སྤྱི་འགྲོས་བར་འཇུག

སྟོན་འགྲེམས་ཟིན་བྲིས་རྩོམ་སྒྲིག་བྱེད་པའི་རྒྱུད་རིམ་ནང་དུ་ཡིག་རྐྱང་ནང་འཇུག་བྱེད་པ་ཕུད། ད་དུང་དམིགས་བསལ་གྱི་མཚོན་རྟགས་དང་སྤྱི་འགྲོས་བར་འཇུག་བྱ་ཐུབ། མཚོན་རྟགས་བར་འཇུག ཡིག་ཚགས་ནང་དུ་མཚོན་རྟགས་བར་འཇུག་བྱེད་སྐབས་འོག་རྟགས་དེ་བར་འཇུག་བྱ་ཡུལ་གྱི་གནས་སུ་གཏན་འཁེལ་བྱས་ཏེ། དེ་རྗེས་བྱེད་ནུས་ཁུལ་གྱི་བྱང་བུ“བར་འཇུག”བདམས་ནས“ཡིག་རྐྱང”ཚོའི་ནང་གི“མཚོན་རྟགས”ཞེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱས་ཚེ། དཔེ་རིས1-1ལྟར། གླེང་སྒྲོམ“མཚོན་རྟགས”ཀྱི་ཁ་ཕྱེ་བ་ཡིན། དེའི་ནང་དུ་བར་འཇུག་བྱ་རྒྱུའི་རྟགས་བདམས་རྗེས་མཐེབ་གནོན“བར་འཇུག”ལ་ཆིག་རྡེབ་བྱས་ན་ཆོག

རིགས་དབྱེ།   ལག་རྩལ།མཉེན་ཆས།

པར་རིས་བར་འཇུག

སྟོན་འགྲེམས་ཟིན་བྲིས་ནང་དུ་པར་རིས་ནང་འཇུག་བྱ་ཚེ། བརྗོད་གཞི་དང་མཚོན་བྱའི་བསམ་བློ་རྒྱས་བཤད་བྱེད་ཐུབ་ཀྱང་ནང་འཇུག་བྱས་པའི་པར་རིས་དང་བརྗོད་གཞི་མཐུན་མིན་ལ་བསམ་བློ་ཡག་པོ་གཏོང་དགོས། དྲས་སྦྱར་རི་མོ་བར་འཇུག PowerPoint 2007གྱི་དྲས་སྦྱར་རི་མོའི་མཛོད་ལ་ནང་དོན་ཧ་ཅང་ཕུན་སུམ་ཚོགས་ལ། པར་རིས་ཚང་མ་ཆེད་ལས་ཇུས་འགོད་བྱས་པ་ཞིག་ཡིན། དེ་ཚོས་བརྗོད་གཞི་མི་འདྲ་བ་མཚོན་ཐུབ་ལ་ཁྱད་ཆོས་མི་འདྲ་བའི་སྟོན་འགྲེམས་ཟིན་བྲིས་བཟོ་བར་ཡང་སྤྱོད་ཐུབ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྦྱོང་བརྡར་དུས་བགྲང།

སྟོན་འགྲེམས་ཟིན་བྲིས་བཟོས་ཟིན་རྗེསPowerPointཡི“སྦྱོང་བརྡར་དུས་བགྲང”བྱེད་ནུས་ཀྱིས་སྟོན་འགྲེམས་ཟིན་བྲིས་སྟོན་པའི་དུས་ཚོད་ལ་ནང་སྦྱོང་བྱས་ཆོག སྟོན་འགྲེམས་ཟིན་བྲིས་ཀྱི་སྦྱོང་བརྡར་དུས་བགྲང་། སྦྱོར་བརྡར་དུས་བགྲང་བྱེད་ནུས་བེད་སྤྱད་ནས་སྟོན་འགྲེམས་ཟིན་བྲིས་སྟོན་པའི་དུས་ཚོད་ལ་ནང་སྦྱོང་བྱ་ཚུལ་གཤམ་གསལ་ལྟར། 1.PowerPoint  2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“ཟོག་ཉོའི་ཕྱོགས་སྟོན”གྱི་ཁ་ཕྱེ་བ། 2.བྱང་བུ“སྒྲོན་བརྙན་སྟོན་པ”ཡི“སྒྲིག་འགོད”ནང་གི་མཐེབ་གནོན“སྦྱོང་བརྡར་དུས་བགྲང”  ལ་ཆིག་རྡེབ་བྱེད་སྐབས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྟོན་འགྲེམས་ཟིན་བྲིས་སྟོན་ཐབས།

PowerPoint 2007གྱི་སྟོན་འགྲེམས་ཟིན་བྲིས་སྟོན་ཚུལ་མང་པོ་མཁོ་སྤྲོད་བྱས་ཡོད་ལ། བེད་སྤྱོད་མང་ཤོས་ནི་སྒྲོན་བརྙན་གྱི་སྟོན་འགྲེམས་ཚོད་འཛིན་དེ་ཡིན། དེ་ལ་དུས་བཀག་ནས་སྒྲོན་བརྙན་སྟོན་ཚུལ་དང། སྟུད་མར་སྒྲོན་བརྙན་སྟོན་ཚུལ། འཁོར་རྒྱུག་ངང་སྒྲོན་བརྙན་སྟོན་ཚུལ་སོགས་ཡོད། དུས་བཀག་ནས་སྒྲོན་བརྙན་སྟོན་ཚུལ། སྤྱོད་པ་པོས་སྒྲོན་བརྙན་བརྗེ་བའི་མཐོང་འབྲས་སྒྲིག་འགོད་བྱེད་སྐབས། སྒྲོན་བརྙན་རེ་རེ་སྟོན་སྐབས་སྡོད་པའི་དུས་ཚོད་སྒྲིག་འགོད་བྱ་ཐུབ་པ་ཡིན།

