ཡོངས་འཛིན་རིག་མཛོད། >ལག་རྩལ། >མཉེན་ཆས། >གོ་རིམ།

འཁོར་འགག

འཁོར་འགག་ཅེས་པ་ནི་འཕེལ་རིམ་དུ་མ་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་ཁུངས་འཕྲོག་རེས་བྱས་པ་ལས་བྱུང་བའི་རེངས་པའི་གནས་ཚུལ་དེ་ལ་ཟེར། འཕེལ་རིམ་དག་འདི་ལྟའི་སྲ་འཛིན་གྱི་རྣམ་པར་གནས་དུས། གལ་སྲིད་ཕྱི་ཤུགས་ཀྱི་ནུས་པ་མེད་ཚེ་དེ་དག་མདུན་ཕྱོགས་སུ་སྐུལ་སྤེལ་བྱ་ཐབས་བྲལ་བ་ཡིན།

རིགས་དབྱེ།  

སྐྱེད་རུང་བཀོད་རྟགས་སྐད་བརྡ།

xmlནི་སྤྱི་བཏང་དུ་སྐྱེད་རུང་བཀོད་རྟགས་སྐད་བརྡར་བཤད་པ་ཡིན་ལ། སྐྱེད་རུང་བཀོད་རྟགས་སྐད་བརྡ་དང་ཚད་གཞི་ཀུན་སྤྱོད་བཀོད་རྟགས་སྐད་བརྡའི་བུ་ཚོགས་ནི་གློག་རྡུལ་ཡིག་ཆའི་བཀོད་རྟགས་སུ་བེད་སྤྱོད་བྱས་ན་དེ་ལ་གྲུབ་ཚུལ་རང་བཞིན་ལྡན་པའི་བཀོད་རྟགས་སྐད་བརྡ་ཞིག་ཡིན། གློག་རྡུལ་རྩིས་འཁོར་ཁྲོད་དུ། བཀོད་རྟགས་ནི་རྩིས་འཁོར་རྟོགས་ཐུབ་པའི་ཆ་འཕྲིན་རྟགས་ཤིག་ཡིན་ལ། བཀོད་རྟགས་འདི་རིགས་ལ་བརྟེན་ནས། རྩིས་འཁོར་བར་རིགས་སྣ་ཚོགས་འདུ་བའི་ཆ་འཕྲིན་ཏེ། དཔེར་ན། རྩོམ་ཡིག་སོགས་སྒྲིག་གཅོད་བྱེད་ཐུབ་དང་། དེ་སྤྱད་ནས་གཞི་གྲངས་ལ་རྟགས་འགོད་པ་དང་། གཞི་གྲངས་རིགས་དབྱིབས་ལ་མཚན་ཉིད་འཇོག་ཆོག་པ་དང་། སྤྱོད་མཁན་གྱིས་རང་ཉིད་ཀྱི་བཀོད་རྟགས་སྐད་བརྡར་མཚན་ཉིད་འཇོག་ཆོག་པའི་ཁུངས་སྐད་བརྡ་ཞིག་ཡིན། Internetཁོར་ཡུག་ཁྲོད་ནང་དུ་ལས་ཁྲི་ལས་བརྒལ་བ་དང་། ནང་དོན་གྱི་ལག་རྩལ་ལ་བརྟེན་པ་དང་། དེང་སྐབས་ཀྱི་ཁྱབ་ཚུལ་གྲུབ་ཆའི་ཆ་འཕྲིན་སྒྲིག་གཅོད་བྱེད་པའི་ལག་ཆ་ནུས་ལྡན་ཞིག་ཡིན། སྔོན་གྱི1998ལོར། W3CཡིསXML1.0ཚད་ལྡན་ཁྱབ་བསྒྲགས་བྱས་པ་དང་། དེ་སྤྱད་ནསInternetཡི་ཡིག་ཚགས་ཆ་འཕྲིན་བརྒྱུད་གཏོང་སྟབས་བདེ་ཅན་དུ་བསྒྱུར་བ་རེད།

