Powerpoint 2007
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

Powerpoint 2007
Powerpointནི་སྟོན་འགྲེམས་ཟིན་བྲིས་བཟོ་བྱེད་ཀྱི་མཉེན་ཆས་ཤིག་ཡིན་ལ། དེ་ནི Microsoft Officeམཉེན་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། Powerpointབེད་སྤྱད་ནས་ཡི་གེ་དང་། རིས་དབྱིབས། སྐད། བརྙན་ཟློས་བཅས་ཚུད་པའི་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་ཐུབ། Powerpoint 2007དེ་སྔོན་མའི་པར་གཞི་ལས་ཕུན་སུམ་ཚོགས་པའི་བྱེད་ནུས་བརྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག་འཆར་ངོས་གསར་པ་དང་། སྟབས་བདེ་བའི་བཀོལ་སྤྱོད་དཔེ་རྣམ་གྱིས་སྤྱོད་པ་པོར་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་བར་ཕྱོགས་སྟོན་ལེགས་པོ་བྱེད་ཐུབ། Powerpointབེད་སྤྱད་ནས་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྟོན་འགྲེམས་ཟིན་བྲིས་བཟོ་དགོས་ན།སྔོན་ལ་དེ་ཡི་བཀོལ་སྤྱོད་ཁྱད་ཆོས་ཤེས་དགོས། Microsoftཀུང་སིས་གསར་དུ་བཏོན་པའི་སྟོན་འགྲེམས་ཟིན་བྲིས་བཟོ་བའི་མཉེན་ཆསPowerpoint 2007དེ་བེད་སྤྱོད་པ་སྟབས་བདེ་ཡོང་ཆེད་འཆར་ངོས་གསར་པ་དང་བྱེད་ནུས་གསར་པ་མང་པོ་ཁ་སྣོན་བྱས་ཡོད།
1 Powerpoint 2007ངོ་སྤྲོད།

Powerpointནི་སྟོན་འགྲེམས་ཟིན་བྲིས་བཟོ་བྱེད་ཀྱི་མཉེན་ཆས་ཤིག་ཡིན་ལ། དེ་ནི Microsoft Officeམཉེན་ཆས་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། Powerpointབེད་སྤྱད་ནས་ཡི་གེ་དང་། རིས་དབྱིབས། སྐད། བརྙན་ཟློས་བཅས་ཚུད་པའི་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་ཐུབ། Powerpoint 2007དེ་སྔོན་མའི་པར་གཞི་ལས་ཕུན་སུམ་ཚོགས་པའི་བྱེད་ནུས་བརྒྱུད་འཛིན་བྱས་པའི་རྨང་གཞིའི་ཐོག་འཆར་ངོས་གསར་པ་དང་། སྟབས་བདེ་བའི་བཀོལ་སྤྱོད་དཔེ་རྣམ་གྱིས་སྤྱོད་པ་པོར་སྨྱན་མང་གཟུགས་ཀྱི་སྟོན་འགྲེམས་ཟིན་བྲིས་བཟོ་བར་ཕྱོགས་སྟོན་ལེགས་པོ་བྱེད་ཐུབ།

2 Powerpoint 2007གྱི་ཁྱད་ཆོས།

PowerpointདེOfficeཉེར་སྤྱོད་བྱ་རིམ་གཞན་དང་འདྲ་བར་བེད་སྤྱོད་སྟབས་བདེ་བ་དང་། འཆར་ངོས་ལེགས་པོ་ཡོད་ལ། མདོར་བསྡུས་ན།Powerpointལ་གཤམ་གསལ་གྱི་ཁྱད་ཆོས་ལྡན་ཏེ།

