ཉལ་ཁར་རྐང་པ་བཀྲུས་པའི་ཕན་ནུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཉལ་ཁར་རྐང་པ་བཀྲུས་པའི་ཕན་ནུས།
ཉལ་ཁར་རྐང་པ་བཀྲུ་བ་ནི་གསོས་སྨན་བཏུང་ལས་ཀྱང་ལྷག་ཅེས་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན། མིའི་རྐང་པས་ལུས་ཧྲིལ་བོ་ལྗིད་ཚད་འདེགས་ཡོད་པ་མ་ཟད་ལུས་ཡོངས་འཁུར་ཏེ་གནས་སྤོ་བྱེད་བཞིན་ཡོད། རྩིས་སྤྲད་བྱས་པ་ལྟར་ན་མི་གཅིག་ཚེ་གང་བོར་གོམ་འགྲོས་བྱས་པའི་ཚད་ནི་ཧ་ལམ་སྨི་སྟོང་ཁྲི10སོང་བ་ཡིན་སྟེ། སའི་གོ་ལར་བསྐོར་བ་གཉིས་དང་ཕྱེད་ཀ་སོང་བའི་ཚད་དང་འདྲ་མཚུངས་རེད། རྐང་པས་མི་ལུས་འགུལ་སྐྱོད་བྱེད་པའི་བྱ་བའི་ནང་དུ་འགན་ལྕི་མོ་ཁུར་ཡོད་པས། རྐང་པའི་བདེ་ཐང་སྲུང་སྐྱོབ་བྱེད་པ་ནི་བྱ་བ་དང་སློབ་སྦྱོང་། འཚོ་གནས་བཅས་ལ་དགོས་གལ་ཧ་ཅང་ཆེ་བས། ཉལ་ཁར་རྐང་པ་བཀྲུ་བ་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཡིན་པར་མ་ཟད། རྐང་པའི་ཟ་རྐོང་དང་བཅས་པའི་ནད་རིགས་སྔོན་འགོག་ཀྱང་བྱེད་ཐུབ་པ་དང་། ཆུ་དྲོན་གྱིས་རྐང་པ་བཀྲུས་ན་གསོས་སྨན་གྱི་བྱེད་ནུས་ཀྱང་ཐོན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
睡前洗脚的作用
ཁོངས་གཏོགས།
འཕྲོད་བསྟེན་རྒྱུན་ཤེས།
1 ངོ་སྤྲོད།

ཉལ་ཁར་རྐང་པ་བཀྲུ་བ་ནི་གསོས་སྨན་བཏུང་ལས་ཀྱང་ལྷག་ཅེས་བཤད་དགོས་པའི་རྒྱུ་མཚན་ཅི་ཡིན། མིའི་རྐང་པས་ལུས་ཧྲིལ་བོ་ལྗིད་ཚད་འདེགས་ཡོད་པ་མ་ཟད་ལུས་ཡོངས་འཁུར་ཏེ་གནས་སྤོ་བྱེད་བཞིན་ཡོད། རྩིས་སྤྲད་བྱས་པ་ལྟར་ན་མི་གཅིག་ཚེ་གང་བོར་གོམ་འགྲོས་བྱས་པའི་ཚད་ནི་ཧ་ལམ་སྨི་སྟོང་ཁྲི10སོང་བ་ཡིན་སྟེ། སའི་གོ་ལར་བསྐོར་བ་གཉིས་དང་ཕྱེད་ཀ་སོང་བའི་ཚད་དང་འདྲ་མཚུངས་རེད། རྐང་པས་མི་ལུས་འགུལ་སྐྱོད་བྱེད་པའི་བྱ་བའི་ནང་དུ་འགན་ལྕི་མོ་ཁུར་ཡོད་པས། རྐང་པའི་བདེ་ཐང་སྲུང་སྐྱོབ་བྱེད་པ་ནི་བྱ་བ་དང་སློབ་སྦྱོང་། འཚོ་གནས་བཅས་ལ་དགོས་གལ་ཧ་ཅང་ཆེ་བས། ཉལ་ཁར་རྐང་པ་བཀྲུ་བ་ནི་སྲོལ་རྒྱུན་གྱི་གོམས་གཤིས་ཤིག་ཡིན་པར་མ་ཟད། རྐང་པའི་ཟ་རྐོང་དང་བཅས་པའི་ནད་རིགས་སྔོན་འགོག་ཀྱང་བྱེད་ཐུབ་པ་དང་། ཆུ་དྲོན་གྱིས་རྐང་པ་བཀྲུས་ན་གསོས་སྨན་གྱི་བྱེད་ནུས་ཀྱང་ཐོན་ཡོད། དྲོས་ཚད་ཏུའུ60-70ཅན་གྱི་ཆུ་ཁོལ་གྱིས་རྐང་པ་བཀྲུས་ན་དབང་རྩེའི་སྣེ་མོ་ལ་སྐུལ་འདེད་ཐོབ་པ་དང་། དབང་རྩ་རང་དབང་ཅན་དང་ཟགས་ཐོན་ནང་མའི་མ་ལག་སོགས་ཀྱང་སྙོམས་སྒྲིག་བྱེད་ཐུབ་པ་དང་། དེ་མ་ཟད་ཁྲག་རྒྱུན་འཁོར་སྐྱོད་ལ་སྐུལ་འདེད་བྱེད་པའི་ནུས་པ་ཡོད། བཅུད་རྫས་དང་དབྱང་དབུགས་མང་པོ་འདོན་སྤྲོད་བྱེད་ཐུབ་ལ། དུས་ལྟར་དུ་སྙིགས་རོའང་ཕྱིར་འབྱིན་ཐུབ་སྟེ་རྙིང་ཚབ་གསར་བྱེད་ལ་སྐུལ་འདེད་བྱས་ཏེ་ངལ་དུབ་སེལ་ཐུབ་པ་དང་གཉིད་སྐྱིད་པོ་ཡང་ཡོང་བ་དང་། ཡིད་འཛིན་གྱི་ནུས་པའང་མཐོར་འདེགས་བྱེད་པའི་ཕན་ནུས་གང་མང་ལྡན་འདུག་པའོ།།         

