རིས་དབྱིབས་རྣམ་གཞག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

PowerPointལ་ཆ་ཚང་བའི་རིས་དབྱིབས་སྒྲིག་འགོད་བྱེད་ནུས་ཡོད་ལ། སྒྲོན་བརྙན་ལ་ཐིག་དབྱིབས་དང་། མདའ་རྩེའི་བཟོ་ལྟ། ཁ་སྐོང་ཁ་དོག གྲིབ་འབྲས། རྩ་གསུམ་མཐོང་འབྲས་སོགས་ཀྱིས་བརྒྱན་ཐུབ། རྒྱུད་ཁོངས་ཀྱི་མཁོ་སྤྲོད་བྱས་པའི་རིས་དབྱིབས་སྒྲིག་འགོད་ལག་ཆས་རིས་དབྱིབས་ཡོད་པའི་སྒྲོན་བརྙན་དེ་དེ་བས་གོ་བདེ་བ་ཡོང་ངེས་ཡིན།
1 ཐིག་དབྱིབས་སྒྲིག་འགོད།

བྲིས་ཟིན་པའི་རིས་དབྱིབས་བདམས་ནས། བྱང་བུ“རྣམ་གཞག”གི་ཚོ“བཟོ་དབྱིབས་བཟོ་ལྟ”ནང་གི“བཟོ་དབྱིབས་སྤྱི་ཁོག”ཅེས་པའི་མཐེབ་གནོན 01.jpg ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་གདམ་བྱང་ནས་བཀའ་བརྡ“སྦོམ་ཕྲ”དང“ཟོལ་ཐིག”བདམས་རྗེས། བུའི་བཀའ་བརྡའི་ནང་ནས་སོ་སོ་ལ་མཁོ་བའི་ཐིག་དབྱིབས་བཟོ་ལྟ་བདམས་ཆོག

སྒྲོན་བརྙན་ནང་དུ་བྲིས་པའི་མདའ་རྩེ་ལ་ཐིག་དབྱིབས་སྒྲིག་འགོད་བྱེད་ཚུལ་གཤམ་གསལ་ལྟར་ཡིན།

1.PowerPoint 2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“ཞིང་ལས་དཔལ་འབྱོར”ཞེས་པའི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་ནས་སྒྲོན་བརྙན་ཨང་གཉིས་པའི་བསྡུས་རིས་བདམས་ཏེ། སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

3.བྲིས་པའི་མདའ་རྩེ་གསུམ་བདམས་ནས། མཐེབ་གནོན“བཟོ་དབྱིབས་སྤྱི་ཁོག”ལ་ཆིག་རྡེབ་བྱེད་པ་དང་། ཐོན་པའི་གདམ་བྱང་བཀའ་བརྡ“སྦོམ་ཕྲ”ནས“ཚོན4.5”བདམས་ནས། མདའ་རྩེའི་ཐིག་དབྱིབས་དེ་ཕོན4.5ལ་སྒྲིག་འགོད་བྱེད་པ། དཔེ་རིས1-1ལྟར།

1.jpg

དཔེ་རིས1-1

4.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་ནས། བཅོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

2 ཐིག་དུམ་གྱི་ཁ་དོག་སྒྲིག་འགོད།

སྒྲོན་བརྙན་ནང་དུ་བྲིས་པའི་ཐིག་དུམ་ལ་སོར་བཞག་གི་ཁ་དོག་ཡོད་ཀྱང་། སྤྱོད་པ་པོས་སྟོན་འགྲེམས་ཟིན་བྲིས་ཀྱི་སྤྱི་ཡོངས་ཁྱད་ཆོས་ལ་གཞིགས་ནས་ཐིག་དུམ་གྱི་ཁ་དོག་སྒྱུར་ཐུབ་པ་དང་། མཐེབ་གནོན“བཟོ་དབྱིབས་སྤྱི་ཁོག”ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་འདེམས་ཚན་ནང་དུ་ཁ་དོག་གདམ་ཆོག

སྒྲོན་བརྙན་ནང་དུ་བྲིས་པའི་མདའ་རྩེ་ལ་ཐིག་དབྱིབས་ཁ་དོག་སྒྲིག་འགོད་བྱེད་ཚུལ་གཤམ་གསལ་ལྟར།

1.PowerPoint 2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“ཞིང་ལས་དཔལ་འབྱོར”ཞེས་པའི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་གི་སྒྲོན་བརྙན་ཨང་གཉིས་པའི་བསྡུས་རིས་བདམས་ནས། སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

