ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས།

ཁྱིམ་ཕྱིའི་སྨྱན་ཆས།

ཁྱིམ་ཕྱིའི་སྨྱན་ཆས་ནི་ཐོག་ཁང་གི་སྟེང་དང་ཚོང་ལས་ཁུལ་གྱི་སྒོ་འགྲམ། ལམ་འགྲམ་སོགས་སུ་སྒྲིག་བཀོད་བྱས་པའི་བརྡ་འཕྲིན་ཁྱབ་སྒྲོག་གི་སྨྱན་བྱེད་ལ་ཟེར་བ་དང་། རྣམ་པ་གཙོ་བོ་ལ། དབུགས་སྒང་དང་། དབུགས་ལྡན་མཁའ་འཕུར། འཁོར་སྒམ། རྣམ་པ་ཆེ་བའི་དབུགས་ལྡན་གཟུགས་རིས། མཐོ་རིམ་སློབ་གྲྭའི་ནང་དང་། ཚད་མཐོའི་སྡོད་ཁུལ་གྱི་ཐོག་ཁང་གི་བར་ཁྱམས་སོགས་ཡིན། རྒྱ་ཡིག་གི་མིང་། 户外媒体 ཕྱི་ཡིག་གི་མིང་། Open Space Media བསྡུས་མིང་། ཁྱིམ་ཕྱིའི་བརྡ་ཁྱབ། རྣམ་པ་གཙོ་བོ། ལམ་བྱང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

Word 2007གྱི་འཆར་ངོས།

Windowsཡི་ཉེར་སྤྱོད་བྱ་རིམ་ཡོད་ཚད་ལ་སྒེའུ་ཁུང་རེ་རེ་ཡོད་དེ། Word 2007འགོ་སློང་བྱས་རྗེས་དེ་ཉིད་ཀྱི་འཆར་ངོས་གཙོ་བོར་འཇུག་པར་བྱས་ན། Word 2007གྱི་བཀོལ་སྤྱོད་འཆར་ངོས་ཀྱི་གྲུབ་ཆ་གང་མང་ཞིག་མངོན་ཞིང་། དེ་ལའང་མཐེབ་གནོནOfficeདང་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་། བྱེད་ནུས་ཁུལ། ཁ་བྱང་ཚང་། རྣམ་པའི་ཚང་། ཐིག་ཤིང་། འདེད་མ། མཐོང་རིས་བརྗེ་ཁུལ། སྡུར་ཚད་སྐྱེད་སྐྱུང་ཁུལ། བྱེད་ནུས་ཁུལ་འདེམས་ཚན། ཐིག་ཤིང་མཐེབ་གནོན་བཅས་གང་མང་ཞིག་ཡོད། དེ་དག་སོ་སོ་གནས་གང་ཞིག་ཏུ་ཡོད་པ་ཡིད་ལ་ངེས་ན་རྗེས་ཕྱོགས་སུ་ཡིག་ཆ་རྩོམ་སྒྲིག་བྱེད་པ་ལ་ཕན་པ་ཆེན་པོ་ཡོད།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྒྲོན་བརྙན་མ་པར་སྒྲིག་འགོད།

སྒྲོན་བརྙན་མ་པར་གྱིས་སྒྲོན་བརྙན་ཕྱི་རྣམ་གཏན་འཁེལ་བ་ཡིན། དེ་ནི་སྒྲོན་བརྙན་གྱི་ཁ་བྱང་དང་། དངོས་ཡིག་ཡི་གེའི་བཟོ་ལྟ(ཡིག་གཟུགས་དང་། ཡིག་གཟུགས་ཆེ་ཆུང་། ཡི་གེའི་ཁ་དོག གྲིབ་གཟུགས་སོགས་ཀྱི་མཐོང་འབྲས་ཚུད་ཡོད)སྒྲོན་བརྙན་གྱི་རྒྱབ་ལྗོངས། ཤོག་ངོས་མགོ་བྱང་སོགས་ཀྱི་སྒྲིག་འགོད་བྱེད་པར་སྤྱོད་པ་ཡིན། སྒྲོན་བརྙན་མ་པར་གྱིས་སྒྲོན་བརྙན་ཡོངས་ཀྱི་སོར་བཞག་པར་རྣམ་སྒྲིག་འགོད་བྱེད་པ་ཡིན། རྒྱ་ཡིག་གི་མིང་། 设置幻灯片母板 པར་རྣམ་བཟོ་བཅོས། PowerPoint 2007གྱི་ནང་དུ་བཟོས་པའི་སྟོན་འགྲེམས་ཟིན་བྲིས་ཚང་མར་སོར་བཞག་པར་རྣམ་ཡོད།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྒྲོན་བརྙན་མ་པར།

PowerPoint 2007ལ་སྒྲོན་བརྙན་མ་པར་དང་། ཁྲིད་ཟིན་མ་པར། ཟུར་མཆན་མ་པར་བཅས་མ་པར་གསུམ་ཚུད་ཡོད། སྒྲོན་བརྙན་མ་པར་ནང་དུ་སྒྲོན་བརྙན་གྱི་ཁྱད་ཆོས་ལ་སྒྲིག་འགོད་བྱ་ཐུབ་པ་དང་། སྟོན་འགྲེམས་མ་པར་ནང་དུ་སྟོན་འགྲེམས་ཟིན་བྲིས་དེ་སྟོན་འགྲེམས་ཚུལ་གྱིས་པར་འདེབས་ཕྱིར་འདོན་བྱེད་པ། ཟུར་མཆན་མ་པར་ནང་དུ་སྟོན་འགྲེམས་ཟིན་བྲིས་ལ་ཟུར་མཆན་ནང་དོན་ནང་འཇུག་བྱ་ཐུབ། རྒྱ་ཡིག་གི་མིང་། 幻灯片母板 མ་པར། སྒྲོན་བརྙན་མ་པར་དེ་ནི་དཔེ་པང་ཆ་འཕྲིན་ཉར་ཚགས་བྱེད་པའི་ཇུས་འགོད་དཔེ་པང་གི་གཞི་ཞིག་ཡིན། སྒྲོན་བརྙན་མ་པར་ནང་གི་ཆ་འཕྲིན་ལ་ཡིག་ཚུགས་དང་། གནས་བཟུང་རྟགས་ཀྱི་ཆེ་ཆུང་དང་གནས་ས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

