སྒྲོན་སྟོན་ཚོད་འཛིན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

PowerPointནང་དུ་རིས་འབྲིའི་སྨྱུ་གུ་བེད་སྤྱད་ནས་གཙོ་གནད་ལ་རྟགས་རྒྱག་པ་དང་ཡི་གེ་འབྲི་བ་སོགས་བྱ་ཆོག་ལ། གླེང་སྒྲོམ“སྟོན་ཐབས་སྒྲིག་འགོད”ཀྱིས་སྒྲོན་བརྙན་སྟོན་པའི་བརྙན་ཡོལ་གྱི་མཐོང་འབྲས་ལ་སྒྲིག་འགོད་ཀྱང་བྱ་ཆོག
1 རིས་འབྲིའི་སྨྱུ་གུ།

རིས་འབྲིའི་སྨྱུ་གུའི་བྱེད་ནུས་དེ་ནག་པང་སྟེང་ཡི་གེ་འབྲི་བ་དང་འདྲ་ལ། རྒྱུན་དུ་ནན་བཤད་དང་མཆན་འགྲེལ་རྒྱག་པར་བེད་སྤྱོད་པ་ཡིན། PowerPointནང་དུ་སྤྱོད་པ་པོས་སྨྱུ་གུའི་བཟོ་དབྱིབས་དང་ཁ་དོག་འདེམས་ཆོག་ལ་བྲིས་པ་དེ་སུབ་ཀྱང་ཆོག

སྒྲོན་བརྙན་སྟོན་པའི་སྐབས་རིས་འབྲིའི་སྨྱུ་གུ་བེད་སྤྱད་ནས་གཙོ་གནད་ལ་རྟགས་རྒྱག་ཚུལ་གཤམ་གསལ་ལྟར།

1.PowerPointའགོ་སློང་བྱས་ནས་སྔོན་ལ་བཟོས་པའི་སྟོན་འགྲེམས་ཟིན་བྲིས“རང་བཟོས་སྟོན་པ”ཡི་ཁ་ཕྱེ་བ།

2.སྒྲོན་བརྙན་ཨང་གཉིས་པ་སྟོན་པའི་སྐབས་ཙིག་མདའ་གཡས་རྡེབ་བྱས་ནས། ཐོན་པའི་མྱུར་འཇུག་གདམ་བྱང་ནས་བཀའ་བརྡ“མདའ་རྩེའི་འདེམས་ཚན”གྱི“སྦོམ་རིས་སྨྱུ་གུ”འདེམས་སྐབས། རིས་འབྲིའི་སྨྱུ་གུ་དེ་ཕྱང་སྨྱུག་གི་བཟོ་ལྟར་སྒྲིག་འགོད་བྱེད་པ།

3.དཔེ་རིས1-1ལྟར། བཀའ་བརྡ“མདའ་རྩེའི་འདེམས་ཚན”གྱི“སྣག་རིས་ཁ་དོག”འདེམས་པ། ཁ་ཕྱེ་བའི་ངོས་པང“བརྗོད་གཞིའི་ཁ་དོག”ནས“དམར་པོ”འདེམས་པ།

1.jpg

དཔེ་རིས1-1

4.དཔེ་རིས1-2ལྟར། ཙིག་མདའི་མདའ་རྩེ་དེ་སྒོར་ཚེག་ཆུང་ཆུང་ཞིག་ལ་འགྱུར་བས་རྟགས་རྒྱག་དགོས་སའི་གཙོ་གནད་སར་ཙིག་མདའ་དྲུད་པས་འཐུས།

2.jpg

དཔེ་རིས1-2

5.མཐེབEscམནན་ནས་སྟོན་པའི་རྣམ་པ་ནས་ཕྱིར་འདོན་སྐབས་སྟོན་སྐབས། བཀོད་པའི་སྣག་རིས་མཆན་འགྲེལ་ཉར་དགོས་མིན་འདྲི་བ་ཡིན། དཔེ་རིས1-3ལྟར་ཡིན།