རིགས་དབྱེ།   ལག་རྩལ།མཉེན་ཆས།

གནས་བཟུང་རྟགས་ཀྱི་གཏོགས་གཤིས།

PowerPoint 2007གྱི་ནང་གི་གནས་བཟུང་རྟགས་དང་། ཡིག་སྒྲོམ། རང་འདེམས་པར་རིས་སོགས་ཀྱི་བྱ་ཡུལ་ལ་ཧ་ཅང་འདྲ་བའི་གཏོགས་གཤིས་ཡོད་དེ། དཔེར་ན། ཁ་དོག་དང་། ཐིག་དབྱིབས་སོགས་ཀྱི་གཏོགས་གཤིས་སྒྲིག་འགོད་བཀོལ་ཚུལ་ཧ་ཅང་འདྲ་བ་ཡིན། སྒྲོན་བརྙན་ནང་དུ་གནས་བཟུང་རྟགས་གདམ་སྐབས། བྱེད་ནུས་ཁུལ་ནང་དུ་བྱང་བུ“རྣམ་གཞག”ཐོན་པ་ཡིན། བྱང་བུའི་ནང་གི་མཐེབ་གནོན་དང་བཀའ་བརྡ་ཡིས་གནས་བཟུང་རྟགས་ཀྱི་གཏོགས་གཤིས་ལ་སྒྲིག་འགོད་བྱེད་ཐུབ། གནས་བཟུང་རྟགས་འཁྱིལ་སྐོར་བྱ་ཚུལ། སྟོན་འགྲེམས་ཟིན་བྲིས་ལ་སྒྲིག་འགོད་བྱེད་སྐབས་གནས་བཟུར་རྟགས་དེ་ཟུར་ཚད་གང་རུང་ལ་སྐོར་ཆོག་པ་དང་། སྐོར་སྐབས་གནས་བཟུང་རྟགས་བདམས་རྗེས་བྱང་བུ“རྣམ་གཞག”གི“སྟར་སྒྲིག”ཚོ་ཡི་མཐེབ་གནོན

རིགས་དབྱེ།   ལག་རྩལ།མཉེན་ཆས།

གནས་བཟུང་རྟགས་ཀྱི་རྩོམ་སྒྲིག

གནས་བཟུང་རྟགས་ནི་ཡི་གེ་དང་པར་རིས་སོགས་ཀྱི་འཇུག་སྣོད་ཡིན་ལ། དེ་ནི་སྒྲོན་བརྙན་ནང་དོན་གྲུབ་པའི་གཞི་རྩའི་བྱ་ཡུལ་ཞིག་ཡིན་པ་མ་ཟད་རང་གི་གཏོགས་གཤིས་ཀྱང་ཡོད། སྤྱོད་པ་པོས་དེའི་ནང་གི་ཡི་གེར་བཀོལ་སྤྱོད་བྱས་ཆོག་ལ་གནས་བཟུང་རྟགས་རང་ལ་ཡང་ཆེ་ཆུང་ལེགས་སྒྲིག་དང་། སྤོ་བ། འདྲ་ཕབ། སྦྱར་བ། བསུབ་པ་སོགས་ཀྱི་བཀོལ་སྤྱོད་བྱས་ཆོག གནས་བཟུང་རྟགས་ཀྱི་གོ་དོན། གནས་བཟུང་རྟགས་ནི་ཡི་གེ་དང་པར་རིས་སོགས་ཀྱི་འཇུག་སྣོད་ཡིན་ལ། དེ་ནི་སྒྲོན་བརྙན་ནང་དོན་གྲུབ་པའི་གཞི་རྩའི་བྱ་ཡུལ་ཞིག་ཡིན་པ་མ་ཟད་རང་གི་གཏོགས་གཤིས་ཀྱང་ཡོད།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཤོག་ངོས་སྒྲིག་འགོད།

སྟོན་འགྲེམས་ཟིན་བྲིས་པར་འདེབས་མ་བྱས་གོང་རང་གི་དགོས་མཁོར་གཞིགས་ནས་པར་འདེབས་ཤོག་ངོས་ལ་སྒྲིག་འགོད་བྱེད་དགོས། བྱང་བུ“ཇུས་འགོད”ཀྱི་ཚོ“ཤོག་ངོས་སྒྲིག་འགོད”ནང་དུ་སྒྲོན་བརྙན་གྱི་ཆེ་ཆུང་དང་། སྒྲིག་ཨང་། ཁ་ཕྱོགས་སོགས་སྒྲིག་འགོད་བྱ་ཆོག སྟོན་འགྲེམས་ཟིན་བྲིས་ཀྱི་ཤོག་ངོས་སྒྲིག་འགོད་བྱ་ཚུལ། སྟོན་འགྲེམས་ཟིན་བྲིས་ཀྱི་ཤོག་ངོས་གཏོགས་གཤིས་སྒྲིག་འགོད་བྱ་ཚུལ་གཤམ་གསལ་ལྟར། 1.PowerPoint 2007འགོ་སློང་བྱས་ནས་བཟོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས“ལས་བཟོ་གསོ་སྦྱོང”གི་ཁ་ཕྱེ་བ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཐུམ་རྒྱག་པ།

PowerPoint 2007གྱི་མཁོ་སྤྲོད་བྱས་པའི་བྱེད་ནུས“CDལ་ཐུམ་རྒྱག་པ”བེད་སྤྱད་ནས། རྐོ་ཕབ་འོད་སྒུལ་ཡོད་པའི་རྩིས་འཁོར་སྟེང་སྟབས་བདེའི་ངང་བཟོས་པའི་སྟོན་འགྲེམས་ཟིན་བྲིས་དང་སྦྲེལ་མཐུད་བྱས་པའི་སྨྱན་གཟུགས་ཡིག་ཆ་རྣམས་ལན་གཅིག་ལ CDསྟེང་ཐུམ་རྒྱག་ཐུབ་པ་ཡིན། དེ་འདྲ་བྱས་ཚེ་སྟོན་འགྲེམས་ཟིན་བྲིས་དེ་སྟབས་བདེའི་ངང་དགར་འགྲེམས་སམ་རྩིས་འཁོར་གཞན་གྱི་སྟེང་སྟོན་འགྲེམས་བྱ་ཐུབ་པ་ཡིན། སྟོན་འགྲེམས་ཟིན་བྲིས་ལ་ཐུམ་རྒྱག་ཚུལ། བཟོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་དེCDལ་ཐུམ་རྒྱག་ཚུལ་གཤམ་གསལ་ལྟར།