གྲངས་ཀའི་རྣམ་གཞག

གྲངས་ཀའི་རྣམ་གཞག་སྒྲིག་འགོད་བྱེད་པ་ལ་ཐབས་གཉིས་ཡོད་དེ། “གྲངས་ཀ”ཚོ་སྤྱོད་པ་དང“སྡེ་ཚན་དྲ་མིག་གི་རྣམ་གཞག་སྒྲིག་འགོད”ཅེས་པའི་གླེང་སྒྲོམ་སྤྱོད་པ་གཉིས་སོ།། རྒྱ་ཡིག་གི་མིང་། 数字格式  རྣམ་གཞག་སྒྲིག་འགོད། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས། སྡེ་ཚན་དྲ་མིག་གི་ཁུལG3:G10གདམ་དགོས། དཔེ་རིས1-1 (2)དཔེ་རིས1-2ལྟར། “གྲངས་ཀ”ཚོའི་གཡས་ཟུར་འོག་མའི“གླེང་སྒྲོམ་སློང་ཆས”ཞེས་པའི་མཐེབ་གནོན  འདིར་ཆིག་རྡེབ་བྱས་པ་ན། “སྡེ་ཚན་དྲ་མི་གི་རྣམ་གཞག་སྒྲིག་འགོད”ཅེས་པའི་གླེང་སྒྲོམ་ཐོན་པ་དང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྡེ་ཚན་དྲ་མིག་སྙོམས་སྒྲིག

སོར་བཞག་ཏུ་སྡེ་ཚན་དྲ་མིག་ནང་གི་ཡིག་རྐྱང་ནི་གཡོན་སྙོམས་དང་གྲངས་ཀ་ནི་གཡས་སྙོམས་བྱས་ཡོད་ལ། རེའུ་མིག་གི་མཛེས་ཆའི་ཆེད་དུ་སྤྱོད་མཁན་གྱིས་ཐབས་ལམ་སྤྱད་ནས་དེའི་སྙོམས་སྒྲིག་བྱེད་སྟངས་བཅོས་ཆོག རྒྱ་ཡིག་གི་མིང་། 单元格调节 སྙོམས་སྒྲིག་བྱེད་སྟངས་ཚོ། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས། སྡེ་ཚན་དྲ་མིག་གི་ཁུལA3:H3བདམས་པ་དང་། “སྙོམས་སྒྲིག་བྱེད་སྟངས”ཚོའི་ནང་གི“དཀྱིལ་སྒྲིག”ཅེས་པའི་མཐེབ་གནོན  དེར་ཆིག་རྡེབ་བྱེད་དགོས། དཔེ་རིས1-1 (2)དེ་མུར་དཔེ་རིས1-2ལྟར། སྙོམས་སྒྲིག་བྱེད་སྟངས་སྒྲིག་འགོད་བྱས་པའི་མཐོང་འབྲས་མཐོང་ཐུབ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཤོག་ངོས་བཀོད་སྒྲིག

རེའུ་མིག་པར་འདེབས་མ་བྱས་གོང་སྔོན་ལ་ཤོག་ངོས་ཀྱི་བཀོད་པ་སྒྲིག་འགོད་བྱས་ཆོག དཔེར་ན་ཤོག་ངོས་མཐའ་ཐག་དང་ཤོག་བུའི་ཁ་ཕྱོགས། ཤོག་བུའི་ཆེ་ཆུང་དང་གཏག་པར་ཁུལ་ཁོངས་སོགས་ལ་སྒྲིག་འགོད་བྱེད་པ། རྒྱ་ཡིག་གི་མིང་། 页面设置 མཐའ་ཐག་སྒྲིག་འགོད། སྤྱོད་མཁན་གྱིས་ཐད་ཀརExcel 2007གྱིས་མཁོ་འདོན་བྱས་པའི་གཏན་འཇགས་ཀྱི་ཤོག་ངོས་མཐའ་ཐག་རྣམ་གཞག་རིགས་དེ་དག་བེད་སྤྱོད་བྱས་ཆོག་པ་མ་ཟད། གཞན་ཤོག་ངོས་མཐའ་ཐག་རང་བཟོ་ཡང་བྱས་ཆོག གཏན་འཇགས་རྣམ་གཞག

རིགས་དབྱེ།   ལག་རྩལ།མཉེན་ཆས།

དྲས་སྦྱར་པར་རིས།

Excel 2007གྱིསExcel 2003གྱི་རྨང་གཞིའི་སྟེང་པར་རིས་དང་དྲས་སྦྱར་པར་རིས་སོགས་རིས་དབྱིབས་ཀྱི་རིགས་མི་འདྲ་བ་མང་པོ་ཁ་སྣོན་བྱས་ཡོད། རྒྱ་ཡིག་གི་མིང་། 剪贴画 བར་འཇུག་བྱེད་ཐབས། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས་བྱང་བུ“བར་འཇུག”ཅེས་པར་བརྗེས་པ་དང་། “རིས་འཇུག”ཅེས་པའི་ནང་གི་མཐེབ་གནོན  ལ་ཆིག་རྡེབ་བྱེད་དགོས། དཔེ་རིས1-1 (2)“དྲས་སྦྱར་པར་རིས”ཞེས་པའི་ལས་འགན་ཁྲ་མིག་ཅིག་འཕར་ཐོན་བྱེད་པ་དང་། ཕྱིས་སུ་མཐེབ་གནོན  ལ་ཆིག་རྡེབ་བྱས་ནས་དཔེ་རིས1-2ལྟར། དྲས་སྦྱར་པར་རིས་ཡོད་ཚད་ཐོན་ངེས་ཡིན། དཔེ་རིས1-2

