ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས། >གཞན་དག

བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས།

ཀུན་སྤྱོད་བོད་ཡིག་ཡིག་གཟུགས་བརྗེ་སྒྱུར་མཉེན་ཆས་འདི་ནི་སྐུ་ཞབས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གསར་བཟོ་བྱས་པ་རེད། མཉེན་ཆས་འདི་གསར་བཟོ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་བོད་ཡིག་བེད་སྤྱོད་བྱེད་མཁན་རྣམས་ལ་བོད་ཡིག་ཨང་རྟགས་སམ་ཡིག་གཟུགས་མི་གཅིག་པའི་ཡིག་ཆ་ཕན་ཚུན་བརྗེ་སྒྱུར་བྱེད་ཐུབ་པའི་ལག་ཆ་ཞིག་འདོན་སྤྲོད་བྱས་པ་དེ་རེད།

རིགས་དབྱེ།  

བློ་བཟང་བྱིས་སྒྲུང་ཀུན་འདུས།

བློ་བཟང་བྱིས་སྒྲུང་ཀུན་འདུས་ཞེས་པའི་སློབ་སྦྱོང་མཉེན་ཆས་འདི་ཡིས་མངལ་གནས་ཕྲུ་གུའི་བག་ལ་ཉལ་བའི་ཤེས་པ་ཆེས་ཆེར་འདོན་ནུས་ལ། ལོ0-3ཅན་གྱི་ཕྲུ་གུས་སྐད་ཆ་སྦྱོང་པར་རྨང་གཞི་ལེགས་པོ་འདིང་ཐུབ། གལ་ཏེ་ཁྱེད་ལ་མངལ་གནས་ཕྲུ་གུའི་སློབ་གསོ་དང་ཕྲུ་གུའི་སློབ་གསོ་གཙིགས་སུ་འཛིན་པའི་འདུན་པ་ཤུགས་དྲག་ལྡན་ན། བློ་བཟང་བྱིས་སྒྲུང་ཀུན་འདུས་ཀྱིས་ཁྱེད་ཀྱི་ཁྱིམ་ཚང་གི་སློབ་གསོར་ལག་རོགས་དང་སྡོངས་གྲོགས་མཛད་ངེས་ཡིན།

རིགས་དབྱེ།  

བོད་རྒྱ་དབྱིན་གསུམ་གྱི་གློག་རྡུལ་ཚིག་མཛོད།

བློ་བཟང་གློག་རྡུལ་ཚིག་མཛོད་ཆེན་མོ་འདི་ནི་སྔོན་མའི་གློག་རྡུལ་ཚིག་མཛོད་ཀྱི་རྨང་གཞིའི་སྟེང་གསར་དུ་བཟོས་པ་ཞིག་སྟེ། བོད་ཡིག་ཆ་འཕྲིན་ལག་རྩལ་གསར་བ་སྤྱད་ཡོད་པར་མ་ཟད། ནང་འཇུག་བྱས་པའི་ཚིག་མཛོད་ཀྱི་གྲངས་མང་ཞིང་ནང་དོན་ཕུན་སུམ་ཚོགས་པར་བཏང་ཡོད་པས། བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དང་སློབ་སྦྱོང་འཕྲུལ་ཆས་ཀྱི་བྱེད་ནུས་གཉིས་དང་ལྡན་པའི་གློག་རྡུལ་འཕྲུལ་ཆས་ཤིག་ཡིན།

རིགས་དབྱེ།  

བོད་ཡིག་ཁྱབ་སྤེལ་གནད་དོན་ཐག་གཅོད་བྱེད་ཐབས།

གལ་ཏེ་བོད་ཡིག་མཉེན་ཆས་ནང་འཇུག་བྱས་མེད་པའི་རྩིས་འཁོར་ནང་བོད་ཡིག་གི་ཡིག་ཆ་དཔར་དགོས་པའམ་བོད་ཡིག་བེད་སྤྱོད་བྱེད་དགོས་ཚེ། བྱེད་ཐབས་གཞན་སྤྱད་དེ་ཐག་གཅོད་བྱེད་ཐུབ་ལ། འདིར་དེའི་སྐོར་གྱི་ཤེས་བྱ་ཉུང་ཙམ་ངོ་སྤྲོད་བྱ།