ཀྲུང་དབྱི་གསོ་རིག་གི་དབང་རྩ་སྨྲ་བ་ལྟར་ན། རྐང་པའི་སྟེང་དོན་ལྔ་སྣོད་དྲུག་ལ་ལྟོས་བཅས་ཀྱི་གསང་མིག་ཚང་མ་ཡོད་དེ། རྐང་པ་གཉིས་ཀྱི་སྟེང་དུ་སྡོམ་པས་གསང་མིག་66ཡོད་པ། དེ་དག་ནི་ལུས་ཡོངས་ཀྱི་གསང་མིག་གི1/10ཟིན་ཡོད། རྒྱུན་དུ་རྐང་པ་བཀྲུ་བ་དང་རྐང་པ་བསྐུ་མཉེ་བྱས་ན་གནས་ཁ་ཤས་དང་ལུས་ཡོངས་ཀྱི་ནད་རིགས་མང་པོ་ཞིག་སྔོན་འགོག་དང་གསོ་བཅོས་བྱེད་ཐུབ། དཔེར་ན། རྐང་པའི་གྲང་བའི་ནད་དང་ཆམ་པ་སོགས་ཀྱི་ནད་ཕོག་སླ་བའི་རྒྱུན་མཚན་ཅི་ཡིན་ཟེར་ན། དེ་ནི་མིའི་རྐང་པ་དང་སྙིང་ག་གཉིས་ཀྱི་བར་དུ་བར་ཐག་ཅུང་རིང་བས། ཁྲག་འདོན་བྱེད་ཀྱི་ནུས་པ་ཞན་པ་ན་རྐང་པའི་ཕྱི་པགས་ཀྱི་དྲོད་ཚད་ཀྱང་དམའ་བ་ཡིན། དེ་མ་ཟད་རྐང་པ་དང་དབུགས་ལམ་ནང་སྐྱིའི་བར་དུ་དབང་རྩའི་མ་ལག་གི་འབྲེལ་བ་དམ་པོ་ཡོད། རྐང་པར་གྲང་བ་ཕོག་རྗེས་ལྡོག་འཕྲོ་རང་བཞིན་གྱིས་དབུགས་ལམ་ནང་སྐྱི་དང་ཁྲག་རྩ་ཕྲ་མོའི་རིགས་འཁུམ་ནས་ཁྲག་རྒྱུན་ཇེ་ཉུང་དང་། གྲ་སྤུ་འགུལ་སྐྱོད་ཇེ་དལ་དུ་སོང་ནས་སྐབས་འདིར་སྣ་དང་གྲེ་བར་སྦས་པའི་ནད་དུག་ཕྱིར་མངོན་པ་མ་ཟད། སྐྱེ་འཕེལ་བྱུང་ནས་མི་ལུས་ལ་ནད་སློང་གིན་ཡོད། ཆམ་ནད་ཕོག་པ་དང་ལྷན་དུ་ཉིན་རྒྱུན་ཆུ་ཁོལ་གྱིས་རྐང་པ་ཐེངས2-3ལ་བཀྲུས་ན་སྣ་དང་གྲེ་བར་ཕུང་གསོག་བྱས་པའི་ཁྲག་ཀྱང་མྱུར་བར་ཞུ་འགྲོ་བ་དང་ཆམ་ནད་ཀྱང་ཇེ་ཡང་དུ་གྱུར་འགྲོའོ།། དེ་མིན། ཆུ་ཁོལ་གྱིས་རྐང་པ་བཀྲུས་ན་ད་རུང་ངལ་དུབ་སེལ་ཐུབ་པ་དང་། རྒྱང་བཞུད་དམ་ངལ་རྩོལ་ལས་བསླང་བའི་སྒྱིད་པ་སྦྲིད་པ་ཡང་སྔོན་འགོག་བྱེད་ཐུབ། ད་དུང་ཉལ་ཁར་ཆུ་ཁོལ་གྱི་རྐང་པ་བཀྲུས་ན་ཀླད་ཤུན་གྱི་ནུས་པ་སྙོམས་སྒྲིག་བྱེད་དུ་འཇུག་ཐུབ། དེ་བས་ནས་ཉལ་ཁར་རྐང་པ་བཀྲུ་བ་ནི། གསོས་སྨན་བཏུང་ལ་ལས་ཀྱང་ལྷག། ཅེས་བཤད་ཚུལ་ནི་ཚན་རིག་གི་རང་བཞིན་དང་ལྡན་པའི་གནས་ལུགས་ཡོད་དོ།།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-11-10

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།