3.བྲིས་པའི་མདའ་རྩེ་གསུམ་བདམས་ནས་མཐེབ་གནོན“བཟོ་དབྱིབས་སྤྱི་ཁོག”ལ་ཆིག་རྡེབ་བྱེད་པ་དང་། གདམ་ཁུལ“ཚད་ལྡན་ཁ་དོག”གི་ནང་ནས་ཁ་དོག་དང་པོ་བདམས་པ། དཔེ་རིས1-2ལྟར་ཡིན།།

2.jpg

དཔེ་རིས1-2

4.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“་ཉར་ཚགས”ལ་ཆིག་རྡེབ་བྱས་ནས། བཟོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

སྒྲོན་བརྙན་ནང་གི་མདའ་རྩེ3གྱི་ཁ་དོག་དེ་སོར་བཞག་གི་སྔོན་པོ་ནས་དམར་ནག་ལ་སྒྲིལ་འགོད་བྱེད་པ།

3 ཁ་སྐོང་ཁ་དོག་སྒྲིག་འགོད།

ཁ་སྐོང་ཁ་དོག་ཅེས་པ་ནི་བཀག་སྡོམ་བྱ་ཡུལ་ནང་གི་ཁ་དོག་ཁ་སྐོང་བའི་མཐོང་འབྲས་ལ་ཟེར། མཐོང་འབྲས་དེ་ཚོ་མདོག་གཅིག་དང་། རིམ་བརྒལ་ཁ་དོག ཁྲ་རིས། པར་རིས་སོགས་ཡིན་ལ། སྤྱོད་པ་པོས་མཐེབ་གནོན“བཟོ་དབྱིབས་ཁ་སྐོང”ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་གདམ་བྱང་ནས་བློ་ཁེངས་པའི་ཁ་དོག་གདམ་ཆོག་པ་དང་། བཀའ་བརྡ“ཁ་སྐོང་ཁ་དོག་གཞན”ལ་ཆིག་རྡེབ་བྱས་ནས་ཁ་དོག་གཞན་སྒྲིག་འགོད་ཀྱང་བྱ་ཆོག་པ་ཡིན། དགོས་མཁོར་དམིགས་ནས་བཀའ་བརྡ“རིམ་འགྱུར”དང“ཁྲ་རིས”ཀྱིས་བྱ་ཡུལ་ཞིག་ལ་རིམ་བརྒལ་དང་ཁྲ་རིས་ཁ་དོག་ཁ་སྐོང་བྱ་ཐུབ།

སྒྲོན་བརྙན་ནང་དུ་བྲིས་པའི་མདའ་རྩེ་ཁུག་རྟའི་མཇུག་དབྱིབས་མ་ལ་ཁ་སྐོང་ཁ་དོག་སྒྲིག་འགོད་བྱེད་ཚུལ་གཤམ་གསལ་ལྟར།

1.PowerPoint 2007འགོ་སློང་བྱས་ནས་སྔོན་ལ་བཟོ་པའི་སྟོན་འགྲེམས་ཟིན་བྲིས“ཞིང་ལས་དཔལ་འབྱོར”ཞེས་པའི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་གི་སྒྲོན་བརྙན་ཨང་གཉིས་པའི་བསྡུས་རིས་བདམས་ནས། སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ནང་དུ་མངོན་པར་བྱེད་པ།

3.སྡེབ་སྒྲིག་བྱས་པའི་མདའ་རྩེ་ཁུག་རྟའི་མཇུག་དབྱིབས་མའི་རིས་དབྱིབས་བདམས་ནས། མཐེབ་གནོན“བཟོ་དབྱིབས་ཁ་སྐོང”ལ་ཆིག་རྡེབ་བྱེད་པ་དང་། གདམ་ཁུལ“ཚད་ལྡན་ཁ་དོག”གི་ནང་ནས་ཁ་དོག“དམར་ནག”གདམ་པ།

4.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་བྱས་ནས། བཅོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

4 གྲིབ་གཟུགས་དང་རྩ་གསུམ་མཐོང་འབྲས་སྒྲིག་འགོད་བྱེད་པ།

PowerPointནང་དུ་བྲིས་པའི་རིས་དབྱིབས་ལ་གྲིབ་གཟུགས་དང་རྩ་གསུམ་མཐོང་འབྲས་ཁ་སྣོན་བྱ་ཐུབ། རིས་དབྱིབས་བྱ་ཡུལ་ལ་གྲིབ་འབྲས་སྒྲིག་འགོད་བྱེད་པའི་ཐབས་ཤེས་ནི་སྔོན་ལ་བྱ་ཡུལ་བདམས་པ་དང་མཐེབ་གནོན“བཟོ་དབྱིབས་མཐོང་འབྲས”ལ་ཆིག་རྡེབ་བྱས་ཏེ། ཁ་ཕྱེ་བའི་ངོས་པང་ནང་གི་བཀའ་བརྡ“གྲིབ་གཟུགས”བདམས་རྗེས་དཔེ་རིས1-3ལྟར། གདམ་བྱང་ནང་དུ་མཁོ་བའི་གྲིབ་གཟུགས་བཟོ་ལྟ་བདམས་ཆོག