རིགས་དབྱེ།   ལག་རྩལ།མཉེན་ཆས།

པར་དེབ་བར་འཇུག

ཨང་སྒྲིག་པར་ཆས་དང་དར་ཁྱབ་ཆེ་བས་རྩིས་འཁོར་བེད་སྤྱད་ནས་གློག་རྡུལ་པར་དེབ་བཟོ་མཁན་དེ་བས་ཀྱང་མང་དུ་ཕྱིན་ཡོད་མོད། གློག་རྡུལ་པར་དེབ་བཟོ་བའི་ཆེད་ལས་མཉེན་ཆས་མེད་ཚེ། PowerPointབེད་སྤྱད་ནས་སྟབས་བདེའི་ངང་སྤུས་ཚད་ལེགས་པའི་གློག་རྡུལ་པར་དེབ་བཟོ་ཐུབ་ལ། ཚོང་ལས་བཀོལ་སྤྱོད་ནང་དུ་གློག་རྡུལ་པར་དེབ་དེ་ཀུང་སིའི་ཐོན་རྫས་དཀར་ཆག་ངོ་སྤྲོད་བྱེད་པ་དང་། བརྙན་རིས་གཞི་གྲངས་མཉམ་སྤྱོད། ཞིབ་འཇུག་གྲུབ་འབྲས་ངོ་སྤྲོད་སོགས་བྱེད་པར་ཧ་ཅང་འཚམ་པ་ཡིན། པར་དེབ་གསར་འཛུགས། སྒྲོན་བརྙན་ནང་དུ་པར་དེབ་གསར་འཛུགས་བྱེད་སྐབས། བྱང་བུ“བར་འཇུག”གི“པར་རིས་བར་འཇུག”ནང་གི་མཐེབ་གནོན“པར་དེབ”ལ་ཆིག་རྡེབ་བྱས་ཏེ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

དཔེ་རིས།

Word 2007གྱིས་དཔེ་རིས་བར་འཇུག་བྱེད་པའི་བྱེད་ནུས་ཀྱང་མཁོ་འདོན་བྱས་ཡོད་ལ། ཆ་འཕྲིན་དང་གྲངས་ཀ་སོགས་དཔེ་རིས་ཀྱི་ངོས་ནས་གསལ་བྱེད་བྱས་ན། དེ་དག་ཐད་ཀར་དང་མངོན་སུམ་དུ་མཐོང་ནུས་པ་ཡིན། དཔེ་རིས་བར་འཇུག དཔེ་རིས་བར་འཇུག་བྱེད་དགོས་ན་ཐོག་མར་བྱང་བུ“བར་འཇུག”འདེམས་པ་དང་། དེ་ནས་གདམ་ཁུལ“རི་མོ་བར་འཇུག”སྟེང་གི་མཐེབ་གནོན“དཔེ་རིས”  ལ་ཆིག་རྡེབ་བྱས་ན་གླེང་སྒྲོམ་དཔེ་རིས་བར་འཇུག་ཅེས་པའི་ཁ་འབྱེད་ཐུབ་ལ། དེ་ལས་རང་ལ་མཁོ་བའི་དཔེ་རིས་འདེམས་ཆོག  དཔེ་རིས་ཀྱི་འདེམས་ཚན་སྒྲིག་འགོད། དཔེ་རིས་ཀྱི་གྲུབ་ཆ་སྟེ་དཔེ་རིས་ཁ་བྱང་དང་། སྟོན་མདའ། དྲ་མིག་ཐིག རིས་དབྱིབས། གཞི་གྲངས་གདོང་འཛར་སོགས་ཡོད་ཚད་ཡང་བསྐྱར་སྒྲིག་འགོད་དང་བཟོ་བཅོས་བྱས་ཆོག དཔེ་རིས་མཛེས་བཟོ། དཔེ་རིས་གདམ་ཁུལ་དག་གི་རྣམ་གཞག་སྒྲིག་འགོད་བྱེད་སྟངས་སྤྱད་ན་དཔེ་རིས་དེ་ཉིད་མཛེས་པར་བྱེད་ནུས་པ་ཡིན།

རིགས་དབྱེ།   ལག་རྩལ།མཉེན་ཆས།

རེའུ་མིག་གསར་འཛུགས།

ཡིག་ཆ་རྩོམ་སྒྲིག་བྱེད་སྐབས་བརྗོད་བྱ་གསལ་པོར་མངོན་པའི་ཆེད་དུ་དེར་རེའུ་མིག་སྟེ། སློབ་ཁྲིད་རེའུ་མིག་དང་། སྦྱངས་འབྲས་རེའུ་མིག རང་ཉིད་ངོ་སྤྲོད་རེའུ་མིག གཞི་གྲངས་རེའུ་མིག་སོགས་རེའུ་མིག་སྣ་ཚོགས་བར་འཇུག་དགོས་པའང་ཡོད། དེ་བསWord 2007གྱིས་ཀྱང་རེའུ་མིག་གསར་འཛུགས་དང་བཟོ་བཅོས་བྱེད་པའི་བྱེད་ནུས་ཆེན་པོ་མཁོ་འདོན་བྱས་ཡོད། དྲ་མིག་སྒྲོམ། དྲ་མིག་སྒྲོམ་སྤྱད་ནས་རེའུ་མིག་གསར་འཛུགས་བྱེད་པ་ནི་ཆེས་སྟབས་བདེ་བའི་གསར་འཛུགས་བྱེད་ཐབས་ཤིག་ཡིན་ལ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

Wordདྲ་རྒྱའི་བྱེད་ནུས།

Wordནི་ཡིག་ཆ་རྩོམ་སྒྲིག་བྱེད་པའི་གཉེན་ཆས་ལེགས་ཤས་ཤིག་ཡིན་པ་ལས་གཞནInternetལའང་རྒྱབ་སྐྱོར་ཆེན་པོ་བྱེད། དེསInternetཡི་དྲ་གནས་དང་གློག་ཡིག་གི་གནས་སུ་སྦྲེལ་མཐུད་བྱེད་ལ། གློག་ཡིག་དང་ཡིག་ཆ་སྐྱེལ་གཏོང་ཡང་བྱེད་ཐུབ། རིམ་འདས་སྦྲེལ་མཐུད་གསར་འཛུགས་དང་སྒྲིག་འགོད། རིམ་འདས་སྦྲེལ་མཐུད་ནི་ཉེར་སྤྱོད་བྱ་རིམ་དང་ཡིག་ཆ་གཞན། ཐ་ན་རྩིས་འཁོར་མི་འདྲ་བ་བར་གྱི་གཞི་གྲངས་སོགས་བྱེད་ཐབས་ཤིག་སྤྱད་ནས་སྦྲེལ་མཐུད་བྱེད་པ་དེ་ལ་ཟེར།