རིགས་དབྱེ།   ལག་རྩལ།མཉེན་ཆས།

འགུལ་རིས་བེད་སྤྱོད།

PowerPointནང་དུ་སྤྱོད་པ་པོས་སྟོན་འགྲེམས་ཟིན་བྲིས་ནང་གི་ཡིག་རྐྱང་དང་སྨྱན་མང་གཟུགས་ཀྱི་བྱ་ཡུལ་ལ་དམིགས་བསལ་གྱི་མཐོང་ཚོར་མཐོང་འབྲས་སམ་སྒྲའི་ཐོས་འབྲས་ཁ་སྣོན་བྱ་ཐུབ་པ་ཡིན། དཔེར་ན་ཡི་གེ་རེ་རེ་བཞིན་སྟོན་འགྲེམས་ཟིན་བྲིས་ནང་དུ་འཕུར་ཡོང་བ་དང་། པར་རིས་མངོན་སྐབས་རང་འགུལ་ངང་སྒྲ་གཏོང་བ་སོགས་སོ།། རྒྱ་ཡིག་གི་མིང་། Powerpoint 2007动画 མཐོང་འབྲས་སྒྲིག་འགོད། སྒྲོན་བརྙན་བརྗེ་བའི་མཐོང་འབྲས་ནི་སྒྲོན་བརྙན་ཞིག་གང་འདྲ་བྱས་ཏེ་བརྙན་ཡོལ་ནས་ཡལ་ཚུལ་དང་སྒྲོན་བརྙན་ཞིག་གང་འདྲ་བྱས་ཏེ་བརྙན་ཡོལ་ནང་དུ་མངོན་ཚུལ་དེ་ཡིན།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྟར་རྐྱང་རིམ་སྒྲིག

སྟར་རྐྱང་རིམ་སྒྲིག་ནི་བེད་སྤྱོད་བྱེད་པ་ཆེས་མང་པོའི་རིམ་སྒྲིག་བྱེད་ཐབས་ཤིག་ཡིན་ཏེ། གཞི་གྲངས་རེའུ་མིག་ནང་གི་གཞུང་སྟར་ག་གེ་མོ་ཞིག་གི་གཞི་གྲངས་ལ་འཕར་རིམ་དང་ཡང་ན་འབབ་རིམ་དུ་རིམ་སྒྲིག་བྱེད་པ་ཡིན། རྒྱ་ཡིག་གི་མིང་། 单列排序 རིམ་སྒྲིག་བྱེད་སྟངས། (1)སྔར་ཡོད་ཀྱི་ཡིག་ཆ་ཞིག་གི་ཁ་ཕྱེ་ནས་དཔེ་རིས1-1ལྟར། གཞི་གྲངས་ཞིབ་ཐོའི་ནང་་གི་སྡེ་ཚན་དྲ་མིག་གང་རུང་ཞིག་གདམ་དགོས། དཔེ་རིས1-1 (2)བྱང་བུ“གཞི་གྲངས”ཞེས་པ་རུ་བརྗེས་ནས་དཔེ་རིས1-2ལྟར། “རིམ་སྒྲིག་དང་འཚག་འདེམས”ཞེས་པའི་ནང་གི“རིམ་སྒྲིག”ཅེས་པ་མཐེབ་གནོན

རིགས་དབྱེ།   ལག་རྩལ།མཉེན་ཆས།

མཚན་ཉིད་འཇོག་པ།

སྤྱོད་མཁན་གྱིས་རྒྱུན་དུ་འདྲེན་སྤྱོད་བྱེད་པའི་སྡེ་ཚན་དྲ་མིག་གམ་སྡེ་ཚན་དྲ་མིག་གི་ཁུལ་ལ་མཚན་ཉིད་གཅིག་འདོགས་ཆོག་པ་དང་། དེ་ལྟར་བྱས་ན་ང་ཚོས་ཐད་ཀར་མཚན་ཉིད་བཏགས་པའི་མིང་དེ་འདྲེན་སྤྱོད་བྱས་ཆོག་པ་ཡིན། མཚན་ཉིད་འདོགས་པ། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས་སྡེ་ཚན་དྲ་མིགH3བདམས་ཏེ། བྱང་བུ“སྤྱི་འགྲོས”ཞེས་པ་རུ་བརྗེས་ནས“མཚན་ཉིད་བཏགས་པའི་མིང”ཞེས་པའི་ནང་གི་མཐེབ་གནོན  དེའི་གཡས་ཕྱོགས་ཀྱི་མཐེབ་གནོན  ཐུར་འཁོར་ཟུར་གསུམ་མ་ལ་ཆིག་རྡེབ་བྱེད་པ་དང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