1.བེད་སྤྱོད་སྟབས་བདེ་བ།

2.རོགས་རམ་རྒྱུད་ཁོངས་ཆ་ཚང་བ།

3.མི་གཞན་དང་མཉམ་ལས་བྱེད་བདེ་བ།

4.སྨྱན་མང་གཟུགས་སྟོན་འགྲེམས་བྱེད་ཐུབ་པ།

5.འགྲེམས་སྤེལ་བྱེད་བདེ་བ།

6.རྣམ་གཞག་སྣ་ཚོགས་ཀྱི་རིས་དབྱིབས་ལ་རྒྱབ་སྐྱོར་ཡོད་པ།

7.ཕྱིར་འདོན་བྱ་ཚུལ་མང་བ།

3 Powerpoint 2007གྱི་གསར་བསྣན་བྱེད་ནུས།

Powerpoint 2007གྱིས་པར་གཞི་རྙིང་བའི་ཕུལ་བྱུང་གི་ཁྱད་ཆོས་བརྒྱུད་འཛིན་བྱས་པ་དང་ཆབས་ཅིག སྟབས་བདེ་ཡོང་ཆེད་ལས་ཀའི་ཁོར་ཡུག་དང་ལག་ཆའི་མཐེབ་གནོན་སོགས་ལ་ལེགས་སྒྲིག་གང་མང་བྱས་ཡོད། Powerpoint 2007ལ་གསར་སྣོན་བྱས་པའི་བྱེད་ནུས་གཙོ་བོ་ནི་གཤམ་གསལ་ལྟར།

3_1 མཇུག་འབྲས་ལ་ཕྱོགས་པའི་བྱེད་ནུས་ཁུལ།

Powerpoint 2007གྱི་འདེམས་ཚན་དེ་བྱང་བུ་ལ་བསྒྱུར་ཡོད་པ་མ་ཟད། བྱང་བུ་རེ་རེའི་ནང་དུ་བྱེད་ནུས་ཚོ་མི་འདྲ་བ་སྒྲིག་ཡོད། དཔེར་ན། གཤམ་གསལ་གྱི་དཔེ་རིས1-1ལྟར། བྱང་བུ“མགོ་འཛུགས”སུ“དྲས་སྦྱར་པང”དང་། “ཡིག་གཟུགས” “དུམ་ཚན”སོགས་ཚུད་ཡོད།

1.jpg

དཔེ་རིས1-1

3_2  དགོས་མཁོ་ཆེ་ལ་མཛེས་པའི་བརྗོད་གཞི་དང་མགྱོགས་མྱུར་བཟོ་ལྟ།

Powerpoint 2007གྱིས་ཆེས་གསར་པའི་བརྗོད་གཞི་དང་། པར་རྣམ། མགྱོགས་མྱུར་བཟོ་ལྟ་བཅས་མཁོ་སྤྲོད་བྱས་ཡོད་པས། Powerpoint 2007གྱི་བརྗོད་གཞིའི་ནང་དུ་སྟོན་འགྲེམས་ཟིན་བྲིས་བཟོ་བའི་བརྒྱུད་རིམ་སྟབས་བདེ་བར་བཏང་ཡོད་པས། སྤྱོད་པ་པོས་རང་ལ་མཁོ་བའི་བརྗོད་གཞི་ཁོ་ན་བདམས་ན་སྟོན་འགྲེམས་ཟིན་བྲིས་ཀྱི་རྒྱབ་ལྗོངས་དང་། ཡི་གེ རིས་དབྱིབས། དཔེ་རིས། རེའུ་མིག་བཅས་ཀྱི་རྣམ་གཞག་རང་འགུལ་ངང་སྒྲིག་འགོད་བྱེད་པ་ཡིན། དཔེ་རིས1-2ནི་བརྗོད་གཞི་དང་མགྱོགས་མྱུར་བཟོ་ལྟ་བཀོལ་སྤྱོད་བྱས་པའི་སྒྲོན་བརྙན་གྱི་མཐོང་འབྲས་ཡིན།

