སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས།
སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་སུ་སོང་བ་དང་གསོ་རིག་གོང་འཕེལ་དུ་སོང་བ་དང་བསྟུན་ནས། མི་རྣམས་ཀྱིས་ནད་ཡམས་སྔོན་འགོག་གི་འདུ་ཤེས་སྔར་ལས་ཀྱང་གཏིང་ཇེ་ཟབ་ཏུ་སོང་། སྨན་བཅོས་དང་ལུས་ཁམས་བདེ་སྲུང་བྱེ་བྲག་ནས་ཚོགས་སྤྱི་རུ་འགྱུར་ལྡོག་བྱུང་ནས་ཚོགས་སྤྱིའི་ནད་ཡམས་སྔོན་འགོག་གི་བྱེད་ཐབས་དང་ཐབས་ཤེས་འཚོལ་བཞིན་ཡོད་པ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ནི་དགོས་མཁོ་འདི་དག་ལ་འབྲེལ་ནས་བྱུང་བ་ཞིག་ཡིན། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ཞེས་པ་ནི་འཕྲོད་བསྟེན་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་དམངས་ལ་སྔོན་འགོག་དང་སྨན་བཅོས། ལུས་ཁམས་བདེ་སྲུང་སྐོར་གྱི་ནང་དོན་འདོན་སྤྲོད་བྱེད་པའི་གཙང་སྦྲའི་ལུས་ཁམས་བདེ་སྲུང་བྱ་འགུལ་གྱི་སྤྱི་མིང་ཞིག་ཡིན་ཞིང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ནི་ལུས་ཁམས་བདེ་སྲུང་མ་ལག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
社区卫生服务中心
ཕྱི་ཡིག་གི་མིང་།
Community Health Service
ཞབས་ཞུ་བྱ་ཡུལ།
ནད་པ་དང་བདེ་ཐང་ཡིན་པའི་མི།
ཞབས་ཞུའི་ནང་དོན།
སྨན་བཅོས་ཞབས་ཞུ་དང་སྔོན་འགོག ལུས་ཁམས་བདེ་སྲུང་། བདེ་ཐང་སློབ་གསོ་སོགས།
ཞབས་ཞུའི་ནུས་པ།
སྡེ་ཁུལ་དང་ཁྱིམ་ཚང་། སྤྱི་དམངས་སོགས་ཞབས་ཞུའི་བྱ་ཡུལ་དུ་འཛིན་པ།
1 ངོ་སྤྲོད།

སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་སུ་སོང་བ་དང་གསོ་རིག་གོང་འཕེལ་དུ་སོང་བ་དང་བསྟུན་ནས།  མི་རྣམས་ཀྱིས་ནད་ཡམས་སྔོན་འགོག་གི་འདུ་ཤེས་སྔར་ལས་ཀྱང་གཏིང་ཇེ་ཟབ་ཏུ་སོང་།  སྨན་བཅོས་དང་ལུས་ཁམས་བདེ་སྲུང་བྱེ་བྲག་ནས་ཚོགས་སྤྱི་རུ་འགྱུར་ལྡོག་བྱུང་ནས་ཚོགས་སྤྱིའི་ནད་ཡམས་སྔོན་འགོག་གི་བྱེད་ཐབས་དང་ཐབས་ཤེས་འཚོལ་བཞིན་ཡོད་པ་དང་།  སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ནི་དགོས་མཁོ་འདི་དག་ལ་འབྲེལ་ནས་བྱུང་བ་ཞིག་ཡིན།  སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ཞེས་པ་ནི་འཕྲོད་བསྟེན་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྤྱི་དམངས་ལ་སྔོན་འགོག་དང་སྨན་བཅོས། ལུས་ཁམས་བདེ་སྲུང་སྐོར་གྱི་ནང་དོན་འདོན་སྤྲོད་བྱེད་པའི་གཙང་སྦྲའི་ལུས་ཁམས་བདེ་སྲུང་བྱ་འགུལ་གྱི་སྤྱི་མིང་ཞིག་ཡིན་ཞིང་།  སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ནི་ལུས་ཁམས་བདེ་སྲུང་མ་ལག་ཅིག་ཡིན།