གཞི་གྲངས་སྲུང་བ།

སྤྱོད་མཁན་གྱིས་ལས་ཀའི་རེའུ་མིག་གམ་ལས་དེབ་ཆ་ཚང་ཞིག་གི་གཞི་གྲངས་གཙོ་བོ་དག་བསྲུངས་ནས། མི་གཞན་གྱིས་གང་འདོད་དུ་བཅོས་པར་བཀག་བྱས་ཆོག་པ་ཡིན། རྒྱ་ཡིག་གི་མིང་། 数据保护 ལས་ཀའི་རེའུ་མིག ལས་ཀའི་རེའུ་མིག་སྲུང་བ་ཞེས་པ་ནི་ལས་དེབ་ནང་གི་ལས་ཀའི་རེའུ་མིག་ཞིག་སྲུང་པ་ཡིན་ཏེ། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས་ལས་ཀའི་རེའུ་མིགSheet1གི་ནང་དུ་ཞུགས་རྗེས། བྱང་བུ“ཀློག་བཤེར”ཞེས་པ་རུ་བརྗེས་ནས“བཅོས”ཞེས་པའི་ནང་གི་མཐེབ་གནོན  ལ་ཆིག་རྡེབ་བྱེད་དགོས། དཔེ་རིས1-1 (2)དཔེ་རིས1-2ལྟར། གླེང་སྒྲོམ“ལས་ཀའི་རེའུ་མིག་སྲུང་པ”ཞེས་པ་ཐོན་ལ། བསྐྱར་འདེམས་སྒྲོམ“ལས་ཀའི་རེའུ་མིག་དང་བསྒྲོགས་ཟིན་པའི་སྡེ་ཚན་དྲ་མིག་གི་ནང་དོན་སྲུང་པ”ཞེས་པ་བདམས་རྗེས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

བཟོ་ལྟ་སྒྲིག་འགོད།

Excel 2007གྱིས་རེའུ་མིག་གི་བཟོ་ལྟ་མང་པོ་མཁོ་འདོན་བྱས་ཡོད་དེ། སྡེ་ཚན་དྲ་མིག་གི་བཟོ་ལྟ་དང་རེའུ་མིག་གི་རྣམ་གཞག ཆ་རྐྱེན་རྣམ་གཞག་ལ་སོགས་ཡོད་པས། སྤྱོད་མཁན་གྱིས་བཟོ་ལྟ་འདི་དག་སྤྱད་ནས་མགྱོགས་མྱུར་ངང་རེའུ་མིག་གི་བཟོ་ལྟ་སྒྲིག་འགོད་བྱས་ཆོག་པ་ཡིན། རྒྱ་ཡིག་གི་མིང་། 样式设置 སྡེ་ཚན་དྲ་མིག་གི་བཟོ་ལྟ། སྡེ་ཚན་དྲ་མིག་གི་རྣམ་གཞག་ལག་པས་སྒྲིག་འགོད་བྱེད་ཐུབ་པ་ལས་གཞན། སྤྱོད་མཁན་གྱིས་རང་འགུལ་ཉེར་སྤྱོད་རྒྱུད་ཁོངས་ཀྱིས་མཁོ་འདོན་བྱས་པའི་བཟོ་ལྟས་ཀྱང་སྡེ་ཚན་དྲ་མིག་གི་རྣམ་གཞག་སྒྲིག་འགོད་བྱེད་ཐུབ་པ་ཡིན་ཏེ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

རང་བཟོས་རིམ་སྒྲིག

གཞི་གྲངས་ལ་རང་བཟོས་རིམ་སྒྲིག་མ་བྱས་གོང་སྔོན་ལ་རང་བཟོས་རིམ་སྟར་ཁ་སྣོན་བྱེད་དགོས་པ་ཡིན། རྒྱ་ཡིག་གི་མིང་། 自定义序列 རིམ་སྒྲིག་བྱེད་ཐབས། (1)ཡིག་ཆ་ཞིག་གི་ཁ་ཕྱེ་ནས་གཞི་གྲངས་ཞིབ་ཐོའི་ནང་གི་སྡེ་ཚན་དྲ་མིག་གང་རུང་ཞིག་བདམས་ཏེ། བྱང་བུ“གཞི་གྲངས”ཞེས་པ་རུ་བརྗེས་ནས“རིམ་སྒྲིག་དང་འཚག་འདེམས”ཞེས་པའི་ནང་གི“རིམ་སྒྲིག”ཅེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱས་པས་ན། དཔེ་རིས1-1ལྟར། སྒེའུ་ཁུང“རིམ་སྒྲིག”ཅེས་པ་ཐོན་པ་དང་། དེ་ནས་སྡེབ་སྒྲིག་སྒྲོམ་བུ“གོ་རིམ”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག་དུ་འདེམས་ཚན“རང་བཟོས་སྒྲིག་རིམ...”ཞེས་པ་གདམ་དགོས། དཔེ་རིས1-1 (2)དཔེ་རིས1-2ལྟར། གླེང་སྒྲོམ“རང་བཟོས་སྒྲིག་རིམ”ཞེས་པ་ཐོན་པ་དང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཡིག་དུམ་གྱི་ཐང་སྒྲིག་འགོད།

སྤྱོད་མཁན་གྱིས་གཞི་གྲངས་བརྟོལ་མཐོང་རེའུ་མིག་ནང་གི་ཡིག་དུམ་ལ་སྒྲིག་འགོད་བྱས་ཆོག་སྟེ། དཔེར་ན་མིང་རང་བཟོ་དང་། སྤྱི་བསྡོམས་བྱེད་སྟངས་བཅོས་ཚུལ། གྲངས་ཐང་འཆར་སྟངས་བཟོ་བཅོས་ལ་སོགས་བྱས་ཆོག རྒྱ་ཡིག་གི་མིང་། 值字段设置 སྒྲིག་འགོད་བྱེད་སྟངས། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས“སྡོམ་རྩིས་བྱང:སྤྱི་བསྡོམས”ཞེས་པའི་སྟར་ནང་གི་སྡེ་ཚན་དྲ་མིག་གང་རུང་ཞིག་བདམས་རྗེས། འདེམས་ཚན“འདེམས་ཚན”ཞེས་པར་བརྗེས་ནས“ཡིག་དུམ་འགུལ་མ”ཞེས་པའི་ནང་གི་མཐེབ་གནོན