2.jpg

དཔེ་རིས1-2

3_3 དྲག་སྐྱེད་ཀྱི་པར་རིས་བྱེད་ནུས།

Powerpoint 2007གྱིས་ཆུ་ཚད་ངེས་ཅན་ལྡན་པའི་གཞི་གྲངས་པར་རིས་བཟོ་བར་རིགས་སྣ་ཚོགས་ཀྱི་པར་རིས་བར་འཇུག་བྱེད་ཐུབ་ལ། པར་རིས་ཀྱི་མཐོང་འབྲས་མཚོན་ཚུལ་ཡང་དེ་བས་བལྟ་བདེ་བ་ཡོད། དཔེ་རིས1-3ནིPowerpoint 2007གྱིས་མཁོ་སྤྲོད་བྱས་པའི་གླེང་སྒྲོམ“པར་རིས་བར་འཇུག”དང་སྒྲོན་བརྙན་ནང་གི་པར་རིས་ཀྱི་མཐོང་འབྲས་དེ་མཚོན་པ་ཡིན།


3.jpg

དཔེ་རིས1-3

3_4  ཆེད་ལས་ཀྱིSmartArtརིས་དབྱིབས།

SmartArtརིས་དབྱིབས་ནི་ལས་རིམ་སྟོན་འགྲེམས་དང་། བར་རིམ་སྒྲིག་གཞི།རེས་འཁོར། འབྲེལ་བ་སོགས་མཚོན་པ་ལ་སྤྱོད་པ་ཡིན། Powerpoint 2007གྱིས་མཁོ་སྤྲོད་བྱས་པའིSmartArtརིས་དབྱིབས་ཀྱི་བཟོ་ལྟ་ཕུན་སུམ་ཚོགས་པ་མ་ཟད། རང་བཟོས་ཚོས་སྡེབ་ཇུས་གཞི་དང་། རྩ་གསུམ་བཟོ་ལྟའི་སྒྲིག་འགོད་སོགས་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་ཡོད། དཔེ་རིས1-4ལྟར།

4.jpg

དཔེ་རིས1-4

3_5 སྟབས་བདེ་བའི་མཉམ་སྤྱོད་རྣམ་པ།

Powerpointཔར་གཞི་རྙིང་པའི་ནང་དུ་སྒྲོན་བརྙན་གྱི་དཔེ་པང་མི་འདྲ་བའི་རྐྱེན་གྱིས་བཟོས་ཚར་བའི་འགྲེམས་ཟིན་བྲིས་དེ་མི་གཞན་དང་མཉམ་སྤྱོད་བྱེད་དཀའ་བ་མ་ཟད། སྟོན་འགྲེམས་ཟིན་བྲིས་ཀྱི་འཛིན་སྤྱོད་བར་སྟོང་ཆེ་བས་གློག་རྡུལ་སྦྲག་བསྐུར་སོགས་བསྐུར་དཀའ་བ་ཡིན། Powerpoint 2007གྱིས་མཁོ་སྤྲོད་བྱས་པའི་ཡིག་ཆའི་རྣམ་གཞག་གིས་ཡིག་ཆའི་འཛིན་སྤྱོད་བར་སྟོང་ཆུང་ངུར་བཏང་བས་ཡིག་ཆ་མཉམ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་ཡོད། དེ་མ་ཟད་སྤྱོད་པ་པོས་འགོ་སློང་སྟོན་འགྲེམས་ཟིན་བྲིས་དེ་ཐད་ཀརPDFརྣམ་གཞག་ལ་ཡང་ཉར་ཚགས་བྱེད་ཐུབ་པ་ཡིན།

4 Powerpoint 2007འགོ་སློང་བྱ་ཚུལ།

སྤྱོད་པ་པོསOffice 2007སྒྲིག་འཇུག་བྱས་ནས། Powerpoint 2007འགོ་སློང་བྱས་ཚེ། སྟོན་འགྲེམས་ཟིན་བྲིས་བཟོ་ཐུབ་པ་ཡིན་ལ། རྒྱུན་སྤྱོད་ཀྱི་འགོ་སློང་བྱ་ཐབས་ལ་རྒྱུན་སྲོལ་འགོ་སློང་དང་། ཡིག་ཚགས་གསར་པ་བཟོས་ནས་འགོ་སློང་། ད་ཡོད་ཀྱི་སྟོན་འགྲེམས་ཟིན་བྲིས་ཀྱིས་འགོ་སློང་བཅས་ཡོད།