རིགས་དབྱེ།  

VMwareFusion8ནངWin10འཇུག་སྟངས།

འདིརMacརྩིས་འཁོར་མཉེན་ཆསVMware Fusion8སྟེང་དུWindows 10ནང་འཇུག་ཇི་ལྟར་བྱེད་དགོས་པའི་སྐོར་པར་རིས་དང་སྦྱར་ཏེ་ཞིབ་མོར་ངོ་སྤྲོད་གནང་ཡོད་དོ།།

རིགས་དབྱེ།  

བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས།

2009ལོར་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཀྱི་ཞིབ་འཇུག་གསར་སྤེལ་བྱ་བའི་མགོ་བརྩམས་ཤིང2013ལོའི་མཇུག་ཏུ་ཡོངས་སུ་གྲུབ། བོད་ཡིག་འཇུག་ཐབས་ཀྱི་ཞིབ་སྤེལ་བྱ་བ་འདིར་ཡུལ་ཤུལ་ཁུལ་མི་དམངས་སྲིད་གཞུང་གིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བ་དང་། དགེ་རྒན། སློབ་གྲོགས། གྲོགས་པོ་མང་པོས་རྒྱབ་རོགས་དང་སྐུལ་མ་གལ་ཆེན་གནང་། 2014ལོའི་ལོ་དཀྱིལ་ནས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། བོད་ལྗོངས་སློབ་གྲྭ་ཆེན་མོ་སོགས་ནས་ཆེད་དོན་འཆད་ཁྲིད་བརྒྱུད་ནས་བོད་རིག་པ། རྩིས་འཁོར། བརྡ་འཕྲིན་ལག་རྩལ་ཁྱབ་ཁོངས་སོགས་ཀྱི་ཆེད་མཁས་པ། རིག་པ་བ། དགེ་རྒན་ཆེན་མོར་བདེ་མྱུར་ནུས་མང་བོད་ཡིག་འཇུག་ཐབས་ཀྱི་མཚམས་སྦྱོར་དང་རིམ་སྟོན་ཞུས་ཤིང་གཏིང་ཟབ་ཀྱིས་དགོངས་འཆར་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་ཞུས་ནས་བོད་ཡིག་འཇུག་ཐབས་འདི་ཇེ་ཚང་ཇེ་ལེགས་སུ་བཏང་།

རིགས་དབྱེ།  

XPཡི་གསར་སྒྱུར་མཚམས་བཞག

Windows XPབཀོལ་སྤྱོད་རྒྱུད་ཁོངས་འདི2001ལོའི་ཟླ8པའི་ཚེས24ལ་བཀྲམས་ཤིང་། ལོ་དེའི་ཟླ10པའི་ཚེས25ནས་ཁྲོམ་རར་བཏོན་པ་དང་། ད་སྔའི་ལོ13རིང་སྤྱོད་མཁན་ལ་ཞབས་ཞུ་བསྒྲུབས་པས། ཚེ་ཐག་ཆེས་རིང་བའི་རྒྱུད་ཁོངས་སུ་ཀུན་གྱིས་ངོས་འཛིན་པ་རེད།

