སྟོན་འགྲེམས་ཟིན་བྲིས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྟོན་འགྲེམས་ཟིན་བྲིས་ནི་གནས་ཚུལ་དང་དོན་དག་ཞིག་ངོ་སྤྲོད་བྱ་བའི་སྨྱན་མང་གཟུགས་ཀྱི་རྒྱུ་ཆའི་ཚོ་ཞིག་ཡིན་ལ། Powerpointཡིས་སྐྱེད་གྲུབ་བྱས་པའི་ཡིག་ཆའི་ཚུལ་ཞིག་ཀྱང་ཡིན། སྟོན་འགྲེམས་ཟིན་བྲིས་ནང་དུ་སྒྲོན་བརྙན་དང་། ཟུར་མཆན། རྩ་གནད་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། Powerpointནི་དེ་རྣམས་བཟོ་བ་དང་། སྟོན་བྱེད་ཀྱི་གལ་ཆེ་བའི་ལག་ཆ་ཞིག་ཡིན། Powerpointཡི་ནང་གི་སྟོན་འགྲེམས་ཟིན་བྲིས་དང་སྒྲོན་བརྙན་གྱི་ཐ་སྙད་ནི་མི་འདྲ་ལ། Powerpointཡིས་བཟོས་པའི་ཡིག་ཆར་སྟོན་འགྲེམས་ཟིན་བྲིས་དང་དེའི་ནང་གི་ཤོག་ལྷེ་རེ་རེ་ལ་སྒྲོན་བརྙན་ཞེས་ཟེར་བ་ཡིན།
1 གོ་དོན།

སྟོན་འགྲེམས་ཟིན་བྲིས་ནི་གནས་ཚུལ་དང་དོན་དག་ཞིག་ངོ་སྤྲོད་བྱ་བའི་སྨྱན་མང་གཟུགས་ཀྱི་རྒྱུ་ཆའི་ཚོ་ཞིག་ཡིན་ལ། Powerpointཡིས་སྐྱེད་གྲུབ་བྱས་པའི་ཡིག་ཆའི་ཚུལ་ཞིག་ཀྱང་ཡིན། སྟོན་འགྲེམས་ཟིན་བྲིས་ནང་དུ་སྒྲོན་བརྙན་དང་། ཟུར་མཆན། རྩ་གནད་སོགས་ཀྱི་ནང་དོན་ཚུད་ཡོད་པ་དང་། Powerpointནི་དེ་རྣམས་བཟོ་བ་དང་། སྟོན་བྱེད་ཀྱི་གལ་ཆེ་བའི་ལག་ཆ་ཞིག་ཡིན།

2 མགྱོགས་མྱུར་ངང་ཟིན་བྲིས་སྟོང་པ་བཟོ་བ།

སྟོན་འགྲེམས་ཟིན་བྲིས་སྟོང་པ་ནི་བཀོད་པའི་རྣམ་གཞག་ཚུད་པའི་སྒྲོན་བརྙན་སྟོང་པས་གྲུབ་པ་ཞིག་ཡིན་པ་དང་། སྤྱོད་པ་པོས་སྒྲོན་བརྙན་སྟོང་པའི་སྟེང་རང་གཤིས་ལྡན་པའི་རྒྱབ་ལྗོངས་ཁ་དོག་དང་། ཚོས་སྡེབ་ཇུས་གཞི ཡིག་རྐྱང་རྣམ་གཞག པར་རིས་བཅས་ལ་ཇུས་འགོད་བྱེད་ཐུབ།

2_1 Powerpointའགོ་སློང་བྱས་ནས་བཟོ་བ།

མཐེབ་གནོན“མགོ་འཛུགས”བརྒྱུད་ནསPowerpointའགོ་སློང་བ་དང་། ཡིག་ཚགས་གསར་པ་བཟོས་པ་བརྒྱུད་ནས་འགོ་སློང་བ། ཡང་ན་ད་ཡོད་ཀྱི་སྟོན་འགྲེམས་ཟིན་བྲིས་བརྒྱུད་ནས་འགོ་སློང་བྱས་ན་རང་འགུལ་གྱིས་སྟོན་འགྲེམས་ཟིན་བྲིས་སྟོང་པ་ཞིག་གི་ཁ་ཕྱེ་བ་ཡིན། དཔེ་རིས1-1ལྟར།