རིགས་དབྱེ།  

རིས་མེད་ལས་སྟེགས།

རིས་མེད་ལས་སྟེགས་ནི་མཉེན་ཆས་གསར་སྤེལ་ཁྲོད་ཀྱི་གལ་ཆེ་བའི་གོ་དོན་ཞིག་རེད། དེ་ནི་བཀོལ་སྤྱོད་རྒྱུད་ཁོངས་ལ་མི་བརྟེན་ཞིང་། སྲ་ཆས་ཁོར་ཡུག་ལའང་མི་བརྟེན་པར། བཀོལ་སྤྱོད་རྒྱུད་ཁོངས་ཤིག་གི་འོག་ཏུ་གསར་སྤེལ་བྱས་པའི་ཉེར་སྤྱོད་དེ་བཀོལ་སྤྱོད་རྒྱུད་ཁོངས་གཞན་ཞིག་ཏུ་བཞག་ཚེ་སྔར་བཞིན་འཁོར་སྐྱོད་བྱེད་ཐུབ་པ་དང་། བལྟོས་བཅས་ཀྱི་ཐོག་ནས་བཤད་ན། གལ་ཏེ་རྩིས་འཁོར་ག་གེ་མོའི་སྐད་བརྡའི་ཚབ་ཨང་བཟོ་བཅོས་རྒྱག་མི་དགོས་པར། ཚད་མཐོས་ལས་སྟེགས་བརྒལ་ཐུབ། དེ་ན། སྐད་བརྡ་དེ་ཙམ་གྱིས་ལྐོག་གྱུར་ཡིན་ན། སྲ་ཆས་ཀྱི་ཚོད་འཛིན་ནུས་པ་དེ་ལྟར་དམའ་བ་རེད། ཚད་མཐོ་བའི་ལྐོག་གྱུར་གྱི་དཔེ་དབྱིབས་རྒྱུད་ཁོངས་གསར་སྤེལ་བྱེད་པ་ཁོ་ནར་འཚམ་པ་ཡིན། དཔེར་ན། java,delphiདང་སླ་བའི་སྐད་བརྡ། ཚང་མས་རིས་མེད་ཀྱི་ལས་སྟེགས་བཟོས་ཟིན་པ་རེད། དེ་ནི་རྒྱུད་ཁོངས་མང་པོའི་འོག་གསར་སྤེལ་དང་འཁོར་སྐྱོད། སྲུང་སྐྱོང་བྱ་ཐུབ་པ་རེད།

རིགས་དབྱེ།  

Cསྐད་བརྡ།

Cསྐད་བརྡ་ནི་རྒྱལ་སྤྱིའི་སྟེང་དར་ཁྱབ་ཆེ་བའི་རྩིས་འཁོར་གྱི་མཐོ་རིམ་སྐད་བརྡ་ཞིག་རེད། དེ་ནི་རྒྱུད་ཁོངས་ཞིབ་བརྗོད་བྱེད་པའི་སྐད་བརྡར་བྱས་ན་འཚམ་པ་ལས་གཞན། རྒྱུད་ཁོངས་མཉེན་ཆས་དང་ཉེར་སྤྱོད་མཉེན་ཆས་འབྲི་བར་ཡང་བཀོལ་ཆོག་པའོ།།

རིགས་དབྱེ།  

བརྩི་ཐབས།

འདི་ནི་རྩིས་འཁོར་གྱི་བརྡ་ཆད་ཅིག་སྟེ། སྒྲ་ཡངས་འཇུག་གི་ངོས་ནས་བཤད་ན། གནད་དོན་གང་ཞིག་ཐག་གཅོད་པའི་ཆེད་དུ་བཀོལ་བའི་ཐབས་ཤེས་དང་གོ་རིམ་ལ་བརྩི་ཐབས་ཟེར།

རིགས་དབྱེ།  

རིམ་ལྡན་བྱ་རིམ་ཇུས་འགོད།

Cཡི་བྱ་རིམ་ལ་རྒྱུས་ལོན་ཅུང་ཙམ་བྱུང་ཚེ། བྱ་རིམ་དུ་སྤྱོད་པའི་རྩ་བའི་རྒྱུ་ཆ་ནི་རྒྱུན་ཚད་དང་འགྱུར་ཚད། རྩིས་རྒྱག་རྟགས། མཚོན་ཚུལ་སོགས་ཡིན་ཏེ། དེ་དག་ནི་བྱ་རིམ་འགྲུབ་བྱེད་ཀྱི་རྩ་བའི་གྲུབ་ཆ་རེད། འདིར་སྟབས་བདེའི་བྱ་རིམ་སྒྲིག་པར་མཁོ་བའི་ནང་དོན་འགའ་ངོ་སྤྲོད་བྱ།