རིགས་དབྱེ།   ལག་རྩལ།མཉེན་ཆས།

Word 2007ཕྱིར་འདོན།

Windowsགཞིར་བྱས་པའི་བྱ་རིམ་གཞན་དང་མཚུངས་པརWord 2007གྱི་འགོ་སློང་དང་ཕྱིར་འདོན་བྱེད་ཐབས་ཀྱང་ཐབས་མང་པོ་ཞིག་ཡོད། རྒྱ་ཡིག་གི་མིང་། Word 2007关闭 ཕྱིར་འདོན་བྱེད་ཐབས། Word 2007ནས་ཕྱིར་འདོན་བྱེད་ཚུལ་གྱི་ཐབས་མང་པོ་ཞིག་ཡོད་ལ། འདིར་རྒྱུན་དུ་སྤྱོད་པའི་ཐབས་འགའ་ཞིག་ངོ་སྤྲོད་བྱ། (1)Word 2007སྒེའུ་ཁུང་གཡས་སྟོད་ཀྱི་མཐེབ་གནོན“ཁ་རྒྱག”ལ་ཆིག་རྡེབ་བྱས་ན Word 2007ནས་ཕྱིར་འདོན་བྱེད་ཐུབ། (2)Word 2007གྱི་ཁ་བྱང་ཚང་ལ་གཡས་རྡེབ་བྱས་ནས་ཐོན་པའི་མྱུར་ལམ་གདམ་བྱང་དུ་བཀའ་བརྡ“ཁ་རྒྱག”བདམས་ནསWord

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྟབས་བདེའི་རིགས་དགར།

གཞི་གྲངས་ལ་སྟབས་བདེའི་རིགས་དགར་ཕྱོགས་སྒྲིག་བྱ་དགོས་ན། ཐོག་མར་རེའུ་མིག་ནང་གི་ཡིག་དུམ་སོ་སོ་ལ་ཡིག་དུམ་མིང་སྟེ་སྟར་པའི་ཁ་བྱང་རེ་དགོས་པ་དང་། ཕྱིས་སུ་སྟར་དེ་ལ་རིམ་སྒྲིག་བྱས་རྗེས་ད་གཟོད་ཕྱོགས་སྒྲིག་བྱེད་དགོས། རྒྱ་ཡིག་གི་མིང་། 简便分类 ཕྱོགས་བསྡོམས་བྱ་ཐབས། (1) དཔེ་རིས1-1ལྟར། ཡིག་ཆ་ཞིག་གི་ཁ་ཕྱེ་ནས། གཞི་གྲངས་གསལ་ཐོའི་ནང་གི་སྡེ་ཚན་དྲ་མིག་གང་རུང་ཞིག་བདམས་ནས། བྱང་བུ“གཞི་གྲངས”ཞེས་པ་རུ་བརྗེས་པ་དང་། “རིམ་སྒྲིག་དང་འཚག་འདེམས”ཚོའི་ནང་གི“རིམ་སྒྲིག”ཅེས་པའི་མཐེབ་གནོན

རིགས་དབྱེ།   ལག་རྩལ།མཉེན་ཆས།

འཕེལ་རིམ་དོ་དམ།

སྲོལ་རྒྱུན་གྱི་བཀོལ་སྤྱོད་རྒྱུད་ཁོངས་ལས་བྱ་རིམ་ཁེར་ཚུགས་སུ་འཁོར་སྐྱོད་བྱེད་མི་ཐུབ། ཐོན་ཁོངས་བགོ་བཤའ་དང་ཁེར་ཚུགས་འཁོར་སྐྱོད་ཀྱི་རྨང་གཞིའི་སྡེ་ཚན་ནི་འཕེལ་རིམ་གྱིས་བྱེད་ཅིང་། བཀོལ་སྤྱོད་རྒྱུད་ཁོངས་ཀྱི་ཁྱད་ཆོས་བཞི་པོ་ཡང་འཕེལ་རིམ་ལ་བརྟེན་ནས་གྲུབ་པ་ཡིན་ཕྱིར། ང་ཚོས་འཕེལ་རིམ་གྱི་ལྟ་ཚུལ་སྤྱད་ནས་བཀོལ་སྤྱོད་རྒྱུད་ཁོངས་ལ་ཞིབ་འཇུག་བྱེད་ཆོག་པ་ཡིན། འཕེལ་རིམ་ནི་བཀོལ་སྤྱོད་རྒྱུད་ཁོངས་ནང་གི་དོན་སྤྱི་གལ་ཆེན་ཞིག་ཡིན། རྒྱ་ཡིག་གི་མིང་། 进程管理 རིགས་དབྱེ། རྩིས་འཁོར། གློག་ཀླད་བཟོ་གྲྭ། བཀོལ་སྤྱོད། ཙི་གུ མཐེབ་གཞོང་། གོ་དོན། OSསྡེབ་སྒྲིག་བྱས་མེད་པའི་རྒྱུད་ཁོངས་སུ། བྱ་རིམ་གྱི་ལག་སྟར་བྱེད་སྟངས་ལ་རིགས་གཉིས་ཡོད་དེ། གཅིག་ནི་རིམ་བསྟར་བྱེད་སྟངས་དང་ཅིག་ཤོས་ནི་མཉམ་བསྟར་བྱེད་སྟངས་སོ།། རིམ་བསྟར་བྱེད་སྟངས་ནི་བྱ་རིམ་ཞིག་ལག་ཏུ་བསྟར་ཚར་རྗེས་ད་གཟོད་བྱ་རིམ་གཞན་ཞིག་ལག་བསྟར་བྱེད་པ་དེ་ལ་ཟེར་