4_1 རྒྱུན་སྲོལ་འགོ་སློང་བྱ་ཚུལ།

རྒྱུན་སྲོལ་འགོ་སློང་ནི་གདམ་བྱང“མགོ་འཛུགས”ནས་འགོ་སློང་བྱེད་པ་ཡིན། དེ་ཡང་གདམ་བྱང“མགོ་འཛུགས”ལ་ཆིག་རྡེབ་བྱས་ཏེ།/“བྱ་རིམ”/Microsoft Office/ Microsoft Office Powerpoint 2007/བཅས་ཀྱི་བཀའ་བརྡ་གདམ་ན Powerpoint 2007འགོ་སློང་བྱེད་པ་ཡིན། དཔེ་རིས1-5ལྟར།

5.jpg

དཔེ་རིས1-5

གལ་ཏེOffice 2007དེ་རང་བཟོས་སྒྲིག་འཇུག་ཡིན་ཚེ་དཔེ་རིས1-6ནང་གི་འདེམས་ཚན་ཡང་མི་འདྲ་བ་ཡོང་སྲིད་པ་ཡིན།

6.jpg

དཔེ་རིས1-6

4_2 ཡིག་ཚགས་གསར་པ་བཟོས་ནས་འགོ་སློང་བྱ་ཚུལ།

Microsoft Officeསྒྲིག་འཇུག་ལེགས་འགྲུབ་ཟིན་རྗེས་ཅོག་ངོས་སམ“ངའི་གློག་ཀླད”ཀྱི་ཁུལ་སྟོང་པར་གཡས་རྡེབ་བྱས་ཚེ་དཔེ་རིས1-7གྱི་མཚོན་པའི་མྱུར་འཇུག་གདམ་བྱང་ཐོན་ཐུབ། དེ་ནས /“གསར་འཛུགས”/Microsoft Office Powerpoint /བཅས་པའི་བཀའ་བརྡ་བདམས་ན་ཅོག་ངོས་སམ་མིག་སྔའི་ཡིག་ཁུག་ནང་ནས“Microsoft Office Powerpointསྟོན་འགྲེམས་ཟིན་བྲིས་གསར་འཛུགས”ཞེས་པའི་ཡིག་ཆ་ཞིག་བཟོ་བ་ཡིན་ལ། ཡིག་ཆ་དེར་མིང་བསྐྱར་འདོགས་བྱས་ཏེ་ཡིག་ཆའི་རིས་རྟགས་དེར་ཉིས་རྡེབ་བྱས་ཏེ་གསར་འཛུགས་བྱས་པ་ནPowerpoint 2007ཡིག་ཆ་དེའི་ཁ་ཕྱེ་བ་ཡིན།

ཐབས་དེ་བེད་སྤྱད་ནསPowerpoint 2007འགོ་སློང་བྱས་ཚེ། ཡིག་ཆ་དེས་རང་འགུལ་ངང་སྐར10(རྒྱུད་ཁོངས་སོར་བཞག)རེར་སྤྱོད་པ་པོའི་བཀོལ་སྤྱོད་དེ་ཉར་ཚགས་བྱེད་པ་ཡིན་པས། སྤྱོད་པ་པོ་བྲེལ་བ་ཆེ་བའི་སྐབས་གཞི་གྲངས་བོར་བརླག་མི་འགྲོ་བའི་ཁྱད་ཆོས་ལྡན།

6.jpg

དཔེ་རིས1-7

4_3 ད་ཡོད་ཀྱི་སྟོན་འགྲེམས་ཟིན་བྲིས་ཀྱིས་འགོ་སློང་བྱ་ཚུལ།

ད་ཡོད་ཀྱི་སྟོན་འགྲེམས་ཟིན་བྲིས་ཀྱིས་འགོ་སློང་བྱ་ཚུལ་ཐད་ཀར་སྟོན་འགྲེམས་ཟིན་བྲིས་ཀྱི་རིས་རྟགས་ལ་ཉིས་རྡེབ་བྱེད་པ་དང“ཡིག་ཚགས”ནས་འགོ་སློང་བྱེད་པ་གཉིས་ཡོད།