1.jpg

དཔེ་རིས1-1

2_2 མཐེན་གནོནOfficeབེད་སྤྱད་ནས་བཟོ་བ།

ལས་ཀའི་འཆར་ངོས་གཡོན་ཟུར་སྟེང་མའི་མཐེབ་གནོནOfficeལ་ཆིག་རྡེབ་བྱས་ནས་ཐོན་པའི་གདམ་བྱང་ནས་བཀའ་བརྡ“གསར་འཛུགས”བདམས་ན་དཔེ་རིས1-2ལྟར། གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཀྱི་ཁ་ཕྱེ་ཐུབ། གླེང་སྒྲོམ་གྱི་རེའུ་སྒྲོམ“དཔེ་པང”ནང་གི་འདེམས་ཚན“ཡིག་ཚགས་སྟོང་པ”བདམས་ནས་མཐེབ་གནོན“གསར་འཛུགས”ལ་ཆིག་རྡེབ་བྱས་ན། ལམ་སང་སྟོན་འགྲེམས་ཟིན་བྲིས་སྟོང་པ་ཞིག་གསར་འཛུགས་བྱེད་པ་ཡིན།

2.jpg

དཔེ་རིས1-2

3  བཟོ་ཐབས་གཞན།

Powerpointཡིས་སྟབས་བདེ་ངང་སྟོན་འགྲེམས་ཟིན་བྲིས་སྟོང་པ་བཟོ་ཐུབ་པ་ལས་གཞན་རང་བཟོས་དཔེ་པང་དང་། ད་ཡོད་ནང་དོན། ནང་སྒྲིག་དཔེ་པང་བཅས་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་བཟོ་ཐུབ། དཔེ་པང་ནི་དམིགས་བསལ་རྣམ་གཞག་གིས་ཉར་ཚགས་བྱས་པའི་སྟོན་འགྲེམས་ཟིན་བྲིས་ཤིག་ཡིན། དཔེ་པང་ཞིག་བཀོལ་སྤྱོད་བྱས་རྗེས་སྒྲོན་བརྙན་གྱི་རྒྱབ་ལྗོངས་རིས་དབྱིབས་དང་། ཚོས་སྡེབ་ཇུས་གཞི་སོགས་གཏན་འཁེལ་བ་ཡིན། དེར་བརྟེན་དཔེ་པང་བེད་སྤྱད་ན་སྟོན་འགྲེམས་ཟིན་བྲིས་བཟོ་བའི་ལས་ཆོད་ཆེ་རུ་འགྲོ་བ་ཡིན།

3_1 ད་ཡོད་དཔེ་པང་།

Powerpoint 2007གྱིས་ཇུས་འགོད་དཔེ་པང་མང་པོ་མཁོ་སྤྲོད་བྱས་ཡོད། ཇུས་འགོད་དཔེ་པང་དེ་རྣམས་ལ་སྟོན་འགྲེམས་ཟིན་བྲིས་ཀྱི་བཟོ་ལྟ་མ་ཟད་སྒྲོན་བརྙན་གྱི་རྒྱབ་ལྗོངས་དང་། རྒྱན་རིས། ཡི་གེའི་བཀོད་པ། ཡི་གེའི་ཁ་དོག ཡིག་གཟུགས་ཆེ་ཆུང་སོགས་གཏན་འཁེལ་བྱས་ཟིན་པ་ཡིན། སྤྱོད་པ་པོས་སྟོན་འགྲེམས་ཟིན་བྲིས་ཇུས་འགོད་བྱེད་སྐབས་སྟོན་འགྲེམས་ཟིན་བྲིས་ཀྱི་སྤྱི་ཡོངས་ཀྱི་རྣམ་པ་བདམས་རྗེས་སྔར་ལས་ལྷག་པའི་རྩོམ་སྒྲིག་དང་བཟོ་བཅོས་བྱས་ཆོག ད་ཡོད་ཀྱི་དཔེ་པང་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་བཟོ་བའི་བརྒྱུད་རིམ་གཤམ་གསལ་ལྟར།