རིགས་དབྱེ།  

མཉེན་ཆས་རྩོམ་དབང་།

​རྩིས་འཁོར་མཉེན་ཆས་ཀྱི་རྩོམ་གྱི་བདག་དབང་ཞེས་པ་ནི་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་བཅས་ཀྱིས་རྩིས་འཁོར་མཉེན་ཆས་ཀྱི་རྩོམ་རིགས་ལ་ལོངས་སུ་སྤྱོད་པའི་རྒྱུ་ནོར་གྱི་ཁེ་དབང་དང་བསམ་པའི་ཁེ་དབང་གི་སྤྱི་མིང་ལ་ཟེར། རྒྱུན་ལྡན་གྱི་སྐད་ཆའི་འོག་ཏུ་རྩིས་འཁོར་གྱི་མཉེན་ཆས་བརྩམས་ཆོས་ཀྱི་བདག་དབང་ལ་མཉེན་ཆས་བརྩམས་ཆོས་ཀྱི་བདག་དབང་དང་། རྩིས་འཁོར་གྱི་མཉེན་ཆས་སམ་ཡང་ན་མཉེན་ཆས་ཞེས་ཀྱང་ཟེར། རྩིས་འཁོར་མཉེན་ཆས་ཀྱི་རྩོམ་གྱི་བདག་དབང་དང་སྤྱིར་བཏང་བརྩམས་ཆོས་ཀྱི་རྩོམ་གྱི་བདག་དབང་ལ་མི་འདྲ་ས་མང་པོ་ཡོད་དེ། དཔེར་ན། སྤྱིར་བཏང་གི་རྩོམ་གྱི་བདག་དབང་འཛིན་མཁན་ལ་རྩོམ་པ་པོ་ཟེར་ཞིང་། སྤྱིར་བཏང་དུ་རང་བྱུང་གི་མི་ཡིན། རྩིས་འཁོར་གྱི་མཉེན་ཆས་རྩོམ་གྱི་བདག་དབང་འཛིན་མཁན་ལ་གསར་སྤེལ་བྱེད་མཁན་ཟེར་ཞིང་། སྤྱིར་བཏང་དུ་ཁྲིམས་མིའམ་རྩ་འཛུགས་གཞན་དག་ཡིན། རྩོམ་གྱི་བདག་དབང་གཏོགས་ཁོངས་དང་བཤུག་སྤྲོད་སོགས་རྩོམ་རིགས་དཀྱུས་མ་དང་མི་འདྲ་བའི་དམིགས་བསལ་གཏན་འབེབས་ཡོད།

རིགས་དབྱེ།  

ཚན་རྩལ་ནག་པོ།

ཚན་རྩལ་ནག་པོ་ནི《ལྕགས་རིགས་ཀྱི་རྦ་རླབས》ཞེས་པའི་ནང་གི་ཐ་སྙད་ཅིག་ཡིན་པ་རེད། ཐོག་མའི་གོ་དོན་ནི་མིའི་རིགས་ཀྱིས་རང་སྟོབས་ཀྱིས་གསར་སྤེལ་བྱས་པ་མིན་པ་དང་། ད་ཡོད་ཀྱི་ཚན་རིག་ལག་རྩལ་ལས་མཐོ་བའི་ཤེས་བྱ་ལ་ཟེར། དེ་མིའི་རིགས་ཀྱི་ད་ཡོད་ཀྱི་འཇིག་རྟེན་ལྟ་ཚུལ་གྱིས་གོ་བ་ལེན་ཐབས་མེད་པའི་དངོས་པོ་ངོ་མཚར་ཅན་ལ་གོ་བ་ལེན་བཞིན་ཡོད། ཚན་རྩལ་ནག་པོ་ཞེས་པ་ནི་དེང་གི་མིའི་རིགས་ཀྱི་ཚན་རྩལ་དང་ཤེས་ཡོན་གྱི་ཁྱབ་ཁོངས་ལས་བརྒལ་བ་དང་། ཚན་རིག་གི་གཞི་འཛིན་ས་མེད་པ་མ་ཟད་རང་བྱུང་གི་རྩ་བའི་རིགས་པ་དང་འགལ་བའི་ཚན་རིག་ལག་རྩལ་ནམ་ཐོན་རྫས་ལ་ཟེར་བ་ཡིན། ཚན་རྩལ་ནག་པོ་ལ་ཚན་རིག་གི་གཞི་འཛིན་ས་མེད་ཀྱང་ཚན་རྩལ་གྱི་མིང་ཡང་བཏགས་ཡོད་པ་རེད། བཀོལ་ན་རྫུ་འཕྲུལ་དང་འདྲ་བའི་དངོས་པོ་ཞིག་ལ་ཟེར། དཔེར་ན་ཚད་མཐོ་བའིGNརིལ་རྡུལ་དང་སྐར་མཚམས་ཀྱི་དབེན་ནུས་ལྟ་བུ་ཞིག་ཡིན། སྤྱིར་བཏང་གི་གནས་ཚུལ་འོག དེང་སྐབས་མིའི་རིགས་མངོན་འགྱུར་བྱེད་ཐབས་བྲལ་བའམ་གཏན་ནས་འབྱུང་མི་སྲིད་པའི་ལག་རྩལ་ལམ་ཐོན་རྫས་ལ“ཚན་རྩལ་ནག་པོ”ཞེས་འབོད་ཀྱི་ཡོད་ཅིང་། དེའི་ཚད་གཞི་ནི་དངོས་ཡོད་ཀྱི་རྒྱུན་ཤེས་དང་ད་ཡོད་ཀྱི་ཚན་རྩལ་ཆུ་ཚད་དང་མི་མཐུན་པ་ཞིག་ལ་ཟེར་བཞིན་ཡོད་པ་རེད། ཡང་དངོས་ཡོད་འཚོ་བའི་ཁྲོད་རྒྱུན་ལྡན་ལས་འདས་པའི་དོན་དག་གམ་དངོས་པོ་ཁ་ཤས་ལ་གོ་བ་ལེན་པའང་ཡོད་པ་རེད།