རིགས་དབྱེ།  

འདེམས་གསེས་གྲུབ་ཚུལ་གྱི་བྱ་རིམ་ཇུས་འགོད།

འདེམས་གསེས་གྲུལ་ཚུལ་ནི་རྩ་བའི་གྲུབ་ཚུལ་གསུམ་གྱི་ཡ་གྱལ་ཞིག་ཡིན། བྱ་རིམ་མང་ཆེ་བ་རུ་འདེམས་གསེས་གྲུབ་ཚུལ་ཚུད་ཡོད་ཅིང་། དེ་ཡི་ནུས་པ་ནི་གཏན་འཁེལ་བྱས་པའི་ཆ་རྐྱེན་གྲུབ་མིན་གཞིར་བཟུང་སྟེ། བྱིན་ཟིན་པའི་བཀོལ་སྤྱོད་ཚོ་གཉིས་ལས་གང་རུང་ཞིག་འདེམས་པའོ།། འདིརCསྐད་བརྡ་བཀོལ་ནས་འདེམས་གསེས་གྲུབ་ཚུལ་ཞིག་ཇི་ལྟར་མངོན་འགྱུར་བྱེད་པ་ངོ་སྤྲོད་བྱ་རྒྱུ་ཡིན།

རིགས་དབྱེ།  

རེས་འཁོར་ཚོད་འཛིན།

གནད་དོན་མང་པོ་ཞིག་གི་ནང་དུ་རེས་འཁོར་ཚོད་འཛིན་སྤྱོད་དགོས་པ་སྟེ། དཔེར་ན། སློབ་གྲྭའི་སློབ་མ་ཡོངས་ཀྱི་རྒྱུགས་འབྲས་ནང་འཇུག་བྱས་ཏེ། གྲངས་ཀ་དུ་མའི་སྡོམ་དང་རིམ་གཞི་བརྩི་བ་ལྟ་བུ་སོགས་སོ།། ཉེར་སྤྱོད་བྱ་རིམ་མང་ཆེ་བར་རེས་འཁོར་འདུས་ཡོད་པ་ཡིན། རེས་འཁོར་གྲུབ་ཚུལ་ནི་གྲུབ་ཚུལ་ཅན་གྱི་བྱ་རིམ་ཇུས་འགོད་ཀྱི་རྩ་བའི་གྲུབ་ཚུལ་ཞིག་ཡིན།

རིགས་དབྱེ།  

རྟེན་འབྱུང་གྲངས།

Cསྐད་བརྡ་རུ་བྱ་རིམ་གྱི་བྱེད་ནུས་ནི་རྟེན་འབྱུང་གྲངས་ཀྱིས་ལེགས་འགྲུབ་བྱེད་པ་རེད། Cབྱ་རིམ་ཞིག་ནི་རྟེན་འབྱུང་གྲངས་གཙོ་བོ་གཅིག་དང་རྟེན་འབྱུང་གྲངས་གཞན་པ་དུ་མས་གྲུབ་པ་ཡིན། རྟེན་འབྱུང་གྲངས་གཙོ་བོས་རྟེན་འབྱུང་གྲངས་གཞན་པ་རྣམས་འདྲེན་སྤྱོད་བྱེད་པ་དང་། རྟེན་འབྱུང་གྲངས་གཞན་པ་རྣམས་ཀྱིས་ཀྱང་ཕན་ཚུན་འདྲེན་སྤྱོད་བྱས་ཆོག རྟེན་འབྱུང་གྲངས་གཅིག་ནི་རྟེན་འབྱུང་གྲངས་གཅིག་གམ་ཡང་ན་མང་བོ་ཞིག་གིས་ཐེངས་གང་མང་ཞིག་ལ་འདྲེན་སྤྱོད་བྱས་ཆོག