རིས་དབྱིབས་བྱ་ཡུལ་ལ་རྩ་གསུམ་མཐོང་འབྲས་སྒྲིག་འགོད་བྱ་ཐབས་ནི། སྔོན་ལ་བྱ་ཡུལ་བདམས་པ་དང་མཐེབ་གནོན“བཟོ་དབྱིབས་མཐོང་འབྲས”ལ་ཆིག་རྡེབ་བྱས་ཏེ། ཐོན་པའི་གདམ་བྱང་ནས་བཀའ་བརྡ“རྩ་གསུམ་འཁྱིལ་སྐོར”བདམས་རྗེས། དཔེ་རིས1-4ལྟར། རྩ་གསུམ་བཟོ་ལྟ་རེའུ་ཐོ་ནས་མཁོ་བའི་བཟོ་ལྟ་བདམས་ཆོག་པ་ཡིན།

3.jpg

དཔེ་རིས1-3

4.jpg

དཔེ་རིས1-4

གལ་སྲིད་སྒྲིག་འགོད་བྱས་པའི་གྲིབ་གཟུགས་དང་རྩ་གསུམ་མཐོང་འབྲས་དོར་དགོས་ན། རིས་དབྱིབས་དེ་བདམས་པའི་རྣམ་པའི་ཐོག་སོ་སོར་དཔེ་རིས1-3དང1-4ལྟར། གདམ་བྱང་ནང་ནས་བཀའ་བརྡ“གྲིབ་གཟུགས་མེད་པ”དང“སྐོར་མེད”གདམ་ཆོག

5 རིས་དབྱིབས་ནང་དུ་ཡི་གེ་ནང་འཇུག་བྱེད་པ།

སྤྱོད་པ་པོས་རང་འདམ་རིས་དབྱིབས་མང་ཆེ་བའི་ནང་དུ་ཡི་གེ་ཁ་སྣོན་བྱ་ཐུབ་ལ། རྒྱུན་པར་ཐབས་ལམ་གཉིས་ཡོད་དེ། རིས་དབྱིབས་བདམས་ནས་ཐད་ཀར་ཡི་གེ་ནང་འཇུག་བྱེད་པ་དང་། རིས་དབྱིབས་སྟེང་གཡས་རྡེབ་བྱས་ཏེ་བཀའ་བརྡ“ཡི་གེ་རྩོམ་སྒྲིག”བདམས་རྗེས་འོད་རྟགས་གནས་སུ་ཡི་གེ་ནང་འཇུག་བྱེད་པ་དེ་གཉིས་ཡིན། ནང་འཇུག་བྱས་པའི་ཡི་གེ་ལ་ཆིག་རྡེབ་བྱས་ཚེ་ཡང་བསྐྱར་ཡི་གེ་རྩོམ་སྒྲིག་རྣམ་པར་འཛུལ་བས་བཟོ་བཅོས་ཀྱང་བྱ་ཆོག་པ་ཡིན།

སྒྲོན་བརྙན་ནང་དུ་རིས་དབྱིབས་འབྲི་བ་དང་རིས་དབྱིབས་སུ་ཡི་གེ་ཁ་སྣོན་བྱེད་ཚུལ་གཤམ་གསལ་ལྟར།

1. PowerPointའགོ་སློང་བྱས་ནས་སྔོན་ལ་བཟོ་པའི་སྟོན་འགྲེམས་ཟིན་བྲིས“ཞིང་ལས་དཔལ་འབྱོར”ཞེས་པའི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་གི་སྒྲོན་བརྙན་ཨང་གཉིས་པའི་བསྡུས་རིས་བདམས་ནས། སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

3.བྱང་བུ“བར་འཇུག”ལ་ཆིག་རྡེབ་བྱེད་པ་དང་། “པར་རིས་བར་འཇུག”ཚོའི་ནང་གི་མཐེབ་གནོན“བཟོ་དབྱིབས”ལ་ཆིག་རྡེབ་བྱས་ཏེ། གདམ་བྱང་ནང་གི་གདམ་ཁུལ“གྲུ་བཞི”ཡི“ཟུར་མེད་གྲུ་བཞི”ཞེས་པའི་བཀའ་བརྡ 02.jpg བདམས་ཏེ། ཙིག་མདའ་སྒྲོན་བརྙན་ནང་དུ་དྲུད་དེ་ཟུར་མེད་གྲུ་བཞི་ཡི་རིས་དབྱིབས་ཤིག་འབྲི་བ།