2 ཞབས་ཞུའི་ནུས་པ།

གཅིག  སྤྱི་དམངས་རང་བཞིན་ལྡན་ལ་ཁེ་བཟང་འཚོལ་བར་མི་དམིགས་པ།

གཉིས། སྤྱི་བའི་གཙང་སྦྲའི་ཞབས་ཞུ་དང་ཆེས་སྤྱིར་བཏང་གི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པ།

གསུམ།  སྡེ་ཁུལ་དང་ཁྱིམ་ཚང་། སྤྱི་དམངས་ནི་ཞབས་ཞུ་བྱ་ཡུལ་ཡིན་པ། 

བཞི།  བུད་མེད་དང་བྱིས་པ། རྒན་པ། ནད་པ། དབང་བོ་སྐྱོན་ཅན། དབུལ་བོ་སོགས་ལ་ཞབས་ཞུ་བྱ་བ་གཙོ་བོ་རུ་འཛིན་པ།

ལྔ།  རང་འགུལ་གྱིས་ཞབས་ཞུ་སྒྲུབ་པ་དང་གཞན་གྱི་ཁྱིམ་ལ་སོང་ནས་ཞབས་ཞུ་བྱ་བ་གཙོ་བོ་རུ་འཛིན་པ།  སྤྱི་དམངས་བདེ་ཐང་ཡིག་ཚགས་གསར་འཛུགས་བྱེད་པ།

དྲུག  བདེ་ཐང་གི་སློབ་གསོ་དང་སྔོན་འགོག  ལུས་ཁམས་བདེ་སྲུང་། འཆར་ལྡན་བུ་སྐྱེས་ཀྱི་ལག་རྩལ་ཞབས་ཞུ་དང་རྒྱུན་མཐོང་གི་ནད་སོགས་སྨན་བཅོས་ཞབས་ཞུ་སྤེལ་བ་བཅས་ཡིན། 

3 ཞབས་ཞུའི་བྱ་ཡུལ།

གཅིག  བདེ་ཐང་ཅན་གྱི་མི་ཚོགས།   

གཉིས།  བདེ་ཐང་ཅན་གྱི་མི་ཚོགས་ཕལ་བ།

གསུམ།    ཉེན་ཚེའི་མི་ཚོགས་དང་གཙོ་གནད་སྲུང་སྐྱོབ་མི་ཚོགས།

བཞི།   ནད་པ་བཅས་ཡིན།

4 ཞབས་ཞུའི་ཁྱད་ཆོས།

སྤྱི་དམངས་ཀྱི་གཙང་སྦྲའི་ཞབས་ཞུ་རེ་འདུན་ཁ་ཕྱོགས་བྱས་ཏེ་མིའི་རིགས་ཀྱི་བདེ་ཐང་གཙོ་བོར་དམིགས་ནས་ཚད་ལྡན་གྱིས་སྡེ་ཁུལ་གྱི་ཐོན་ཁུངས་དང་ལག་རྩལ་བཀོལ་སྤྱོད་བྱས་ཏེ།  སྤྱི་དམངས་ལ་སྟབས་བདེ་ཡིན་པ་དང་ཕྱོགས་བསྡུས་རང་བཞིན་ལྡན་པ།  རིན་གོང་བདེ་བ་སོགས་འདོན་སྤྲོད་བྱས་ནས་སྨན་བཅོས་དང་སྔོན་འགོག  ལུས་ཁམས་བདེ་སྲུང་། བདེ་ཐང་སློབ་གསོ། འཆར་ལྡན་བུ་སྐྱེས་སོགས་གཅིག་བསྡུས་ཀྱི་ཞབས་ཞུ་སྒྲུབ་པ་ཡིན། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།