རིགས་དབྱེ།  

གྲུབ་ཚུལ་གཟུགས།

རྩ་བའི་རིགས་གྲས་ཀྱི་འགྱུར་ཚད་དང་གྲུབ་ཚུལ་རིགས་གྲས་ཀྱི་གཞི་གྲངས། གྲངས་ཚོ་བཅས་བསླབ་རྗེས། གྲངས་ཚོའི་ནང་གི་གཞི་རྒྱུ་སོ་སོ་ནི་རིགས་གྲས་གཅིག་ཏུ་གཏོགས་པ་རེད། འོན་ཀྱང་གཞི་གྲངས་ཀྱི་རིགས་གྲས་དེ་དག་ཙམ་གྱིས་མི་ཆོག་སྟེ། སྐབས་འགར་རིགས་གྲས་མི་མཐུན་པའི་གཞི་གྲངས་ཚོ་སྒྲིག་སྟེ་ལུགས་ལྡན་གྱི་ཧྲིལ་གཟུགས་ཤིག་གྲུབ་པར་བྱས་ནས་འདྲེན་སྤྱོད་བྱ་དགོས། ཧྲིལ་བོའི་གཟུགས་དེའི་ནང་དུ་སྐོར་སྒྲིག་བྱས་ཡོད་པའི་གཞི་གྲངས་ནི་ཕན་ཚུན་འབྲེལ་བ་ཡོད་པ་ཞིག་ཡིན། དཔེར་ན། སློབ་མ་ཞིག་གི་སློབ་རྟགས་དང་། རུས་མིང་། ཕོ་མོ། ལོ། རྒྱུགས་འབྲས། ཤག་གནས་སོགས་ལྟ་བུར་མཚོན་ན། ཚན་པ་འདི་དག་ཚང་མ་སློབ་མ་ཞིག་དང་འབྲེལ་བ་ཡོད། དེ་དག་ལ་སོ་སོར་ཕན་ཚུན་འབྲེལ་བ་མེད་པའི་སྟབས་བདེའི་འགྱུར་ཚད་ཀྱི་མཚན་ཉིད་བཀོད་ཚེ། དེ་དག་བར་གྱི་འབྲེལ་མཚོན་དཀའ། དེ་དག་སྐོར་སྒྲིག་ཚན་པ་ཞིག་ཏུ་རྩ་འཛུགས་བྱས་ཏེ། སྐོར་སྒྲིག་ཚན་པ་ཞིག་ཏུ་རིགས་གྲས་མི་མཐུན་པའི་གཞི་གྲངས་ཀྱི་ཚན་པ་དུ་མ་འདུས་དགོས། Cསྐད་བརྡ་རུ་སྤྱོད་མཁན་རང་ཉིད་ཀྱིས་གཞི་གྲངས་ཀྱི་གྲུབ་ཚུལ་དེ་ལྟ་བུ་གཏན་འཁེལ་བྱས་ཆོག འདི་ལ་གྲུབ་ཚུལ་གཟུགས་ཟེར། དེ་ནི་མཐོ་རིམ་སྐད་བརྡ་གཞན་དག་ནང་གི“ཟིན་འགོད”དང་མཚུངས་སོ།།

རིགས་དབྱེ།  

ཡིག་ཆ།

ཡིག་ཆ(file)ནི་བྱ་རིམ་ཇུས་འགོད་ཁྲོད་ཀྱི་དོན་སྤྱི་གལ་ཆེན་ཞིག་དང་། དེ་ནི་ཕྱིའི་སྨྱན་རྫས་སུ་གསོག་འཇོག་བྱས་པའི་གཞི་གྲངས་ཀྱི་ཚོགས་སྤྱི་ཞིག་གོ། གཞི་གྲངས་སྐོར་ཞིག་ནི་ཡིག་ཆའི་རྣམ་པ་ལྟར་ཕྱིའི་སྨྱན་རྫས་སུ་གསོག་ཡོད་པ་རེད། བཀོལ་སྤྱོད་རྒྱུད་ཁོངས་ཀྱིས་ཡིག་ཆ་སྡེ་ཚན་བྱས་ཏེ་གཞི་གྲངས་དོ་དམ་བྱེད་པའོ།། ཡང་གཅིག་བཤད་ན། གལ་ཏེ་ཕྱིའི་སྨྱན་རྫས་སུ་གསོག་འཇོག་བྱས་པའི་གཞི་གྲངས་གང་ཞིག་འཚོལ་དགོས་ཚེ། ཐོག་མར་ངེས་པར་དུ་ཡིག་ཆའི་མིང་ལྟར་གཏན་འཁེལ་བྱས་པའི་ཡིག་ཆ་དེ་འཚོལ་བ་དང་། དེ་ནས་ཡིག་ཆ་དེའི་ནང་གི་གཞི་གྲངས་ཀློག་དགོས། ཕྱིའི་སྨྱན་རྫས་སུ་གཞི་གྲངས་གསོག་འཇོག་བྱེད་པ་ལ་ཡང་ཐོག་མར་ངེས་པར་དུ་ཡིག་ཆ་ཞིག་གསར་བཟོ་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་དེ་རུ་གཞི་གྲངས་ནང་འཇུག་བྱས་ཆོག་པ་ཡིན།

རིགས་དབྱེ།