རིགས་དབྱེ།   ལག་རྩལ།མཉེན་ཆས།

གཞི་གྲངས་ནང་འཇུག

གསར་འཛུགས་བྱས་པའི་ལས་དེབ་ཀྱི་མིག་སྔའི་ལས་ཀའི་རེའུ་མིག་ཏུ་གཞི་གྲངས་ནང་འཇུག་བྱས་ཆོག་ལ། Excel 2007དུ་རིགས་མི་འདྲ་བའི་གཞི་གྲངས་བརྡ་འཕྲིན་ནང་འཇུག་བྱས་ཆོག་སྟེ། དཔེར་ན། ཡིག་རྐྱང་དང་གྲངས་ཐང་། ཟླ་ཚེས་དང་མཚོན་རྟགས་ལ་སོགས་པ་འཇུག་ཆོག་པ་ལྟ་བུའོ།། ཡིག་རྐྱང་ནང་འཇུག Excelཡི་ནང་དུ་ཡིག་རྐྱང་ནང་འཇུག་བྱ་ཐབས་ཤིན་ཏུ་སྟབས་བདེ་ལ། རྒྱུན་པར་གཤམ་གསལ་གྱི་ཐབས་ལམ་དག་བེད་སྤྱོད་བྱས་ཆོག་པ་ཡིན། དྲ་མིག་འདེམས་པ། 1.ཐོག་མར་ལས་དེབ་སྟོང་བ་ཞིག་གསར་འཛུགས་བྱས་ནས། དཔེ་རིས1-1ལྟར། དེའི་མིང་ལ“སྦྱངས་འབྲས་རེའུ་མིག1.xlsx”ཞེས་བཏགས་རྗེས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

རང་འགུལ་འཚག་འདེམས།

རང་འགུལ་འཚག་འདེམས་སྤྱད་ནས་གཞི་གྲངས་འཚག་འདེམས་བྱས་ན་མྱུར་ལ་སྟབས་བདེ་བའི་སྒོ་ནས་སྡེ་ཚན་དྲ་མིག་གམ་རེའུ་མིག་ནང་གི་གཞི་གྲངས་ཀྱི་བུ་ཚོགས་འཚོལ་བའམ་བཀོལ་སྤྱོད་བྱེད་ཐུབ་པ་ཡིན། རྒྱ་ཡིག་གི་མིང་། 自动筛选 འཚག་འདེམས་བྱེད་ཐབས། (1)དཔེ་རིས1-1ལྟར། ཡིག་ཆ་ཞིག་གི་ཁ་ཕྱེ་ནས་གཞི་གྲངས་གསལ་ཐོའི་ནང་གི་སྡེ་ཚན་དྲ་མིག་གང་རུང་ཞིག་བདམས་ནས། བྱང་བུ“གཞི་གྲངས”ཞེས་པ་རུ་བརྗེས་པ་དང་། “རིམ་སྒྲིག་དང་འཚག་འདེམས”ཚོའི་ནང་གི“འཚག་འདེམས”ཞེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱེད་དགོས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྙན་ཞུའི་རེའུ་མིག

Excel 2007གྱིས་སྙན་ཞུའི་རེའུ་མིག་གི་བཀོད་པའི་རྣམ་གཞག་རིགས་ཁ་ཤས་མཁོ་འདོན་བྱས་ཡོད་ལ། སྤྱོད་མཁན་གྱིས་ཐད་ཀར་རྣམ་གཞག་འདི་དག་གཞི་གྲངས་བརྟོལ་མཐོང་རེའུ་མིག་ཏུ་བཀོལ་སྤྱོད་བྱས་ཆོག རྒྱ་ཡིག་གི་མིང་། 报表 རེའུ་མིག་གི་བཀོད་པ་ལེགས་སྒྲིག (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས། སྙན་ཞུའི་རེའུ་མིག་ནང་གི་སྡེ་ཚན་དྲ་མིག་གང་རུང་ཞིག་བདམས་ཏེ། བྱང་བུ“ཇུས་འགོད”ཅེས་པ་རུ་བརྗེས་ནས“བཀོད་པ”ཞེས་པའི་ནང་གི“སྙན་ཞུའི་བཀོད་པ”ཞེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱེད་པ་དང་། ཐོན་པའི་མར་འགྲེམས་མཛོད་དུ་འདེམས་ཚན“སྒྲིག་གཞིའི་རྣམ་པས་མངོན་པ”ཞེས་པ་གདམ་དགོས། དཔེ་རིས1-1

རིགས་དབྱེ།   ལག་རྩལ།མཉེན་ཆས།

གཞི་གྲངས་བརྟོལ་མཐོང་རེའུ་མིག

གཞི་གྲངས་བརྟོལ་མཐོང་རེའུ་མིག་སྤྱད་ནས་སྟབས་བདེ་ངང་རྙོག་དྲ་ཆེ་བའི་གཞི་གྲངས་ལ་སྟར་སྒྲིག་དང་ཕྱོགས་སྒྲིག་བྱས་ནས། བརྡ་འཕྲིན་ཞིབ་མོར་བལྟ་ཞིབ་བྱེད་པའི་དམིགས་ཡུལ་འགྲུབ་ཐུབ་པ་ཡིན། རྒྱ་ཡིག་གི་མིང་། 数据透视表 རེའུ་མིག་བཟོ་ཐབས། (1)དཔེ་རིས1-1ལྟར། ཡིག་ཆ“སྦྱང་འབྲས་རེའུ་མིག”ཅེས་པ་དེའི་ཁ་ཕྱེ་ནས་བྱང་བུ“བར་འཇུག”ཅེས་པ་རུ་བརྗེས་པ་དང་། “རེའུ་མིག”ཅེས་པའི་ནང་གི“གཞི་གྲངས་བརྟོལ་མཐོང་རེའུ་མིག”ཅེས་པ་མཐེབ་གནོན  དེའི་སྟོད་ཆའི་ཆ་ལ་ཆིག་རྡེབ་བྱེད་དགོས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