1.Powerpoint 2007འགོ་སློང་བྱས་ནས་ལས་ཀའི་འཆར་ངོས་ཀྱི་ཁ་ཕྱེ་བ།

2.མཐེབ་གནོནOfficeལ་ཆིག་རྡེབ་བྱས་ཏེ་ཐོན་པའི་གདམ་བྱང་དུ་བཀའ་བརྡ“གསར་འཛུགས”བདམས་ནས་གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཀྱི་ཁ་ཕྱེ་བ།

3.གླེང་སྒྲོམ་གཡོན་ངོས་ཀྱི་རེའུ་སྒྲོམ“དཔེ་པང”ནང་ནས“སྒྲིག་འཇུག་བྱས་ཟིན་པའི་དཔེ་པང”ཞེས་པ་གདམ་དགོས། དེའི་སྐབས་གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཡི་མཐོང་འབྲས་དཔེ་རིས1-3ལྟར་ཡིན།

3.jpg

དཔེ་རིས1-3

4.རེའུ་སྒྲོམ“སྒྲིག་འཇུག་བྱས་ཟིན་པའི་དཔེ་པང”ནས་དཔེ་པང“དེང་རབས་པར་དེབ”བདམས་ནས་མཐེབ་གནོན“གསར་འཛུགས”ལ་ཆིག་རྡེབ་བྱས་ཚེ་དཔེ་རིས1-4ལྟར། དཔེ་པང་དེ་སྟོན་འགྲེམས་ཟིན་བྲིས་ནང་དུ་བཀོལ་སྤྱོད་བྱེད་པ་ཡིན།

4.jpg

དཔེ་རིས1-4

3_2 རང་བཟོས་དཔེ་པང་།

སྤྱོད་པ་པོས་རང་བཟོས་སྟོན་འགྲེམས་ཟིན་བྲིས་དེ“Powerpointདཔེ་པང”གི་རིགས་སུ་ཉར་ཚགས་བྱས་ན་དེ་ནི་རང་བཟོས་དཔེ་པང་ཡིན་པ་མ་ཟད“ངའི་དཔེ་པང”ནང་ནས་འདྲེན་སྤྱོད་བྱས་ཆོག

1.སྟོན་འགྲེམས་ཟིན་བྲིས་ནང་གི་བརྗོད་གཞི་དང་། པར་རྣམ། ཡིག་གཟུགས་བཟོ་ལྟ། རྒྱབ་ལྗོངས་པར་རིས། ཚོས་སྡེབ་ཇུས་གཞི་སོགས་ཀྱི་གཞི་རྒྱུ་རྣམས་ཇུས་འགོད་བྱས་ཟིན་རྗེས་དཔེ་པང་དུ་ཉར་ཚགས་བྱེད་དགོས།

1.ཕབ་ལེན་དང་། མཉམ་སྤྱོད། འོད་སྡེར་སོགས་ནས་ཐོབ་པའི་དཔེ་པང་བེད་སྤྱོད་པ།

3_3 ད་ཡོད་ཀྱི་ནང་དོན།

སྤྱོད་པ་པོསPowerpointནང་གི་བྱེད་ནུས“ད་ཡོད་ཀྱི་ནང་དོན་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་གསར་འཛུགས”བེད་སྤྱད་ནས་ད་ཡོད་སྟོན་འགྲེམས་ཟིན་བྲིས་ནང་གི་ནང་དོན་དང་། ཁྱད་ཆོས་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་གཞན་ཇུས་འགོད་བྱེད་ཐུབ་པ་མ་ཟད། སྤྱོད་པ་པོས་དེ་ཡི་རྨང་གཞིའི་ཐོག་བཟོ་བཅོས་འོས་འཚམ་ཡང་བྱས་ཆོག ད་ཡོད་ཀྱི་ནང་དོན་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་གསར་འཛུགས་བྱ་འདོད་ན། གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ནང་གི“ད་ཡོད་ནང་དོན་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཞེས་པའི་བཀའ་བརྡ་བདམས་ཏེ། ཁ་ཕྱེ་བའི་གླེང་སྒྲོམ“ད་ཡོད་ནང་དོན་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཀྱི་འབྲེལ་ཡོད་སྟོན་འགྲེམས་ཟིན་བྲིས་ཡིག་ཆ་བདམས་ནས་མཐེབ་གནོན“གསར་འཛུགས”ལ་ཆིག་རྡེབ་བྱེད་པ། དཔེ་རིས1-5ལྟར།