རིགས་དབྱེ།   ལག་རྩལ།མཉེན་ཆས།

གསོག་ཆས་དོ་དམ།

གསོག་ཆས་ནི་རྩིས་འཁོར་རྒྱུད་ཁོངས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་རིང་གསོག་ཆས་ཀྱི་ཤོང་ཚད་མུ་མཐུད་དུ་རྒྱ་སྐྱེད་ཀྱི་ཡོད་ཀྱང་། དེས་སྔར་བཞིན་དེང་རབས་མཉེན་ཆས་འཕེལ་རྒྱས་ཀྱི་དགོས་མཁོ་ཇི་བཞིན་སྐོང་ཐུབ་ཀྱི་མེད། དེ་བས་གསོག་ཆས་ནི་དཀོན་ཞིང་བྲིན་ཆེ་བའི་ཐོན་ཁུངས་ཤིག་རེད། དེ་ལ་ཕན་ཕྱོད་ལྡན་པའི་དོ་དམ་ཞིག་ཅི་ལྟར་བྱ་ཚུལ་གྱིས་གསོག་ཆས་ཀྱི་སྤྱོད་ཕྱོད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་པ་མ་ཟད། རྒྱུད་ཁོངས་ཀྱི་གཤིས་ནུས་ལ་ཡང་ཤུགས་རྐྱེན་ཐེབས་པ་ཡིན། གསོག་ཆས་ཀྱི་དོ་དམ་བྱ་ཡུལ་ གཙོ་བོ་ནི་ནང་གསོགཡིན། ཕྱི་གསོག་གི་དོ་དམ་དང་ནང་གསོག་གི་དོ་དམ་བྱེད་སྟངས་ནི་འདྲ་མཚུངས་ཡིན་ཡང་། དེ་གཉིས་ཀྱི་སྤྱོད་སྒོ་ནི་འདྲ་བ་མ་ཡིན་སྟེ། ཕྱི་གསོག་ནི་གཙོ་བོ་ཡིག་ཆ་གསོག་འཇོག་བྱེད་པར་སྤྱོད་པ་ཡིན། རྒྱ་ཡིག་གི་མིང་། 存储管理 ཕྱི་ཡིག་གི་མིང་། storage management

རིགས་དབྱེ།   ལག་རྩལ།མཉེན་ཆས།

འཁོར་འགག

འཁོར་འགག་ཅེས་པ་ནི་འཕེལ་རིམ་དུ་མ་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་ཁུངས་འཕྲོག་རེས་བྱས་པ་ལས་བྱུང་བའི་རེངས་པའི་གནས་ཚུལ་དེ་ལ་ཟེར། འཕེལ་རིམ་དག་འདི་ལྟའི་སྲ་འཛིན་གྱི་རྣམ་པར་གནས་དུས། གལ་སྲིད་ཕྱི་ཤུགས་ཀྱི་ནུས་པ་མེད་ཚེ་དེ་དག་མདུན་ཕྱོགས་སུ་སྐུལ་སྤེལ་བྱ་ཐབས་བྲལ་བ་ཡིན། རྒྱ་ཡིག་གི་མིང་། 死锁 ཕྱི་ཡིག་གི་མིང་། Deadlock རྒྱུ་རྐྱེན་དང་དགོས་ངེས་ཆ་རྐྱེན། ལམ་མང་བྱ་རིམ་རྒྱུད་ཁོངས་སུ། འཕེལ་རིམ་དུ་མའི་མཉམ་བསྟར་ལ་བརྟེན་ནས་རྒྱུད་ཁོངས་ཀྱི་ཐོན་ཁུངས་སྤྱོད་ཕྱོད་ཚད་དང་འདོན་འཇུག་ཚད་ལེགས་བཅོས་བྱས་ཡོད་ན་ཡང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

unix

unixབཀོལ་སྤྱོད་རྒྱུད་ཁོངས་ནི་སྤྱོད་མཁན་དང་ལས་འགན་མང་བོ་ལྡན་པའི་བཀོལ་སྤྱོད་རྒྱུད་ཁོངས་སྟོབས་ལྡན་ཞིག་ཡིན་པ་དང་། སྒྲིག་གཅོད་ཆས་ཀྱིས་སྒྲོམ་གཞི་སྣ་ཚོགས་ལ་རམ་འདེགས་ཐུབ་པ་ཡིན། བཀོལ་སྤྱོད་རྒྱུད་ཁོངས་ལྟར་དབྱེ་ན། དུས་བགོས་བཀོལ་སྤྱོད་རྒྱུད་ཁོངས་སུ་གཏོགས་པ་དང་། སྔ་ཤོས་ནིKenThompson、Dennis Ritchieདང Douglas McIlroyབཅས་ཀྱིས1969ལོརAT&Tཡི་པེ་ཨེར་ཚོད་ལྟ་ཁང་གིས་གསར་སྤེལ་བྱས་ཤིང་། མིག་སྔར་དེ་ནི་ཚོང་རྟགས་བདག་དབང་ནི་རྒྱལ་སྤྱིའི་སྒོ་འབྱེད་ཚད་གཞི་རྩ་འཛུགས་ལ་དབང་བ་དང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཡིག་ཆ།

