ཤུགས་ལྕགས་ལམ་ལ་མཁོ་འདོན་བྱེད་པའི་གློག་ཡིན།

5.ཚན་གཅིག་སྐུད་གཉིས་ལུགས། དེ་ནི་སྡོད་ཁང་གློག་འདོན་ལ་སྤྱོད་པ་ཡིན།

3 གློག་བགོད་ཀྱི་རིགས་དབྱེ།
3_1 གློག་ཤུགས་ཁོངས་གཏོགས་ཀྱི་གློག་གནོན་རིམ་པ།

གློག་ཤུགས་ཁོངས་གཏོགས་ཀྱི་གློག་གནོན་རིམ་པ་ལ220/380V(0.4kv),3kv,6kv,10kv,20kv,35kv,66kv,110kv,220kv,330kv,500kvསོགས་ཡོད། 

《གྲོང་ཁྱེར་གློག་ཤུགས་དྲ་རྒྱ་ཇུས་འགོད་སྒྲིག་སྲོལ་གཏན་འབེབས》ལས་བཏོན་པ་ལྟར་ན། གློག་འདྲེན་དྲ་རྒྱའི་གློག་ཚད་ནི500kv、330kv、220kv、110kvབཅས་ཡིན། མཐོ་གནོན་གློག་བགོད་དྲ་རྒྱའི་གློག་ཚད་ནི110kv、66kvཡིན། འབྲིང་གནོན་གློག་བགོད་དྲ་རྒྱའི་གློག་ཚད་ནི20kv、10kv、6kvབཅས་ཡིན། དམའ་གནོན་གློག་བགོད་དྲ་རྒྱའི་གློག་ཚད་ནི0.4kvཡིན།

3_2 གློག་བགོད་འགྱུར་ཚིགས་རིགས།

གློག་ཤུགས་ཁོངས་གཏོགས་ཀྱི་གློག་གནོན་རིམ་སོ་སོ་གློག་ཤུགས་གློག་ཚད་གནོད་ཆས་ལ་བརྟེན་ནས་བརྗེ་སྤོར་བྱེད་པ་ཡིན། གློག་ཤུགས་འཕར་གནོན་ལ་འཕར་གནོན་གློག་ཚད་གནོན་ཆས་དང་། གློག་གནོན་མར་བབས་པ་ལ་དམའ་གནོན་གློག་ཚད་གནོན་ཆས་ཟེར།

གློག་གནོན་འགྱུར་ནས་གློག་གནོན་གཞན་ཞིག་ཏུ་འགྱུར་ནས་སྦྲེལ་བའི་དཀྲིས་སྐུད་གཉིས་ལ་སྒོར་གཉིས་གློག་ཚད་གནོན་ཆས་ཟེར། ཡང་གློག་གནོན་གཅིག་འགྱུར་ནས་སྦྲེལ་བའི་དཀྲིས་སྐུད་གསུམ་ལ་སྒོར་གསུམ་གློག་ཚད་གནོན་ཆས་ཟེར།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-09-17

གསར་སྤེལ་མཁན། :བོན་སྐོར་པད་མ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།