གཞུང་ལས་མཉེན་ཆས་ཀྱི་གསང་རྒྱ་གྲོལ་སྟངས(MicrosoftOffice2010)

Microsoft Office 2010ནི་མིག་སྔར་གསར་དུ་ཐོན་པའི་མཉེན་ཆས་ཤིག་ཡིན་ཏེ། བཀོལ་སྤྱོད་ཀྱི་བྱེད་ནུས་དེ་སྔར་ལས་ལྷག་པའི་ཕུན་སུམ་ཚོགས་པར་འགྱུར་ཡོད་པ་གདེང་ཚོད་ཐུབ། ཡིན་ནའང་ཝའེ་རོན་ཀུང་སིས་འདི་ཡོད་ཚད་རིན་མེད་སྒོས་གནང་བ་དཔེ་མི་སྲིད་དེ། དེ་ནི་ངེས་པར་དུ་ཤོག་སྒོར་བཏོན་ཏེ་ཉོ་དགོས་པ་ཞིག་ཡིན་པས། ད་ལྟ་དྲ་ཐོག་ཏུ་ཕབ་ལེན་བྱུང་བའི་མཉེན་ཆས་དེ་ཟླ་བ་གཅིག་ལས་བཀོལ་སྤྱོད་བྱེད་མི་ཐུབ་ལ། དུས་ཚོད་ཚང་རྗེས་ངེས་པར་དུ་བསྐྱར་འཇུག་བྱེད་དགོས་པ་ཡིན་པས་ཧ་ཅང་འུ་ཐུག་གི་ལས་ཀ་ཅིག་ཡིན་པས་འདིར་དེ་ཇི་ལྟར་གསང་རྒྱ་འགྲོལ་སྟངས་ངོ་སྤྲོད་བྱས་ཡོད།

རིགས་དབྱེ།  

བོད་ཡིག་གཏག་ཐབས་ཁ་སྣོན་བྱེད་ཚུལ(Windows10)

རྒྱུད་ཁོངསWindows10དེ་བོད་ཡིག་གི་གཏག་ཐབས་ཕྱོགས་ནས་སྔོན་མའི་པར་གཞི་དང་བསྡུར་ན་འགྱུར་ལྡོག་ཅུང་ཙམ་བྱུང་ཡོད་པ་ནི་རྫོང་ཁ་གཏག་ཐབས་ཁ་སྣོན་བྱས་ཡོད་པ་དེ་རེད།

རིགས་དབྱེ།  

AdobePremiereProCCནང་བོད་ཡིག་བཀོལ་སྟངས།

དེ་ནི་བརྙན་ཟློས་རྩོམ་སྒྲིག་མཉེན་ཆས་རིགས་ཤིག་ཡིན་ལ། དེ་བེད་སྤྱོད་གཏོང་མཁན་ཀྱང་ཤིན་ཏུ་མང་པོ་རེད། འདིར་དེའི་སྐོར་གྱི་ཤེས་བྱ་ཉུང་ཙམ་ངོ་སྤྲོད་བྱ།

རིགས་དབྱེ།  

WindowsVistaཔར་གཞི།

WindowsVista པར་གཞི་ལ་ཁྱིམ་སྤྱོད་པར་གཞི་དཀྱུས་མ་དང་། ཁྱིམ་སྤྱོད་པར་གཞི་རབ་གྲས། ཁེ་ལས་པར་གཞི་དང་གཙོ་རྟེན་པར་གཞི་བཅས་པར་གཞི་མི་འདྲ་བ་དུ་མ་ཡོད་པ་དང་། པར་གཞི་འདི་དག་ལ་བྱེད་ནུས་དང་རིན་གོང་ཐད་ཁྱད་པར་མི་འདྲ་བ་ཡོད།

རིགས་དབྱེ།  

WindowsVistaསྒྲིག་འཇུག

WindowsVistaསྒྲིག་འཇུག་ཞེས་པ་ནི་སྤྱོད་མཁན་གྱིསWindowsVistaཡི་པར་གཞི་དང་ཁྱད་ཆོས་ལ་ངེས་ཤེས་ཟབ་གསལ་ཞིག་རྙེད་རྗེས། དེ་ནི་ཇི་ལྟར་སྒྲིག་འཇུག་བྱ་ཚུལ་ལ་རིམ་བཞིན་འཇུག་པར་བྱ་བ་ཞིག་ཡིན་པ་དང་། སྒྲིག་འཇུག་བྱ་བའི་གོ་རིམ་ཁྲོད་ངེས་པར་དུ་རྟོགས་དགོས་པ་ནི་འཇུག་ཐབས་དང་འཇུག་རིམ་གཉིས་ཡིན།