Excel 2007གྱི་པར་རིས་བར་འཇུག

Excel 2007གྱིསExcel 2003གྱི་རྨང་གཞིའི་སྟེང་པར་རིས་དང་རིས་དབྱིབས་ཀྱི་རིགས་མི་འདྲ་བ་མང་པོ་ཁ་སྣོན་བྱས་ཡོད། རྒྱ་ཡིག་གི་མིང་། Excel 2007 插入图片 ཡིག་ཆའི་པར་རིས། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས་པར་རིས་བར་འཇུག་བྱེད་དགོས་སའི་སྡེ་ཚན་དྲ་མིག་བདམས་རྗེས། བྱང་བུ“བར་འཇུག”ཅེས་པ་རུ་བརྗེས་པ་དང་། “རིས་འཇུག”ཅེས་པའི་ནང་གི“པར་རིས”ཞེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱེད་དགོས། དཔེ་རིས1-1 (2)དཔེ་རིས1-2ལྟར། གླེང་སྒྲོམ“པར་རིས་བར་འཇུག”ཅེས་པ་དེ་ཐོན་ངེས་པ་དང་། “འཚོལ་ཁོངས”ཞེས་པའི་མར་འགྲེམས་རེའུ་མིག་ཏུ་ཉར་ཚགས་བྱས་པའི་པར་རིས་ཡིག་ཆ་བདམས་རྗེས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

Wordཡིག་ཆ་ཉར་ཚགས།

གསར་འཛུགས་བྱས་པའིWordཡིག་ཆ་དང་ཡང་ན་རྩོམ་སྒྲིག་བྱེད་བཞིན་པའི་ཡིག་ཆ་ཞིག་ལ་མཚོན་ན་རྩིས་འཁོར་གློ་བུར་དུ་འཁོར་གེགས་དང་ཡང་ན་གློད་ཆད་པ་སོགས་ཀྱི་དོན་རྐྱེན་དང་འཕྲད་ཚེ། ཡིག་ཆའི་ཆ་འཕྲིན་བོར་བརླག་འབྱུང་བས་རང་གི་ངལ་རྩོལ་གྱི་གྲུབ་འབྲས་ལེགས་སྲུང་བྱེད་ཆེད་ཡིག་ཆ་ནམ་རྒྱུན་དུ་ཉར་ཚགས་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེའོ།། ཡིག་ཆ་ཉར་ཚགས། གལ་ཏེ་གསར་འཛུགས་བྱས་པའི་ཡིག་ཆ་ཉར་ཚགས་བྱེད་དགོས་ན། Officeམཐེབ་གནོན  ལ་ཆིག་རྡེབ་བྱས་པ་ལས་ཐོན་པའི་གདམ་བྱང་གི་བཀའ་བརྡ“ཉར་ཚགས”བདམས་ནས་ཉར་ཚགས་བྱེད་པ་དང་གཞན་ཡང་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”  ལ་ཆིག་རྡེབ་བྱས་ཏེ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྒྲ་བར་འཇུག

སྒྲོན་བརྙན་བཟོ་བའི་སྐབས་སྤྱོད་པ་པོས་དགོས་མཁོར་དམིགས་ནས་སྒྲ་བར་འཇུག་བྱས་ཏེ། གཟིགས་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག་ཐུབ་པ་ཡིན། སྒྲ་བར་འཇུག་བྱེད་དུས་གཏམ་བཤད་སྐབས་ཀྱི་དོན་དངོས་དགོས་མཁོ་ལ་བསམ་བློ་གཏོང་དགོས་པ་ལས། བར་འཇུག་བྱས་པའི་སྒྲས་གཏམ་བཤད་དང་ཤུར་བཤད་ལ་ཤུགས་རྐྱེན་ཐེབས་མི་ཆོག དྲས་སྒྲིག་དོ་དམ་ཆས་ནང་གི་སྒྲ། བྱང་བུ“བར་འཇུག”ནང་གི་མཐེབ་གནོན“སྒྲ”འི་གཤམ་ངོས་ཀྱི་མར་འཐེན་མདའ་རྩེ་ལ་ཆིག་རྡེབ་བྱས་ཏེ་ཁ་ཕྱེ་བའི་བཀའ་བརྡའི་རེའུ་སྟར་དུ་བཀའ་བརྡ“དྲས་སྒྲིག་དོ་དམ་ཆས་ནང་གི་སྒྲ”འདེམས་པ། དེའི་སྐབསPowerPointཡི་ལས་འགན་སྒེའུ་ཁུང“དྲས་སྦྱར་རི་མོ”རང་འགུལ་ངང་ཁ་ཕྱེ་བ་ཡིན།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཡིག་རྐྱང་སྤོ་བསུབ།

ཡིག་ཆ་རྩོམ་སྒྲིག་བྱེད་སྐབས་ཡིག་རྐྱང་འགའ་ཤས་ཀྱི་གནས་སྤོར་དགོས་པའི་དུས་ཀྱང་ཡོད་མོད། ཡིག་རྐྱང་སྤོ་ཐབས་དང་སྐྱར་ཕབ་བྱེད་སྟངས་ཕལ་ཆེར་ཆ་འདྲ་བ་ཡིན་ལ། དེ་གཉིས་མི་མཚུངས་ས་ནི་སྤོས་པའི་ཡིག་རྐྱང་གི་སྔ་མའི་གནས་ཀྱི་ཡིག་རྐྱང་བསུབ་པར་བྱེད་ལ་སྐྱར་ཕབ་བྱས་པའི་ཡིག་རྐྱང་རང་བཞིན་དུ་གནས་པ་དེའོ།། ཡིག་རྐྱང་སྤོ་བ། ཡིག་ཆ་རྩོམ་སྒྲིག་བྱེད་སྐབས་ཡིག་རྐྱང་འགའ་ཤས་ཀྱི་གནས་སྤོར་དགོས་པའི་དུས་ཀྱང་ཡོད་མོད། ཡིག་རྐྱང་སྤོ་ཐབས་དང་སྐྱར་ཕབ་བྱེད་སྟངས་ཕལ་ཆེར་ཆ་འདྲ་བ་ཡིན་ལ། དེ་གཉིས་མི་མཚུངས་ས་ནི་སྤོས་པའི་ཡིག་རྐྱང་གི་སྔ་མའི་གནས་ཀྱི་ཡིག་རྐྱང་བསུབ་པར་བྱེད་ལ་སྐྱར་ཕབ་བྱས་པའི་ཡིག་རྐྱང་རང་བཞིན་དུ་གནས་པ་ཡིན།