རིགས་དབྱེ།  

ཚན་རྩལ་མཁྲེགས་པོ།

ཚན་རྩལ་མཁྲེགས་པོ་ཞེས་པ་ནི་ཚན་རིག་གི་གསར་རྙེད་དང་ལག་རྩལ་གསར་གཏོད་གཞིར་བཟུང་ནས། དུས་ཡུན་རིང་པོར་ཞིབ་འཇུག་དང་གསོག་འཇོག་བྱས་པ་དང་། ལག་རྩལ་མཐོ་བ་དང་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གསལ་པོ་ཡོད་པ། འཛམ་གླིང་ཚན་རྩལ་འཕེལ་རྒྱས་ཀྱི་ཆེས་སྔོན་གྱི་ཐོན་ཆུ་ཚད་མཚོན་ཐུབ་པ། རེས་ཐེངས་གསར་བའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་སྣེ་ཁྲིད་བྱེད་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ལྡན་པའི་འགག་རྩའི་ལག་རྩལ་གལ་ཆེན་ལ་ཟེར་བ་ཡིན། མིག་སྔའི་ཚན་རྩལ་མཁྲེགས་པོའི་མཚོན་བྱེད་རང་བཞིན་གྱི་ཁྱབ་ཁོངས་ནི། འོད་གློག་ཉིང་ལྷེབ་དང་། མིས་བཟོས་རིག་ནུས། མཁའ་འགྲུལ་མཁའ་སྐྱོད། སྐྱེ་དངོས་ལག་རྩལ། ཆ་འཕྲིན་ལག་རྩལ། རྒྱུ་ཆ་གསར་པ། ནུས་ཁུངས་གསར་པ། རིག་ནུས་བཟོ་སྐྲུན་སོགས་ཡིན་པ་རེད།

རིགས་དབྱེ།  

རྩིས་འཁོར་མཉེན་ཆས་དང་གཞུང་ལུགས།

རྩིས་འཁོར་གྱི་མཉེན་ཆས་དང་གཞུང་ལུགས་ནི་རྩིས་འཁོར་གྱི་རིག་ཚན་གྱི་ཡན་ལག་ཅིག་ཡིན་ལ། ཞིབ་འཇུག་བྱ་ཡུལ་གཙོ་བོ་ནི་དེང་རབས་ཀྱི་རྩིས་འཁོར་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཡིན། ད་ལྟ་སློབ་གྲྭའི་རིག་ཚན་ཞིག་གི་ངོས་ནས་སློབ་ཁྲིད་སློབ་སྦྱོང་བྱེད་བཞིན་ཡོད། རྩིས་འཁོར་ཚན་རིག་དང་ལག་རྩལ་ཞིབ་འཇུག་གི་བྱ་ཡུལ་གཙོ་བོ་ནི་དེང་རབས་རྩིས་འཁོར་དང་དེའི་འབྲེལ་ཡོད་སྣང་ཚུལ་ཡིན།

རིགས་དབྱེ།  

རིག་ནུས་བཀོལ་སྤྱོད།

རིག་ནུས་བཀོལ་སྤྱོད་ཅེས་པ་ནི་མིས་བཟོས་རིག་ནུས་བཀོལ་སྤྱོད་བྱ་རྒྱུ་གཙོ་བོར་འཛིན་པ་དང་། གཞི་གྲངས་ཆེན་པོ་རིག་ནུས་ཅན་གྱིས་སྣེ་ཁྲིད་བྱེད་པའི་རིག་ནུས་ཅན་གྱི་ལག་རྩལ་དང་དོ་དམ་བཀོལ་སྤྱོད་ལ་ཟེར།

རིགས་དབྱེ།