དུག་སེལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དུག་སེལ།
དུག་སེལ་ནི་མིའི་རིགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཀྱི་ཁག་ཐེག་ལ་མེད་དུ་མི་རུང་བའི་དགོས་ངེས་ཀྱི་ལས་དོན་ཞིག་ཡིན། གཅིག སྐྱེ་དངོས་དུག་སེལ་ཏེ། ནད་དུག་གསོད་པ། དུག་སེལ། དཔེར་ན། དམར་ཕྱིའི་ཐིག་གིས་དུག་སེལ་ནུས་པ་ལྟ་བུ། གཉིས། གློག་ཀླད་ཀྱི་དུག་སེལ། དམིགས་བསལ་གྱི་མཉེན་ཆས་ཀྱིས་ཞིབ་བཤེར་བྱེད་པ་དང་དེ་འབྲེལ་གློག་རྡུལ་རྩིས་འཁོར་ཁྲོད་ཀྱི་ནད་དུག་གཙང་སེལ་བྱེད་པ། དཔེར་ན། དུག་སེལ་མཉེན་ཆས་ལྟ་བུའོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杀毒
གློག་ཀླད་དུག་སེལ།
གློག་རྡུལ་རྩིས་འཁོར་ཁྲོད་ཀྱི་ནད་དུག་གཙང་སེལ་བྱེད་པ།
སྐྱེ་དངོས་དུག་སེལ།
ནད་དུག་གསོད་པའམ་དུག་སེལ་བྱེད་པ།
1 སྐྱེ་དངོས་དུག་སེལ།

1.རྩ་བའི་རིགས་པ།

གཙོ་བོ་ནད་དུག DNAདངRNAཡི་འདྲ་བཟོ། བརྒྱུད་ཕབ། འདྲེས་སྦྱོར་ལ་ཚོད་འཛིན་བྱེད་རྒྱུ་དང་། ནད་དུག་སྤྲི་དཀར་རྫས་ཀྱི་མཚོན་ཚུལ་དང་འདྲེས་སྦྱོར་ཚོད་འཛིན་བྱེད་རྒྱུ་དེ་ཡིན།

2.བྱེད་ཐབས་གཙོ་བོ།

དངོས་ལུགས་དུག་སེལ་ཐབས་དང་རྫས་འགྱུར་དུག་སེལ་ཐབས། སྐྱེ་དངོས་དུག་སེལ་ཐབས།

2 དངོས་ལུགས་དུག་སེལ་ཐབས།

1.དཔེར་ན། ཚ་ཤུགས་དང་གློག་གྱེས་འགྱེད་འཕྲོ། རླབས་ཕྲན་དང་དམར་ཕྱིའི་ཐིག་དང་སྐུལ་འོད་སོགས་ཡིན།

2.དཔེར་ན། དམར་ཕྱིའི་ཐིག་དང་རིམ་བརྒལ་སྒྲ་རླབས་སོགས་ཀྱི་དུག་སེལ་ཐབས།

3.དཔེར་ན། འཕྲུལ་ཆས་དུག་སེལ། རླུང་རྒྱུ་དང་དྭངས་འཚག་གིས་འབུ་ཕྲ་གསོད་པ་སོགས་ལྟ་བུ།

4.དཔེར་ན། སྟོང་སངས་དང་གནོན་ཤུགས་སོགས་ཏེ། དེ་རང་ཉིད་ཀྱིས་སྐྱེ་དངོས་ཕྲ་རབ་གསོད་མི་ནུས་ཀྱང་། འོན་ཀྱང་། གཙང་སེལ་བྱེད་པའམ་སྐྱེ་དངོས་ཕྲ་རབ་ཀྱི་ཕན་ལྡན་ཆ་རྐྱེན་ལ་ཚོད་འཛིན་བྱེད་ཆོག 

3 རྫས་འགྱུར་དུག་སེལ་ཐབས།

རྫས་འགྱུར་གྱི་སྨན་རྫས་བེད་སྤྱོད་བྱས་ཏེ་ནད་གཞིའི་སྐྱེ་དངོས་ཕྲ་རབ་གསོད་པ་དང་། དུག་སེལ་གྱི་རྫས་འགྱུར་སྨན་རྫས་ལ་རྫས་འགྱུར་དུག་སེལ་རྫས་ཟེར།

4 སྐྱེ་དངོས་དུག་སེལ་ཐབས།

སྐྱེ་དངོས་ག་གེ་མོ་བེད་སྤྱོད་བྱས་པར་བརྟེན་ནས་ནད་གཞིའི་སྐྱེ་དངོས་ཕྲ་རབ་གསོད་པའམ་གཙང་སེལ་བྱེད་པའི་ཐབས་ལམ་ལ་སྐྱེ་དངོས་དུག་སེལ་ཐབས་ཟེར།

5 རྩིས་འཁོར་དུག་སེལ་ཐབས།

རྩིས་འཁོར་དུག་སེལ་ནི་དུག་སེལ་མཉེན་ཆས་བེད་སྤྱོད་བྱེད་རྒྱུ་དང་། དུག་སེལ་མཉེན་ཆས་ཀྱི་ལས་འགན་ནི་དུས་ལྟར་ལྟ་སྐུལ་ཚོད་འཛིན་དང་སྡུད་སྡེར་ལ་བཤར་འབེབས་བྱེད་རྒྱུ་དེ་རེད།

6 རྒྱལ་སྤྱིའི་དུག་སེལ་མཉེན་ཆས།

མིང་གྲགས་ཅན་གྱིtoptenreviewsཡིས2009པའི་པར་གཞིའི་ཆེས་གསར་བའི་འཛམ་གླིང་གི་དུག་སེལ་མཉེན་ཆས་ཀྱི་ཨང་རིམ་ཁྱབ་བསྒྲགས་ཤིང་། 2009འཛམ་གླིང་དུག་སེལ་མཉེན་ཆས་ཀྱི་ཨང་རིམ་དྲ་གནས་གཤམ་གསལ་ལྟར(ཨང་རིམ་འདི་ནི་སྤུས་ཚད་དང་རིན་གོང་ལས་རིམ་སྒྲིག་བྱས་པ་ཞིག་སྟེ། ཟུར་ལྟ་བྱེད་ས་ཙམ་ཡིན)

འགྲན་བསྡུར་མཇུག་འབྲས་ལས་ཨང་སྔོན་མ་བཅུ་ནི་གཤམ་གསལ།

གསེར་གྱི་རྟགས་མ། BitDefender Internet Security

དངུལ་གྱི་རྟགས་མ། ZoneAlarm Internet Security

ཟངས་ཀྱི་རྟགས་མ། Kaspersky Internet Security

ཨང་བཞི་པ། BullGuard Internet Security

ཨང་ལྔ་པ། Trend Micro Internet Security Pro

ཨང་དྲུག་པ། McAfee Internet Security

ཨང་བདུན་པ། AVG Internet Security

ཨང་བརྒྱད་པ། Norton Internet Security

ཨང་དགུ་པ། Norman Security Suite

ཨང་བཅུ་པ། Panda Internet Security




དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-06-14

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།