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཡིག་རྐྱང་སྐྱར་ཕབ།

ཡིག་ཆ་རྩོམ་སྒྲིག་བྱེད་དུས་ཡིག་རྐྱང་བསྐྱར་ཟློས་ངང་ནང་འཇུག་བྱེད་དགོས་དུས་ཡིག་རྐྱང་སྐྱར་ཕབ་ཀྱི་བྱེད་སྟངས་སྤྱད་ནས་དུས་ཚོད་གྲོན་ཆུང་བྱེད་པ་མ་ཟད། ནང་འཇུག་དང་རྩོམ་སྒྲིག་གི་ཚད་མགྱོགས་པོར་འགྱུར་ངེས་ཡིན། ཡིག་རྐྱང་སྐྱར་ཕབ། 1.སྐྱར་ཕབ་བྱེད་དགོས་པའི་ཡིག་རྐྱང་གདམ་གསེས་བྱས་ནས་མཐེབ་འདུས་མCtrl+Cམནན་རྗེས་བར་འཇུག་ཚེག་བསྐྱར་ཟློས་ངང་ནང་འཇུག་བྱེད་དགོས་པའི་གནས་སུ་སྤོས་ཚེ། མཐེབ་འདུས་མCtrl+Vམནན་ན་ཡིག་རྐྱང་སྦྱོར་ཐུབ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

དུམ་ཚན་གྱི་བར་ཐག

དུམ་ཚན་གྱི་བར་ཐག་ལ་ཕྲེང་གི་བར་ཐག་དང་དུམ་ཚན་གྱི་བར་ཐག་གཉིས་ཡོད་ལ། Word 2007གྱིས་སོར་བཞག་བྱས་ཡོད་པའི་ཕྲེང་གི་བར་ཐག་ནི་ལྡབ་གཅིག་ཅན་གྱི་ཕྲེང་བར་ཡིན་ལ། ཕྲེང་བར་གྱིས་ཡིག་ཆ་ནང་གི་ཡིག་ཕྲེང་རེ་རེར་བར་ཐག་གཏན་འཁེལ་བྱེད་པས་སྤྱོད་མཁན་གྱིས་རང་གི་དགོས་མཁོ་ལྟར་དེ་ཉིད་སྒྲིག་འགོད་བྱས་ཆོག ཕྲེང་བར་སྒྲིག་འགོད། དུམ་ཚན་གྱི་བར་ཐག་ལ་ཕྲེང་གི་བར་ཐག་དང་དུམ་ཚན་གྱི་བར་ཐག་གཉིས་ཡོད་ལ། Word 2007གྱིས་སོར་བཞག་བྱས་ཡོད་པའི་ཕྲེང་གི་བར་ཐག་ནི་ལྡབ་གཅིག་ཅན་གྱི་ཕྲེང་བར་ཡིན་ལ། ཕྲེང་བར་གྱིས་ཡིག་ཆ་ནང་གི་ཡིག་ཕྲེང་རེ་རེར་བར་ཐག་གཏན་འཁེལ་བྱེད་པས་སྤྱོད་མཁན་གྱིས་རང་གི་དགོས་མཁོ་ལྟར་དེ་ཉིད་སྒྲིག་འགོད་བྱས་ཆོག

རིགས་དབྱེ།   ལག་རྩལ།མཉེན་ཆས།

ཡིག་ཆའི་རྒྱབ་ལྗོངས།

ཡིག་ཆའི་རྒྱབ་ལྗོངས་ཁ་དོག་སྣ་ཚོགས་བཀོད་ན་ཡིག་ཆ་གསོན་ཉམས་ལྡན་པར་འགྱུར་ལ། Word 2007གྱི་ནང་དུ་ཡིག་ཆའི་རྒྱབ་ལྗོངས་ཁ་དོག་སྣ་ཚོགས་ཅན་དུ་བཀོད་ཐུབ་པ་མ་ཟད་ཆུ་བརྙན་རྒྱབ་ལྗོངས་ཀྱང་སྒྲིག་འགོད་བྱེད་ཐུབ། ཁ་དོག་སྒྲིག་འགོད། Word 2007གྱིས་ཁ་དོག་བཞི་བཅུ་ལྷག་མཁོ་འདོན་བྱས་ཡོད་ལ་དེ་རུ་འོས་འཚམས་ཀྱི་ཁ་དོག་མེད་ན་ཁྱེད་ཀྱིས་རང་བཟོ་བྱས་ནའང་ཆོག ཡིག་ཆའི་རྒྱབ་ལྗོངས་སྒྲིག་འགོད་བྱེད་ན་བྱང་བུ“ཤོག་ངོས་བཀོད་པ”གདམ་ཁུལ“ཤོག་ངོས་རྒྱབ་ལྗོངས”སུ་ཤོག་ངོས་ཁ་དོག་མཐེབ་གནོན