རིགས་དབྱེ།  

སྐུལ་འདེད་བྱ་རིམ།

སྐུལ་འདེད་བྱ་རིམ་ནི་རྩིས་འཁོར་དང་སྒྲིག་ཆས་ཕན་ཚུན་བརྡ་གཏོང་བྱེད་ཀྱི་བྱ་རིམ་དམིགས་བསལ་བ་ཞིག་སྟེ། དེ་ནི་སྒྲིག་ཆས་སྐུལ་བྱེད་ཀྱི་མཉེན་ཆས་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

WindowsVistaརྩ་བའི་སྤྱོད་ཚུལ།

WindowsVista སྒྲིག་འཇུག་བྱས་ཚར་རྗེས། སྤྱོད་མཁན་གྱིས་ཐད་ཀར་སྤྱོད་ཐུབ་པ་ཡིན་ཡང་། འཆར་ངོས་ནི་སྔར་གྱི་བཀོལ་སྤྱོད་རྒྱུད་ཁོངས་དག་དང་བསྡུར་ན་འགྱུར་ལྡོག་ཧ་ཅང་ཆེ་བས། དེ་ཡི་རྩ་བའི་སྤྱོད་ཚུལ་ངེས་པར་བྱ་དགོས།

རིགས་དབྱེ།  

ཅོག་ངོས།

རྩིས་འཁོར་གྱི་ཁ་ཕྱེས་རྗེས། སྒྲིག་འཇུག་བྱས་ཟིན་པའི Windows Vista ཡི་བཀོལ་སྤྱོད་རྒྱུད་ཁོངས་སུ་སྐྱོད་ངེས། དུས་དེར་མངོན་ཆས་སུ་ཤར་བ་ནི Windows Vista ཡི་ཅོག་ངོས་ཡིན་ལ། ཅོག་ངོས་སུ་ཅོག་ངོས་རིས་རྟགས་དང་། ཅོག་ངོས་རྒྱབ་ལྗོངས། གདམ་བྱང་འགོ་རྩོམ། མྱུར་འཇུག་འགོ་སློང་། ལས་འགན་ཚང་། མཐའ་བྱང་སོགས་ཚུད་ཡོད།

རིགས་དབྱེ།  

གདམ་བྱང་འགོ་རྩོམ།

གདམ་བྱང་འགོ་རྩོམ་སྤྱད་ནས Windows ནང་གི་ལས་ཚན་ནམ་འཁོར་སྐྱོད་བྱ་དགོས་པའི་ཉེར་སྤྱོད་བྱ་རིམ་གང་རུང་ཞིག་གི་འོས་འགན་ལེགས་འགྲུབ་བྱ་ཐུབ་པ་དང་། འདི་ནིWindows Vista རུ་རྒྱུན་པར་སྤྱོད་པའི་གདམ་བྱང་ཞིག་ཡིན།

རིགས་དབྱེ།  

ཅོག་ངོས་རིས་རྟགས།

ཅོག་ངོས་རིས་རྟགས་ནི་ཅོག་ངོས་ཀྱི་པར་རིས་ཀུན་གྲལ་དག་པར་སྟར་སྒྲིག་བྱས་ཡོད་པ་ལ་ཟེར་ཞིང་། པར་རིས་འདི་དག་ནི་རིས་རྟགས་དང་རིས་རྟགས་ཀྱི་མིང་གཉིས་ཀྱིས་གྲུབ་ཡོད། རྒྱུད་ཁོངས་སུ་རིས་རྟགས་འདི་དག་ལ་མྱུར་ལམ་ཞེས་ཀྱང་ཟེར།

རིགས་དབྱེ།  

མཐའ་བྱང་།

Windows ཡི་མཐའ་བྱང་ནི Windows Vista རུ་གསར་དུ་བསྣན་པའི་ལག་ཆའི་ཚང་ཡིན། སོར་གནས་ཀྱི་རྣམ་པའི་སྐབས་སུ་རྒྱུད་ཁོངས་སུ་ཐོ་འཇུག་བྱས་ཙ་ན། ཅོག་ངོས་གཡས་ཟུར་དུ་ལས་འགན་ཚང་དང་དྲང་འཕྱང་དུ་གནས་པའི་ལག་ཆའི་ཚང་ཞིག་མངོན་འདུག

