རྣམ་གྲངས་སྒྲིག་ཨང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

PowerPointནང་དུ་རིམ་པ་མི་འདྲ་བའི་དུམ་ཚན་ལ་རྣམ་གྲངས་སྒྲིག་ཨང་སྒྲིག་འགོད་བྱེད་ཐུབ། སོར་བཞག་ཏུ་རྣམ་གྲངས་སྒྲིག་ཨང་ནི་ཨ་རབ་གྲངས་ཀ་ལས་གྲུབ་པ་ཞིག་ཡིན་པ་དང་། སྤྱོད་པ་པོས་རང་བཟོས་རྣམ་གྲངས་སྒྲིག་ཨང་བཟོ་ལྟ་ཡང་བེད་སྤྱོད་ཆོག
1 རྣམ་གྲངས་སྒྲིག་ཨང་བེད་སྤྱོད་ཚུལ།

དུམ་ཚན་ལ་རྣམ་གྲངས་སྒྲིག་ཨང་སྒྲིག་འགོད་བྱེད་འདོད་ན། འོད་རྟགས་དེ་དུམ་ཚན་ནང་དུ་གནས་ངེས་དགོས་པ་དང་། གླེང་སྒྲོམ“རྣམ་གྲངས་མཚོན་རྟགས་དང་སྒྲིག་ཨང”གི་བྱང་བུ“སྒྲིག་ཨང”གི་ཁ་ཕྱེ་ནས། དཔེ་རིས1-1ལྟར། དགོས་མཁོ་ལ་གཞིགས་ནས་སྒྲིག་ཨང་བཟོ་ལྟ་གདམ་དགོས།

091.jpg

དཔེ་རིས1-1

བྱང་བུ“སྒྲིག་ཨང”ནང་དུ་སྤྱོད་པ་པོས་སྒྲིག་ཨང་གི་ཆེ་ཆུང་དང་ཁ་དོག་ལ་སྒྲིག་འགོད་བྱེད་པ་ཕུད། ཡིག་སྒྲོམ“མགོ་འཛུགས་སྒྲིག་ཨང”གིས་སྒྲིག་ཨང་གི་མགོ་འཛུགས་གྲངས་ཐང་སྒྲིག་འགོད་བྱ་ཐུབ།

གལ་སྲིད་སྒྲིག་ཨང་དུམ་ཚན་ཞིག་སུབ་པའམ་ཁ་སྣོན་བྱེད་སྐབས་སྒྲིག་ཨང་ལ་རང་འགུལ་ངང་ཡང་བསྐྱར་རིམ་སྒྲིག་བྱེད་པ་ཡིན།

སྒྲོན་བརྙན་ནང་གི་ཡིག་རྐྱང་ལ་སྒྲིག་ཨང་ཁ་སྣོན་བྱེད་ཚུལ་གཤམ་གསལ་ལྟར།

1. PowerPoint  2007འགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“རྩིས་འཁོར་ཤེས་བྱ”ཞེས་པའི་ཁ་ཕྱེ་བ།

2.སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་ནང་ནས་སྒྲོན་བརྙན་ཨང་བཞི་པའི་བསྡུས་རིས་བདམས་ཏེ། སྒྲོན་བརྙན་རྩོམ་སྒྲིག་ཆས་སྒེའུ་ཁུང་ནང་དུ་མངོན་པར་བྱེད་པ།

3.སྒྲོན་བརྙན་ནང་དུ་རྣམ་གྲངས་མཚོན་རྟགས་ཚུད་པའི་ཡིག་རྐྱང་གནས་བཟུང་རྟགས་བདམས་པ་མ་ཟད། བྱང་བུ“མགོ་འཛུགས”ཀྱི“དུམ་ཚན”ཚོའི་ནང་ནས“སྒྲིག་ཨང”ཞེས་པའི་མཐེབ་གནོན 092.jpg ལ་ཆིག་རྡེབ་བྱེད་པ། དཔེ་རིས1-2ལྟར། སྐབས་དེར་སྒྲོན་བརྙན་ནང་གི་རྣམ་གྲངས་མཚོན་རྟགས་དེ་རང་འགུལ་ངང་སྒྲིག་ཨང་ལ་བརྗེས་པ་ཡིན།

093.jpg

དཔེ་རིས1-2

སྒྲིག་ཨང་གསུབ་ཚུལ་དེ་མཚོན་རྟགས་སུབ་ཚུལ་དང་མཚུངས་ལ། འོད་རྟགས་དམིགས་བཙུགས་པའི་དུམ་ཚན་ནང་དུ་གཏན་འཁེལ་བྱས་ནས། གླེང་སྒྲོམ“རྣམ་གྲངས་མཚོན་རྟགས་དང་སྒྲིག་ཨང”ནང་གི་བྱང་བུ“སྒྲིག་ཨང”གི་འདེམས་ཚན“མེད་པ”གདམ་དགོས།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།