ཡིག་ཆ(file)ནི་བྱ་རིམ་ཇུས་འགོད་ཁྲོད་ཀྱི་དོན་སྤྱི་གལ་ཆེན་ཞིག་དང་། དེ་ནི་ཕྱིའི་སྨྱན་རྫས་སུ་གསོག་འཇོག་བྱས་པའི་གཞི་གྲངས་ཀྱི་ཚོགས་སྤྱི་ཞིག་གོ། གཞི་གྲངས་སྐོར་ཞིག་ནི་ཡིག་ཆའི་རྣམ་པ་ལྟར་ཕྱིའི་སྨྱན་རྫས་སུ་གསོག་ཡོད་པ་རེད། བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་ཡིག་ཆ་སྡེ་ཚན་བྱས་ཏེ་གཞི་གྲངས་དོ་དམ་བྱེད་པའོ།། ཡང་གཅིག་བཤད་ན། གལ་ཏེ་ཕྱིའི་སྨྱན་རྫས་སུ་གསོག་འཇོག་བྱས་པའི་གཞི་གྲངས་གང་ཞིག་འཚོལ་དགོས་ཚེ། ཐོག་མར་ངེས་པར་དུ་ཡིག་ཆའི་མིང་ལྟར་གཏན་འཁེལ་བྱས་པའི་ཡིག་ཆ་དེ་འཚོལ་བ་དང་། དེ་ནས་ཡིག་ཆ་དེའི་ནང་གི་གཞི་གྲངས་ཀློག་དགོས། ཕྱིའི་སྨྱན་རྫས་སུ་གཞི་གྲངས་གསོག་འཇོག་བྱེད་པ་ལ་ཡང་ཐོག་མར་ངེས་པར་དུ་ཡིག་ཆ་ཞིག་གསར་བཟོ་བྱ་དགོས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

རེས་འཁོར་ཚོད་འཛིན།

གནད་དོན་མང་པོ་ཞིག་གི་ནང་དུ་རེས་འཁོར་ཚོད་འཛིན་སྤྱོད་དགོས་པ་སྟེ། དཔེར་ན། སློབ་གྲྭའི་སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ནང་འཇུག་བྱས་ཏེ། གྲངས་ཀ་དུ་མའི་སྡོམ་དང་རིམ་གཞི་བརྩི་བ་ལྟ་བུ་སོགས་སོ།། ཉེར་སྤྱོད་བྱ་རིམ་མང་ཆེ་བར་རེས་འཁོར་འདུས་ཡོད་པ་ཡིན། རེས་འཁོར་གྲུབ་ཚུལ་ནི་གྲུབ་ཚུལ་ཅན་གྱི་བྱ་རིམ་ཇུས་འགོད་ཀྱི་རྩ་བའི་གྲུབ་ཚུལ་ཞིག་ཡིན། རྒྱ་ཡིག་གི་མིང་། 循环控制 གོ་དོན། གནད་དོན་མང་པོ་ཞིག་གི་ནང་དུ་རེས་འཁོར་ཚོད་འཛིན་སྤྱོད་དགོས་པ་སྟེ། དཔེར་ན། སློབ་གྲྭའི་སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ནང་འཇུག་བྱས་ཏེ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

Microsoft Office 2007

Microsoft Office 2007ནིMicrosoftཀུང་སིས་གསར་གཏོད་བྱས་པའི་གཞུང་ལས་རང་འགུལ་མཉེན་ཆས་གསར་པ་ཞིག་ཡིན། དེར་ཐུན་མོང་མ་ཡིན་པའི་འཆར་ངོས་དང་མགྱོགས་ཤིང་མྱུར་བའི་བཟོ་ལྟའི་རྣམ་གཞག བདེ་འཇགས་དང་བློ་གཏད་ཆོག་པའི་རང་བཞིན་སོགས་ཁྱད་ཆོས་དུ་མས་ཕྱུག་པས། དེ་ཉིད་གཞུང་ལས་རང་འགུལ་མཉེན་ཆས་དག་གི་ཡང་རྩེར་སོན་ཡོད་ལ་རྒྱ་ཆེའི་ལས་རིགས་ཁག་ན་དགའ་བསུ་ཚད་མེད་གནང་བཞིན་ཡོད། Microsoft Office 2007གྱིས་པར་གཞི་མི་འདྲ་བ་བདུན་ཁྱབ་སྤེལ་བྱས་ཡོད་དེ། དང་པོ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

Kindleནང་དཔེ་ཆ་འཇོག་ལུགས།

Amazon KindleནིAmazonཡིས་ཇུས་འགོད་དང་ཕྱིར་ཚོང་བྱས་པའི་དཔེ་ཆ་ལྟ་ཀློག་ཡོ་བྱད་ཆས(མཉེན་ཆས་སྟེགས་བུ)ཤིག་ཡིན་ལ། རབས་དང་པོའིKindleནི2007ལོའི་ཟླ11པའི་ཚེས19ཉིན་ལ་ཁྱབ་བསྒྲགས་བྱས་ཤིང་། སྤྱོད་མཁན་གྱིས་སྐུད་མེད་དྲ་རྒྱ་བརྒྱུད་ནསAmazon Kindleབེད་སྤྱོད་དང་ཉོ་ཚོང་བྱེད་པ། ཕབ་ལེན། གློག་རྡུལ་དཔེ་དེབ་དང་ཚགས་པར། དུས་དེབ། པོད་ཁུག་དང་དེ་བཞིན་གཞན་པའི་གློག་རྡུལ་སྨྱན་སྦྱོར་ལྟ་ཀློག་བྱེད་ཆོག་པ་རེད། རྒྱ་ཡིག་གི་མིང་། Kindle中导入书本的方法 དཔེ་ཆ་འཇོག་ལུགས་ངོ་སྤྲོད།