3.jpg

དཔེ་རིས1-3

6.མཐེབ་གནོན“ཉར་བ”ལ་ཆིག་རྡེབ་བྱས་ཏེ་བྲིས་པའི་མཆན་འགྲེལ་དེ་སྒྲོན་བརྙན་ནང་དུ་ཉར་ཚགས་བྱ་བ། མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་ནང་གི་མཐེབ་གནོན“ཉར་ཚགས”ལ་ཆིག་རྡེབ་བྱས་ནས་བཟོ་བཅོས་བྱས་པའི་སྟོན་འགྲེམས་ཟིན་བྲིས་ཉར་ཚགས་བྱེད་པ།

སྤྱོད་པ་པོས་མཚན་འགྲེལ་འབྲི་བའི་བརྒྱུད་རིམ་ནང་དུ་ནོར་འཁྲུལ་ཐོན་ཚེ་གཡས་རྡེབ་མྱུར་འཇུག་གདམ་བྱང་ནས་བཀའ་བརྡ“སྐྱུར་བ”འདེམས་ནས་སུབ་ཆོག་ལ། བཀའ་བརྡ“སྒྲོན་བརྙན་སྟེང་གི་སྣག་རིས་ཚང་མ་སུབ་པ”འདེམས་ནས་སྣག་རིས་ཚང་མ་སུབ་ཀྱང་ཆོག

2 སྒྲོན་བརྙན་སྟོན་སྐབས་ཀྱི་བརྙན་ཡོལ་བཀོལ་སྤྱོད་བྱ་ཚུལ།

PowerPoint ནང་དུ་ཁྲིད་མཁན་གྱི་སྟོན་པ་དང་། ཉན་པ་པོས་བཤར་ལྟ་བྱེད་པ། སྒྲོམ་སྟེགས་བཤར་ལྟ་སོགས་སྟོན་པའི་རིགས་གྲས་མི་འདྲ་བ་མཁོ་འདོན་བྱས་ཡོད་པ་མ་ཟད། སྟོན་འགྲེམས་ཟིན་བྲིས་སྟོན་པའི་བརྒྱུད་རིམ་ནང་དུ་བརྙན་ཡོལ་སྟེང་ཡོལ་དཀར་དང་ཡོལ་ནག་ཐོན་པ་ཡང་བྱ་ཆོག

དཔེ་རིས1-3ལྟར་གྱི“སྟོན་ཐབས་སྒྲིག་འགོད”གླེང་སྒྲོམ་གྱི“སྟོན་པའི་རིགས་གྲས”གདམ་ཁུལ་ནང་དུ་སྒྲོན་བརྙན་སྟོན་པའི་དཔེ་རྣམ་སྒྲིག་འགོད་བྱ་ཆོག

སྒྲོན་བརྙན་སྟོན་པའི་བརྒྱུད་རིམ་ནང་དུ་ཉན་པ་པོར་དོ་སྣང་ཡོང་ཆེད་སྒྲོན་བརྙན་དེ་ཡོལ་དཀར་དང་ཡོལ་ནག་ལ་མངོན་པར་བྱ་ཆོག ཐབས་ཤེས་ནི་གཡས་རྡེབ་གདམ་བྱང་ནས་བཀའ་བརྡ“བརྙན་ཡོལ”གྱི“ཡོལ་ནག”དང་ཡང་ན་བཀའ་བརྡ“བརྙན་ཡོལ”གྱི“ཡོལ་དཀར”འདེམས་ཆོག

གོང་གི་བརྒྱུད་རིམ་ནང་དུ་གཡས་རྡེབ་གདམ་བྱང་བཀའ་བརྡ་བེད་སྤྱོད་པ་ཕུད་ཐད་ཀར་མཐེབ་བེད་སྤྱད་ཀྱང་ཆོག་པ་ཡིན། སྟོན་འགྲེམས་ཟིན་བྲིས་སྟོན་པའི་སྐབས་མཐེབBམནན་ཚེ་ཡོལ་ནག་ཐོན་པ་དང་མཐེབWམནན་ཚེ་ཡོལ་དཀར་ཐོན་ངེས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-12-03

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།