5.jpg

དཔེ་རིས1-5

སྤྱོད་པ་པོས་གླེང་སྒྲོམ“ད་ཡོད་ནང་དོན་ལ་གཞིགས་ནས་སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཡི་ནང་ནས་དྲ་ངོས་ཀྱི་ཡིག་ཆའི་ཁ་ཕྱེ་ཐུབ་པ་ཡིན་པས། Powerpointཡི་བྱེད་ནུས་འདི་སྤྱད་ནས་མགྱོགས་མྱུར་ངང་རྣམ་པ་གཞན་གྱི་ཡིག་ཆ་ཡང་སྟོན་འགྲེམས་ཟིན་བྲིས་སུ་བཟོ་ཐུབ་པ་ཡིན།

སྤྱོད་པ་པོས་སྔོན་མའི་སྟོན་འགྲེམས་ཟིན་བྲིས་ནང་གི་སྒྲོན་བརྙན་དེ་མིག་སྔའི་སྟོན་འགྲེམས་ཟིན་བྲིས་ནང་དུ་བར་འཇུག་ཡང་བྱེད་ཐུབ་སྟེ།

1. Powerpointའགོ་སློང་བྱས་ནས་སྟོན་འགྲེམས་ཟིན་བྲིས་ནང་དུ་དཔེ་པང“དེང་རབས་དཔེ་པང”ཅེས་པ་དེ་བཀོལ་སྤྱོད་བྱེད་པ།

2.སྐབས་འདིར་འོད་རྟགས་དེ་སྒྲོན་བརྙན་གཉིས་པ་དང་གསུམ་པའི་བར་དུ་གནས་ངེས་པ་དང་། བྱང་བུ“མགོ་འཛུགས”ཀྱི“སྒྲོན་བརྙན”ཚོའི་ནང་གི་མཐེབ་གནོན“སྒྲོན་བརྙན་གསར་འཛུགས”ཞེས་པའི་གཡས་ཟུར་འོག་མའི་མར་འགྲེམས་མདའ་མགོར་ཆིག་རྡེབ་བྱས་ནས། ཐོན་པའི་གདམ་བྱང་ནས་བཀའ་བརྡ“སྒྲོན་བརྙན་བསྐྱར་སྤྱོད”གདམ་ན་དཔེ་རིས1-6ལྟར། སྒེའུ་ཁུང“སྒྲོན་བརྙན་བསྐྱར་སྤྱོད”ཀྱི་ཁ་ཕྱེ་ཐུབ།

6.jpg

དཔེ་རིས1-6

3.དེ་ནས་ལས་འགན་སྒེའུ་ཁུང“སྒྲོན་བརྙན་བསྐྱར་སྤྱོད”ཀྱི་ནང་དུ་མཐེབ་གནོན“བཤར་ལྟ”ཞེས་པ་ལ་ཆིག་རྡེབ་བྱེད་པ་མ་ཟད། ཐོན་པའི་གདམ་བྱང་ནས་བཀའ་བརྡ“ཡིག་ཆར་བཤར་ལྟ”བདམས་ནས་གླེང་སྒྲོམ“བཤར་ལྟ”ཡི་ཁ་ཕྱེ་བ།

4.གླེང་སྒྲོམ“བཤར་ལྟ”ནང་མཁོ་བའི་ད་ཡོད་ཀྱི་སྟོན་འགྲེམས་ཟིན་བྲིས་གདམ་པ། དཔེ་རིས1-7ལྟར།

7.jpg

དཔེ་རིས1-7

5.མཐེབ་གནོན“ཁ་ཕྱེ”ལ་ཆིག་རྡེབ་བྱས་ན་དཔེ་རིས1-8ལྟར། སྒེའུ་ཁུང་ནང་དུ་ད་ཡོད་སྟོན་འགྲེམས་ཟིན་བྲིས་ནང་གི་སྒྲོན་བརྙན་མངོན་པ་ཡིན།