རིགས་དབྱེ།  

སྒེའུ་ཁུང་།

སྒེའུ་ཁུང་ནི Windows རྒྱུད་ཁོངས་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། ལས་ཀ་མང་ཆེ་ཤོས་ཤིག་འདི་ལ་བརྟེན་ནས་ལེགས་འགྲུབ་བྱེད་དགོས་ཕྱིན། འདི་ནི་ཅོག་ངོས་ཀྱི་བྱ་བའི་ཁུལ་ལྟ་བུར་ཆགས་ཡོད། སྤྱོད་མཁན་གྱིས་སྒེའུ་ཁུང་དུ་ཡིག་ཆ་དང་ཡིག་ཁུག ཡང་ན་བྱ་རིམ་གང་རུང་བཀོལ་སྤྱོད་བྱེད་ཆོག་པ་ཡིན།

རིགས་དབྱེ།  

MSབོད་ཡིག་གཏག་ཐབས།

MSབོད་ཡིགགཏག་ཐབས་ནིMSཀུང་སིས་གསར་སྤེལ་གནང་པའི་བོད་ཡིག་མཉེན་ཆས་ལེགས་ཤོས་ཤིག་ཡིན། མཉེན་ཆས་འདིའི་མཐེབ་གཞོང་གི་བཀོད་པ་དང་གྲུབ་ཨང་གཉིས་ནི་རྒྱལ་སྤྱིའི་ཚད་གཞི་གཞིར་བཟུང་ནས་གཏན་འཁེལ་བྱས་པ་ཡིན།

རིགས་དབྱེ།  

སྙིགས་སྣོད།

སྙིགས་སྣོད་ནི་རྒྱུད་ཁོངས Windows Vista ཡིས་བསུབས་པའི་ཡིག་ཆའི་གསོག་སྣོད་དུ་སྤྱོད་པ་ཡིན། ཡིག་ཁུག་ལ་དོ་དམ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་བསུབས་པའི་ཡིག་ཆ་དག་སྙིགས་སྣོད་དུ་རང་སྤོ་བྱེད་ཅིང་། རང་གི་དགོས་མཁོར་བསྟུན་ནས་སྙིགས་སྣོད་ནང་གི་ཡིག་ཆ་གཏན་བསུབ་བྱེད་པའམ་ཡང་ན་སྔར་གནས་སུ་སོར་ཆུད་བྱས་ཀྱང་ཆོག འདིས་ནི་གཞི་གྲངས་ཀྱི་བདེ་འཇགས་དང་སོར་ཆུད་བྱ་བར་ཁག་ཐེག་བྱས་ཡོད་པ་མ་ཟད། རྩིས་འཁོར་བཀོལ་ནོར་ལས་བྱུང་བའི་ཉེན་ཁ་ཡང་སེལ་ཐུབ།

རིགས་དབྱེ།  

འབྲི་པང་།

འབྲི་པང་ནི་རྒྱུད་ཁོངས Windows Vista ཡི་རྩ་བར་གྱུར་བའི་ཡི་གེ་སྒྲིག་གཅོད་བྱ་རིམ་ཞིག་ཡིན། དེ་ནི་ཡིག་ཚགས་བཟོ་བ་དང་རྩོམ་སྒྲིག ལྟ་བ། པར་འདེབས་བཅས་སུ་སྤྱད་ཆོག་པ་ཡིན། སྤྱོད་མཁན་གྱིས་དེ་ཉིད་སྤྱད་ནས་ཡིག་ཤོག་དང་དཔེ་ཀློག་སྙན་ཞུ། ཅུང་སླ་བའི་ཡིག་ཚགས་སོགས་རྩོམ་སྒྲིག་བྱེད་ཐུབ་ལ། གཞན་ཡིག་རྐྱང་གི་ཕྱི་རྣམ་བཟོ་བཅོས་དང་དུམ་མཚམས་སྒྲིག་པ། ད་དུང་དུམ་མཚམས་དང་དུམ་མཚམས་བར། ཡིག་ཚགས་དང་ཡིགཚགས་ཕན་ཚུན་འདྲ་ཕབ་དང་སྦྱོར་ཐུབ་པ་ཡིན།

