ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས། >དུག་སེལ།

དུག་སེལ།

དུག་སེལ་ནི་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཁག་ཐེག་ལ་མེད་དུ་མི་རུང་བའི་དགོས་ངེས་ཀྱི་ལས་དོན་ཞིག་ཡིན། གཅིག སྐྱེ་དངོས་དུག་སེལ་ཏེ། ནད་དུག་གསོད་པ། དུག་སེལ། དཔེར་ན། དམར་ཕྱིའི་ཐིག་གིས་དུག་སེལ་ནུས་པ་ལྟ་བུ། གཉིས། གློག་ཀླད་ཀྱི་དུག་སེལ། དམིགས་བསལ་གྱི་མཉེན་ཆས་ཀྱིས་ཞིབ་བཤེར་བྱེད་པ་དང་དེ་འབྲེལ་གློག་རྡུལ་རྩིས་འཁོར་ཁྲོད་ཀྱི་ནད་དུག་གཙང་སེལ་བྱེད་པ། དཔེར་ན། དུག་སེལ་མཉེན་ཆས་ལྟ་བུའོ།།

རིགས་དབྱེ།  

འདྲི་ཤོག་སྐར་མ།

འདྲི་ཤོག་སྐར་མ་ནི་ཆེད་ལས་ཀྱི་དྲ་ཐོག་འདྲི་ཤོག་བརྟག་དཔྱད་དང་། རྒྱུགས་ལེན། ཚད་ལེན་གདེང་འཇོག འདེམས་ཤོག་འཕེན་པའི་ལས་སྟེགས་ཤིག་ཡིན་པ་དང་། འཛད་སྤྱོད་པར་ནུས་པ་ཆེ་བའི་དྲ་ཐོག་ཇུས་འགོད་འདྲི་ཤོག་དང་། གྲངས་གཞི་འཚོལ་བསྡུ། མཚན་ཉིད་སྙན་ཐོའི་རེའུ་མིག བརྟག་དཔྱད་མཇུག་འབྲས་དབྱེ་ཞིབ་སོགས་ཀྱི་ཞབས་ཞུ་རབ་དང་རིམ་པ་སྒྲུབ་ཀྱིན་ཡོད། སྲོལ་རྒྱུན་གྱི་བརྟག་དཔྱད་བྱེད་སྟངས་དང་བརྟག་དཔྱད་དྲ་ཚིགས་གཞན་དག་གམ་བརྟག་དཔྱད་མ་ལག་དང་བསྡུར་ན། འདྲི་ཤོག་སྐར་མ་ལ་སྟབས་བདེ་བ་དང་། སྤྱོད་སླ་བ། མ་གནས་ཆུང་བ་བཅས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་པ་དང་། ཁེ་ལས་དང་མི་སྒེར་འབོར་ཆེན་གྱིས་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད། དཔེ་མཚོན་བཀོལ་སྤྱོད་ནང་གཤམ་གསལ་ཁག་ཚུད་ཡོད་པ་སྟེ། ཁེ་ལས། མཁོ་མཁན་གྱི་བློ་ཡིད་ཚིམ་ཚད་བརྟག་དཔྱད། ཁྲོམ་རའི་བརྟག་དཔྱད། ལས་བཟོའི་བློ་ཡིད་ཚིམ་ཚད་བརྟག་དཔྱད། ཁེ་ལས་ནང་ཁུལ་སྦྱོང་བརྡར། དགོས་མཁོ་ཐོ་འགོད། ཤེས་ལྡན་མི་སྣའི་དཔྱད་འདེམས། གསོ་སྦྱོང་དོ་དམ། མཐོ་སློབ་ཐད། རིག་གཞུང་བརྟག་ཞིབ་དང་། སྤྱི་ཚོགས་བརྟག་དཔྱད། དྲ་ཐོག་མིང་ཐོ་འགོད་པ། དྲ་ཐོག་འདེམས་ཤོག་འཕེན་པ། ཆ་འཕྲིན་འཚོལ་བསྡུ། དྲ་ཐོག་རྒྱུགས་ལེན་བཅས། མི་སྒེར། འདེམས་ཤོག་འཕེན་པ། སྤྱི་ཕན་བརྟག་དཔྱད། པོད་ཁུག་བརྟག་དཔྱད།

རིགས་དབྱེ།