རིགས་དབྱེ།   ལག་རྩལ།མཉེན་ཆས།

བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས།

ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་འདི་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་བཟོ་བྱས་པ་རེད། མཉེན་ཆས་འདི་གསར་བཟོ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ལ་བོད་ཡིག་ཨང་རྟགས་སམ་ཡིག་གཟུགས་མི་གཅིག་པའི་ཡིག་ཆ་ཕན་ཚུན་བརྗེ་སྒྱུར་བྱེད་ཐུབ་པའི་ལག་ཆ་ཞིག་འདོན་སྤྲོད་བྱས་པ་དེ་རེད། རྒྱ་ཡིག་གི་མིང་། 通用藏文字体转换软件 མིང་ཆ་ཚང་། ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས། ངོ་སྤྲོད། ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་འདི་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་བཟོ་བྱས་པ་རེད།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས།

མཉེན་ཆས་འདི་ནི། བོད་ལ་ཐུན་མོང་གི་སྐད་གདངས་གཅིག་གྱུར་ཡོང་ཆེད་དང་། དབུས་སྐད་སྦྱོང་མཁན་རྣམས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ཡི་གེའི་སྒྲ་གདངས་དང་སྐྱེ་གནས། མིང་ཚིག སྐད་ཆ་ཤོད་སྟངས། ཞེ་ས། ཚིག་བཅད་ཀློག་སྟངས། ཚིག་ལྷུག་ཀློག་སྟངས། གཏམ་བཤད་བྱ་སྟངས་སོགས་མདོར་ན་སྟབས་བདེ་ལ། བོད་ཀྱི་གཞུང་ལུགས་སུ་གསལ་བའི་སྒྲ་གདངས་དང་སྐྱེ་གནས་རྣམ་གཞག་ཆ་ཚང་བ་ཞིག་ཡིན། རྒྱ་ཡིག་གི་མིང་། 莫兰藏文统一语音 ཁོངས་གཏོགས། མཉེན་ཆས། མཚམས་སྦྱོར།

རིགས་དབྱེ།   ལག་རྩལ།མཉེན་ཆས།

XPཡི་གསར་སྒྱུར་མཚམས་བཞག

Windows XPབཀོལ་སྤྱོད་རྒྱུད་ཁོངས་འདི2001ལོའི་ཟླ8པའི་ཚེས24ལ་བཀྲམས་ཤིང་། ལོ་དེའི་ཟླ10པའི་ཚེས25ནས་ཁྲོམ་རར་བཏོན་པ་དང་། ད་སྔའི་ལོ13རིང་སྤྱོད་མཁན་ལ་ཞབས་ཞུ་བསྒྲུབས་པས། ཚེ་ཐག་ཆེས་རིང་བའི་རྒྱུད་ཁོངས་སུ་ཀུན་གྱིས་ངོས་འཛིན་པ་རེད། རྒྱ་ཡིག་གི་མིང་། XP停止更新 མཇུག་སྒྲིལ་ཁྱབ་བསྒྲགས་དུས་ཚོད། 2014ལོའི་ཟླ4པའི་ཚེས8ཉིན། རིགས་དབྱེ། གློག་ཀླད་རྒྱུད་ཁོངས། མཚམས་སྦྱོར། 2014ལོའི་ཟླ4པའི་ཚེས8ཉིན་ནི་ཝའེ་རོན་ཚང་གིWindows XPབཀོལ་སྤྱོད་རྒྱུད་ཁོངས(operating

རིགས་དབྱེ།   ལག་རྩལ།མཉེན་ཆས།

བཀོལ་སྤྱོད་རྒྱུད་ཁོངས(Windows7)

Windows7བཀོལ་སྤྱོད་རྒྱུད་ཁོངས་ནི་ཝའེ་རོན་ཀུང་སིས་བཏོན་པའི་སྒེའུ་ཁུང་བཀོལ་སྤྱོད་རྒྱུད་ཁོངས་གསར་ཤོས་དེ་ཡིན། དུས་ཡུན་ལོ་ངོ་གསུམ་གྱི་རིང་ལ་ཞིབ་འཇུག་དང་ཚོད་ལྟ་གང་མང་བྱས་མཐར། སྤྱི་ལོ2009ལོའི་ཟླ10ཚེས23ཉིན་ཀྲུང་གོའི་ཚོང་རར་དངོས་སུ་འགྲེམ་སྤེལ་བྱས། དེ་ནི་ཝའེ་རོན་གྱིས་གསར་སྤེལ་བྱས་པའི་གསར་བརྗེ་རང་བཞིན་ལྡན་པའི་བཀོལ་སྤྱོད་རྒྱུད་ཁོངས་ཤིག་ཡིན་ལ། ཝའེ་རོན་གྱིས་བཤད་པ་ལྟར་ན། Windows7ནི་སྐར་ཁུང་བཀོལ་སྤྱོད་མ་ལག་ཁྲོད་ཆེས་ཕུལ་དུ་བྱུང་བ་དེ་ཡིན་ནོ།། རྒྱ་ཡིག་གི་མིང་།

རིགས་དབྱེ།   ལག་རྩལ།མཉེན་ཆས།

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས།

2009ལོར་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཀྱི་ཞིབ་འཇུག་གསར་སྤེལ་བྱ་བའི་མགོ་བརྩམས་ཤིང2013ལོའི་མཇུག་ཏུ་ཡོངས་སུ་གྲུབ། བོད་ཡིག་འཇུག་ཐབས་ཀྱི་ཞིབ་སྤེལ་བྱ་བ་འདིར་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་། དགེ་རྒན། སློབ་གྲོགས། གྲོགས་པོ་མང་པོས་རྒྱབ་རོགས་དང་སྐུལ་མ་གལ་ཆེན་གནང་། 2014ལོའི་ལོ་དཀྱིལ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ།

རིགས་དབྱེ།   ལག་རྩལ།མཉེན་ཆས།