8.jpg

དཔེ་རིས1-8

6.སྒྲོན་བརྙན་གསལ་ཐོའི་ནང་དུ་མཁོ་བའི་སྒྲོན་བརྙན་ལ་ཆིག་རྡེབ་བྱས་ཚེ་དཔེ་རིས1-9ལྟར། སྒྲོན་བརྙན་དེ་དམིགས་སུ་བཙུགས་པའི་གནས་སུ་བར་འཇུག་བྱེད་པ་ཡིན།

9.jpg

དཔེ་རིས1-9

3_4 Office Onlineདཔེ་པང་།

powerpoint 2007ཡིOffice Onlineབྱེད་ནུས་ཀྱིས་རིན་མེད་དཔེ་པང་ཡིག་ཆ་མང་པོ་མཁོ་སྤྲོད་བྱས་ཡོད་པས། སྤྱོད་པ་པོས་ཐད་ཀར་གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས”ནང་དུOffice Online ཡི་བྱེད་ནུས་བེད་སྤྱད་ཆོག Office Online སྟེང་གི་ལོ་ཐོའི་དཔེ་པང་བེད་སྤྱད་ནས་སྟོན་འགྲེམས་ཟིན་བྲིས་བཟོ་ཚུལ་གཤམ་གསལ་ལྟར་ཡིན།

1. powerpoint 2007འགོ་སློང་བྱས་ནས་ལས་ཀའི་འཆར་ངོས་ཀྱི་ཁ་ཕྱེ་བ།

2.མཐེབ་གནོནOfficeལ་ཆིག་རྡེབ་བྱས་ནས་ཐོན་པའི་གདམ་བྱང་ནས་བཀའ་བརྡ“གསར་འཛུགས”བདམས་ན་གླེང་སྒྲོམ“སྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཀྱི་ཁ་ཕྱེ་བ་ཡིན།

3.གླེང་སྒྲོམ་སྟེང་ཕྱོགས་ཀྱི་བཤེར་འཚོལ་ཚང་གི་ཡིག་སྒྲོམ་ནང་དུ་འཚོལ་བྱའི་ཡི་གེ“ལོ་ཐོ”ནང་འཇུག་བྱས་ཏེ། མཐེབ་གནོན“འཚོལ་མགོ་འཛུགས”ལ་ཆིག་རྡེབ་བྱས་ན་དཔེ་རིས1-10ལྟར། གླེང་སྒྲོམ་ནང་དུ་འཚོལ་བཞིན་པའི་འཆར་ངོས་མངོན་པ་ཡིན།

10.jpg

དཔེ་རིས1-10

4.མཐར་དཔེ་རིས1-11ལྟར། གླེང་སྒྲོམ་ནང་དུ་རྙེད་པའི་དཔེ་པང་མངོན་པ་ཡིན།

11.jpg

དཔེ་རིས1-11

རེའུ་སྒྲོམ“བཤེར་འཚོལ་མཇུག་འབྲས”ཀྱི་ནང་དུ་མཁོ་བའི་དཔེ་པང་བདམས་ཏེ་མཐེབ་གནོན“ཕབ་ལེན”ལ་ཆིག་རྡེབ་བྱས་ན་དཔེ་པང་ཐོབ་པ་ཡིན། Microsoftདྲ་ཚུགས་རྒྱུན་པར་གསར་སྒྱུར་བྱེད་པས་སྤྱོད་པ་པོར་ཐོབ་པའི་རེའུ་ཐོ“བཤེར་འཚོལ་མཇུག་འབྲས”དཔེ་རིས1-11ལྟར། བཤེར་འཚོལ་མཇུག་འབྲས་མི་འདྲ་བ་ཡོང་སྲིད་པ་མ་ཟད། Office Onlineདཔེ་པང་དེསOfficeམཉེན་ཆས་དངོས་ཁོ་ནར་རྒྱབ་སྐྱོར་བྱེད་པ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-08

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།