4.བྲིས་པའི་ཟུར་མེད་གྲུ་བཞི་བདམས་ནས། སྡེབ་སྒྲིག་མཐེབCtrl+Cམནན་ནས་དེ་དྲས་སྦྱར་པང་ནང་དུ་འདྲ་ཕབ་བྱས་རྗེས་སྡེབ་སྒྲིག་མཐེབCtrl+Vཐེངས5མནན་ནས། སྒྲོན་བརྙན་ནང་དུ་ཆེ་ཆུང་མཚུངས་པའི་ཟུར་མེད་གྲུ་བཞི5སྦྱོར་བ་དང་། དཔེ་རིས1-5དེ་ཚོའི་གནས་ས་ལེགས་སྒྲིག་བྱེད་པ།

5.jpgདཔེ་རིས1-5

5.གོ་རིམ3ལྟར་གདམ་ཁུལ“བཀོད་རྟགས”སུ“ཟུར་མེད་གྲུ་བཞིའི་བཀོད་རྟགས”ཞེས་པའི་འདེམས་ཚན 03.jpg ལ་ཆིག་རྡེབ་བྱས་ཏེ། སྒྲོན་བརྙན་ནང་དུ་ཟུར་མེད་གྲུ་བཞིའི་བཀོད་རྟགས་འབྲི་བ་མ་ཟད། སྒྲོན་བརྙན་ནང་དུ་ཆེ་ཆུང་མཚུངས་པའི་བཀོད་རྟགས་གསུམ་འདྲ་ཕབ་བྱེད་པ། དཔེ་རིས1-6ལྟར།

6.jpgདཔེ་རིས1-6

སྒྲོན་བརྙན་ནང་དུ་བཀོད་རྟགས་རིས་དབྱིབས་བྲིས་རྗེས་ཚོད་འཛིན་ཚེག་དཀར་པོ8དང་། སྐོར་བྱེད་ཚོད་འཛིན་ཚེག་ལྗང་ཁུ་གཅིག་ཕུད། ད་དུང་ཚོད་འཛིན་ཚེག་སེར་པོ་ཞིག་ཐོན་ཡོང་ལ། ཚོད་འཛིན་ཚེག་དེ་ནི་བཀོད་རྟགས་ཀྱི་ཁ་ཕྱོགས་དམིགས་འཛུགས་བྱེད་པར་སྤྱོད་པ་ཡིན།

6.ཟུར་མེད་གྲུབ་བཞིའི་དབྱིབས6མཉམ་དུ་བདམས་ནས། མཐེབ་གནོན“བཟོ་དབྱིབས་ཁ་སྐོང”ལ་ཆིག་རྡེབ་བྱས་ཏེ། ཁ་ཕྱེ་བའི་གདམ་བྱང་གི་གདམ་ཁུལ“ཚད་ལྡན་ཁ་དོག”གི་ནང་ནས་བཀའ་བརྡ“ལི་མདོག”བདམས་ནས་ཁ་དོག་དེ་ལི་མདོག་ལ་ཁ་སྐོང་བ།

7.གོ་རིམ6ལྟར་ཟུར་མེད་གྲུབ་བཞིའི་བཀོད་རྟགས3གྱི་ཁ་སྐོང་ཁ་དོག་དེ་དཔེ་རིས1-7ལྟར། “ལྗང་སྐྱ”སྒྲིག་འགོད་བྱེད་པ།

7.jpg

དཔེ་རིས1-7

8.གཡོན་ངོས་སྟེང་མའི་ཟུར་མེད་གྲུ་བཞི་བདམས་ནས། དེའི་ནང་དུ་ཡི་གེ“སོག་མ”ནང་འཇུག་བྱེད་པ་མ་ཟད། ཡི་གེའི་ཁ་དོག་དེ“ནག་པོ”ལ་སྒྲིག་འགོད་བྱེད་པ།

9.དཔེ་རིས1-8ལྟར། གོ་རིམ8ལྟར་གཞན་གྱི་ཟུར་མེད་གྲུ་བཞི་དང་། ཟུར་མེད་གྲུ་བཞིའི་བཀོད་རྟགས་སོགས་ལ་ཡི་གེ་ནང་འཇུག་བྱེད་པ། ཙིག་མདའ་དྲུད་ནས་ཟུར་མེད་གྲུ་བཞི་འབྲི་བའི་སྐབས། མཐེབShiftམནན་ན་ཟུར་མེད་གྲུ་བཞི་ཁ་གང་མ་ཞིག་འབྲི་ཐུབ་པ་དང་། མཐེབCtrlམནན་ན་མགོ་འཛུགས་གནས་དེ་དཀྱིལ་མ་ཡིན་པའི་རིས་དབྱིབས་འབྲི་ཐུབ།

8.jpg

དཔེ་རིས1-8

10.མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་བྱས་ནས། བཅོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-04

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།