རིགས་དབྱེ།   ལག་རྩལ།མཉེན་ཆས།

རིས་དབྱིབས།

Word 2007གྱི་ནང་དུ་ནང་སྒྲིག་བྱས་པའི་རིས་དབྱིབས་ཏེ་དྲང་ཐིག མདའ་མགོ ལས་རིམ་རི་མོ། སྐར་མ་དང་དར་ཆ། མཆན་འགོད་སོགས་མང་པོ་ཞིག་མཁོ་འདོན་བྱས་ཡོད་པ་ཐད་ཀར་དུ་ཡིག་ཆ་རུ་བར་འཇུག་བྱས་ཆོག དེར་རིས་དབྱིབས་ཤིག་བར་འཇུག་བྱེད་པ་དང་ཡང་ན་རིས་དབྱིབས་དུ་མ་མཉམ་སྒྲིལ་བྱས་ན། རིས་དབྱིབས་གསར་པའམ་ཡང་ན་དེ་ལས་རྙོག་འཛིང་ཅན་གྱི་དབྱིབས་གསར་པ་ཞིག་གྲུབ་ངེས་ཡིན། རིས་དབྱིབས་བར་འཇུག། Word 2007གྱི་ནང་དུ་སྟབས་བདེ་ངང་རིས་དབྱིབས་གང་རུང་བར་འཇུག་བྱེད་ཐུབ་ལ། བྱང་བུ“བར་འཇུག”གི་གདམ་ཁུལ“བར་འཇུག་རི་མོ”འི་མཐེབ་གནོན“རིས་དབྱིབས”  ལ་ཆིག་རྡེབ་བྱས་ན་གདམ་བྱང་ཞིག་ཕྱིར་ཐོན་ཡོང་ལ། དེ་ནས་མཁོ་བའི་རིས་དབྱིབས་མཐེབ་གནོན་ལ་ཆིག་རྡེབ་བྱས་ན་དེ་ཉིད་བར་འཇུག་བྱེད་ཐུབ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྡེ་ཚན་དྲ་མིག

སྡེ་ཚན་དྲ་མིག་གི་རྩ་བའི་སྤྱོད་ཚུལ་དུ་གཙོ་བོ་སྡེ་ཚན་དྲ་མིག་གདམ་པ་དང་སྡེ་ཚན་དྲ་མིག་བར་འཇུག སྡེ་ཚན་དྲ་མིག་བསུབ་པ། སྡེ་ཚན་དྲ་མིག་ཟླ་སྒྲིལ་དང་དབྱེ་ཕྲལ་བྱ་ཚུལ་དང་སྡེ་ཚན་དྲ་མིག་གི་ཆེ་ཆུང་ལེགས་སྒྲིག་སོགས་འདུས་ཡོད། དྲ་མིག་འདེམས་པ། སྡེ་ཚན་དྲ་མིག་འདེམས་ཚུལ་ལ་ཐབས་མང་པོ་ཡོད་དེ། སྤྱོད་མཁན་གྱིས་གནས་བབས་ལ་གཞིགས་ནས་ཐབས་ལམ་མི་འདྲ་བ་བཀོལ་ཆོག་པ་ཡིན།  དྲ་མིག་རྐྱང་མ། སྡེ་ཚན་དྲ་མིག་རྐྱང་མ་འདེམས་ཚུལ་ནི་ཤིན་ཏུ་སྟབས་བདེ་སྟེ། དཔེ་རིས1-1ལྟར། ཙིག་མདའ་གདམ་དགོས་པའི་སྡེ་ཚན་དྲ་མིག་ཏུ་སྤོས་ནས།

རིགས་དབྱེ།   ལག་རྩལ།མཉེན་ཆས།

སྟར་མང་རིམ་སྒྲིག

སྟར་མང་རིམ་སྒྲིག་ཅེས་པ་ནི་གཞི་གྲངས་རེའུ་མིག་ནང་གི་སྟར་གཉིས་སམ་སྟར་མང་པོའི་གཞི་གྲངས་ལ་འཕར་རིམ་དང་ཡང་ན་འབབ་རིམ་དུ་རིམ་སྒྲིག་བྱེད་པ། རྒྱ་ཡིག་གི་མིང་། 多列排序 རིམ་སྒྲིག་བྱེད་ཐབས། (1)ཡིག་ཆ་ཞིག་གི་ཁ་ཕྱེ་ནས་གཞི་གྲངས་ཞིབ་ཐོའི་ནང་གི་སྡེ་ཚན་དྲ་མིག་གང་རུང་ཞིག་བདམས་ཏེ། བྱང་བུ“གཞི་གྲངས”ཞེས་པ་རུ་བརྗེས་ནས“རིམ་སྒྲིག་དང་འཚག་འདེམས”ཞེས་པའི་ནང་གི“རིམ་སྒྲིག”ཅེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱས་པས་ན། དཔེ་རིས1-1ལྟར། སྒེའུ་ཁུང“རིམ་སྒྲིག”ཅེས་པ་ཐོན་པ་དང་། དེ་ནས་སྡེབ་སྒྲིག་སྒྲོམ་བུ“སྟར”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག“གནད་ཡིག་གཙོ་བོ”ཞེས་པའི་ནང་དུ་འདེམས་ཚན“དུས་ཚོད”ཅེས་པ་བདམས་པ་དང་། སྡེབ་སྒྲིག་སྒྲོམ་བུ“རིམ་སྒྲིག་འཛིན་པ”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག་ནང་དུ་འདེམས་ཚན“གྲངས་ཐང”ཞེས་པ་བདམས་ནས། སྡེབ་སྒྲིག་སྒྲོམ་བུ“གོ་རིམ”ཞེས་པའི་ནང་གི་མར་འགྲེམས་རེའུ་མིག་དུ་འདེམས་ཚན“འབབ་རིམ”ཞེས་པ་གདམ་

རིགས་དབྱེ།   ལག་རྩལ།མཉེན་ཆས།

དུམ་ཚན་སྙོམས་སྒྲིག

དུམ་ཚན་སྙོམས་སྒྲིག་ནི་ཡིག་ཚགས་ཀྱི་མཐའ་སྙོམས་སྒྲིག་བྱེད་སྟངས་ལ་གོ་དགོས། དེ་ལ་མཐའ་གཉིས་སྙོམས་སྒྲིག དཀྱིལ་སྒྲིག གཡོན་སྙོམས། གཡས་སྙོམས་དང་ཐོར་སྒྲིག་བཅས་རྣམ་པ་ལྔ་ཡོད། རྒྱ་ཡིག་གི་མིང་། 段落对齐  སྙོམས་སྒྲིག་གི་རྣམ་པ། དུམ་ཚན་སྙོམས་སྒྲིག་ནི་ཡིག་ཚགས་ཀྱི་མཐའ་སྙོམས་སྒྲིག་བྱེད་སྟངས་ལ་གོ་དགོས། དེ་ལ་མཐའ་གཉིས་སྙོམས་སྒྲིག དཀྱིལ་སྒྲིག གཡོན་སྙོམས། གཡས་སྙོམས་དང་ཐོར་སྒྲིག་བཅས་རྣམ་པ་ལྔ་ཡོད། (1)“མཐའ་གཉིས་སྙོམས་སྒྲིག”འདི་ནིWordཡིས་སོར་བཞག་བྱས་ཡོད་པའི་སྙོམས་སྒྲིག་བྱེད་སྟངས་ཏེ་ཡི་གེ་ཡོད་ཚད་ཤོག་ངོས་ཀྱི་གཡས་གཡོན་མཐའ་གཉིས་སུ་སྙོམས་སྒྲིག་བྱེད་པ་ཡིན་མོད།