རིགས་དབྱེ།  

རྩིས་རྒྱག་ཆས།

རྩིས་རྒྱག་ཆས་ནི་རྒྱུད་ཁོངས Windows Vista ཡི་རྩིས་རྒྱག་མཉེན་ཆས་ཤིག་ཡིན་ལ། དེ་དང་དུས་རྒྱུན་འཚོ་བའི་ནང་གི་རྩིས་རྒྱག་ཆས་གཉིས་ཀྱི་བྱེད་ནུས་ནི་ཧ་ལམ་འདྲ་བ་ཡིན། རྩིས་རྒྱག་ཆས་བྱ་རིམ་ལ་ཚད་ལྡན་རྣམ་པ་དང་ཚན་རིག་རྣམ་པ་ཞེས་པའི་རྣམ་པ་གཉིས་ཡོད། ཚན་རིག་རྣམ་པ་ཡིས་སྣ་མང་རྙོག་འཛིང་ལྡན་པའི་རྩིས་རྒྱག་ཐབས་མང་པོ་ལེགས་འགྲུབ་བྱ་ཐུབ་པ་ཡིན།

རིགས་དབྱེ།  

རིས་འབྲིའི་བྱ་རིམ།

རིས་འབྲིའི་བྱ་རིམ་ནི་ཁ་དོག་ཕུན་སུམ་ཚོགས་པའི་བརྙན་རིས་འབྲི་བ་དང་སྒྲིག་གཅོད་བྱེད་པའི་བྱ་རིམ་ཞིག་ཡིན། འདི་ཉིད་སྤྱད་ནས་དཀར་ནག་གམ་ཚོན་མདོག་ལྡན་པའི་པར་རིས་བཟོ་ཆོག་ལ། རིས་འབྲིའི་བྱ་རིམ་སྤྱད་ནས་པར་རིས་ལ་ལྟ་བ་དང་རྩོམ་སྒྲིག་བྱས་ཆོག་པ་དང་། རིས་འབྲིའི་བྱ་རིམ་གྱི་འཆར་ངོས་ནི་ངེས་སླ་ཞིང་སྤྱོད་བདེ་བ་ཡིན།

རིགས་དབྱེ།  

སྤོ་རུང་གསོག་ཆས།

སྤོ་རུང་གསོག་ཆས་ཀྱི་དབྱིན་ཇིའི་མིང་ལPortable Storage Deviceཟེར་ཞིང་། མིག་སྔར་སྤྱོད་རྒྱ་ཅུང་ཆེ་བ་ནིUསྡེར་དང་འཁྱེར་བདེ་སྲ་སྣོད་ཡིན། དེ་གཉིས་ལ་མཐུད་སྤྱོད་ཟུང་འཇུག་གི་ཁྱད་ཆོས་ལྡན་པས་བཀོལ་ན་ཧ་ཅང་སྟབས་བདེ་བ་ཡིན།

རིགས་དབྱེ།  

ཝོལ་ཐེའར།

ཧྥ་རན་སིའི་འབྱོར་ལྡན་གྲལ་རིམ་གྱི་བློ་འབྱེད་བསམ་བློ་བ་དང་། མཚན་ཉིད་རིག་པ་བ། ལོ་རྒྱུས་སྨྲ་བ། རྩོམ་རིག་མཁན་ཞིག་བཅས་ཡིན་ཞིང་། སྤྱི་ལོ1694ལོའི་ཟླ11པའི་ཚེས21ཉིན་ཕ་རི་སིའི་འབྱོར་ལྡན་གྲལ་རིམ་གྱི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་སྐུ་འཁྲུངས་པ་དང་། སྤྱི་ལོ1778ལོའི་ཟླ5བའི་ཚེས30ཉིན་ཕ་རི་སི་རུ་སྐུ་གཤེགས།

རིགས་དབྱེ།  

ཡིག་ཁུག

ཡིག་ཁུག་ནི་ཡིག་ཆ་བསྡུ་སའི་ཁུག་མ་ཞིག་དང་འདྲ་ལ། འབྲེལ་ཡོད་ཀྱི་ཡིག་ཆ་དག་ཁུག་མ་གཅིག་གི་ནང་གསོག་ཚེ། ཡིག་ཆ་འདི་དག་འཚོལ་སླ་ཞིང་དོ་དམ་བྱེད་བདེ་བ་ཡིན།

རིགས་དབྱེ།