རིགས་དབྱེ།   ལག་རྩལ།མཉེན་ཆས།

རྣམ་གཞག་སྐྱར་ཕབ།

ཡིག་ཆའི་ནང་གི་ཡི་གེ་དུ་མ་ཞིག་ལ་རྣམ་གཞག་འདྲ་མཚུངས་ཅན་སྤྱོད་དགོས་ཚེ། “རྣམ་གཞག་སྒྱུར་བྱེད”བེད་སྤྱད་ནས་རྣམ་གཞག་དེ་མགྱོགས་མྱུར་ངང་སྒྲིག་འགོད་བྱེད་ཐུབ། རྒྱ་ཡིག་གི་མིང་། 格式刷  སྐྱར་ཕབ་བྱེད་ཐབས། ཡིག་ཆའི་ནང་གི་ཡི་གེ་དུ་མ་ཞིག་ལ་རྣམ་གཞག་འདྲ་མཚུངས་ཅན་སྤྱོད་དགོས་ཚེ། བྱང་བུ“འགོ་རྩོམ”གྱི་གདམ་ཁུལ“དྲས་སྦྱར་པང”དུ་མཐེབ་གནོན“རྣམ་གཞག་སྒྱུར་བྱེད”  སྤྱད་ན། རྣམ་གཞག་དེ་མགྱོགས་མྱུར་ངང་སྒྲིག་འགོད་བྱ་ཐུབ་སྟེ། བྱང་བུ“འགོ་རྩོམ”གྱི་གདམ་ ཁུལ“དྲས་སྦྱར་པང”དུ་མཐེབ་གནོན“རྣམ་གཞན་སྒྱུར་བྱེད”   ལ་ཆིག་རྡེབ་བྱས་ན་རྣམ་གཞག་དེ་ཐེངས་གཅིག་ལ་སྐྱར་ཕབ་བྱེད་ནུས་ལ་གཉིས་རྡེབ་བྱས་ན་ཐེངས་དུ་མར་སྐྱར་ཕབ་བྱེད་ཐུབ་བོ།། དཔེར་ན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ངོ་སྤྲོད་ཅེས་པའི་ཡིག་ཆ་འདིའི་ནང་གི་གཞུང་དངོས་ཀྱི་ཡི་གེ་ལ་སྒྲིག་འགོད་བྱས་པའི་རྣམ་གཞག་དེ་ཡི་གེ་གཞན་དུ་སྐྱར་ཕབ་བྱ་ཚུལ།

རིགས་དབྱེ།   ལག་རྩལ།མཉེན་ཆས།

དྲ་མིག་གི་མཐའ་སྒྲོམ།

སྡེ་ཚན་དྲ་མིག་གམ་སྡེ་ཚན་དྲ་མིག་གི་ཁུལ་ལ་མཐའ་སྒྲོམ་བྲིས་པས་ན། རེའུ་མིག་དེ་བས་ཀྱང་གསལ་པོར་མཐོང་ཐུབ་པ་ཡིན། རྒྱ་ཡིག་གི་མིང་། 单元格边框 མཐའ་སྒྲོམ་སྒྲིག་འགོད། སྡེ་ཚན་དྲ་མིག་གམ་སྡེ་ཚན་དྲ་མིག་གི་ཁུལ་ལ་མཐའ་སྒྲོམ་བྲིས་པས་ན། རེའུ་མིག་དེ་བས་ཀྱང་གསལ་པོར་མཐོང་ཐུབ་པ་ཡིན་ཏེ། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས་སྡེ་ཚན་དྲ་མིག་གི་ཁུལA2:G10གདམ་དགོས། དཔེ་རིས1-1 (2)དཔེ་རིས1-2ལྟར། “སྡེ་ཚན་དྲ་མིག”ཚོའི་ནང་གི་མཐེབ་གནོན  ལ་ཆིག་རྡེབ་བྱས་ནས་ཐོན་པའི་མར་འགྲེམས་མཛོད་དུ“སྡེ་ཚན་དྲ་མིག་གི་རྣམ་གཞག་སྒྲིག་འགོད”ཅེས་པའི་འདེམས་ཚན་གདམ་དགོས། དཔེ་རིས1-2

རིགས་དབྱེ།   ལག་རྩལ།མཉེན་ཆས།

Excel 2007གྱི་རེའུ་མིག་པར་འདེབས།

རེའུ་མིག་པར་འདེབས་མ་བྱས་སྔོན་ལ་རེའུ་མིག་ལ་སྒྲིག་འགོད་བྱེད་དགོས་པ་དང་སྒྲིག་འགོད་བྱས་ཚར་རྗེས་པར་འདེབས་བྱས་ཆོག རྒྱ་ཡིག་གི་མིང་། Excel 2007打印 རིགས་འདྲ་བ་མང་པོ་པར་འདེབས། རེའུ་མིག་གཅིག་འདྲ་མང་པོ་པར་འདེབས་བྱེད་ཐབས་ཤིན་ཏུ་སྟབས་བདེ་པོ་ཡོད་ལ། གཤམ་དུ་དེའི་སྒྲིག་འགོད་བྱ་ཚུལ་ངོ་སྤྲོད་ཞུ་བར་བྱ་སྟེ། (1)དཔེ་རིས1-1ལྟར། ཡིག་ཆའི་ཁ་ཕྱེ་ནས“Officeམཐེབ་གནོན”ཞེས་པའི་མཐེབ་གནོན  ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་མར་འགྲེམས་འདེམས་ཚན་དུ“པར་འདེབས”/“པར་འདེབས”ཞེས་པ་གདམ་དགོས། དཔེ་རིས1-1

རིགས་དབྱེ།   ལག་རྩལ།མཉེན་ཆས།