4_3_1 རིས་རྟགས་ལ་ཉིས་རྡེབ་བྱས་ནས་འགོ་སློང་བྱ་ཚུལ།

སྤྱོད་པ་པོསWindowsནང་གི“ངའི་གློག་ཀླད”དམ་ཐོན་ཁུངས་དོ་དམ་ཆས་བེད་སྤྱད་ནས་བཟོས་ཟིན་པའི་སྟོན་འགྲེམས་ཟིན་བྲིས་རྙེད་ཐུབ་པས། རིས་རྟགས་ལ་ཉིས་རྡེབ་བྱས་ཚེPowerpointའགོ་སློང་བྱ་ཐུབ་པ་ཡིན།

4_3_2 “ཡིག་ཚགས”ནས་འགོ་སློང་བྱ་ཚུལ།

གལ་སྲིད་སྤྱོད་པ་པོས་མིག་སྔའི་རྩིས་འཁོར་ནང་གིPowerpointབེད་སྤྱད་ནས་ཡིག་ཆར་བཀོལ་སྤྱོད་བྱས་ཡོད་ཚེ། གདམ་བྱང“མགོ་འཛུགས”ཀྱི“ཡིག་ཚགས”ནང་དུ་ཉེ་དུས་བཀོལ་སྤྱོད་བྱས་པའི་ཡིག་ཆའི་མིང་ཐོན་སྲིད་པས། དེ་མཐུན་གྱི་ཡིག་ཆ་བདམས་ན་ལམ་སང་སྟོན་འགྲེམས་ཟིན་བྲིས་ཀྱི་ཁ་ཕྱེ་བ་ཡིན།

སྟོན་འགྲེམས་ཟིན་བྲིས་ཀྱི་ཉར་ཚགས་བརྒྱུད་ལམ་འགྱུར་བའམ་སྟོན་འགྲེམས་ཟིན་བྲིས་བསུབས་ཟིན་ཚེ/“མགོ་འཛུགས”/“ཡིག་ཚགས”/ཞེས་པའི་བཀའ་བརྡ་བེད་སྤྱད་ཀྱང་ཡིག་ཆ་དེ་ཁ་ཕྱེ་མི་ཐུབ།

5 Powerpoint 2007གྱི་འཆར་ངོས་ཀྱི་གྲུབ་ཚུལ།

Powerpoint 2007དེ་པར་གཞི་རྙིང་པ་དང་བསྡུར་ན་བྱང་བུ་དང་ཚོ་སྣ་ཚོགས་བེད་སྤྱད་པས་འགྱུར་ལྡོག་ཆེ་ཙམ་བྱུང་ཡོད། གཤམ་དུPowerpoint 2007གྱི་ལས་ཀའི་འཆར་ངོས་དང་མཐོང་རིས་ཚུལ་སྣ་ཚོགས་གཙོ་བོ་ངོ་སྤྲོད་བྱ།

5_1 འཆར་ངོས་ངོ་སྤྲོད།

ཉེར་སྤྱོད་བྱ་རིམPowerpoint 2007འགོ་སློང་བྱས་རྗེས། སྤྱོད་པ་པོས་ཆེས་གསར་བའི་ལས་ཀའི་འཆར་ངོས་མཐོང་ཐུབ། དཔེ་རིས1-8ལྟར།Powerpoint 2007གྱི་འཆར་ངོས་ནི་མཛེས་ལ་སྤྱོད་བདེ་བ་མ་ཟད། ལས་ཀའི་མཐེབ་གནོན་ཁག་ཀྱང་སྤྱོད་བདེ་བའི་གནས་སུ་བཀོད་སྒྲིག་བྱས་ཡོད།

7.jpg

དཔེ་རིས1-8

5_1_1 ཁ་བྱང་ཚང་།

ཁ་བྱང་ཚང་དེ་འཆར་ངོས་ཀྱི་ཆེས་གོང་ན་གནས་ཡོད། དེ་རུ་ཉེར་སྤྱོད་བྱ་རིམ་གྱི་མིང་དང་རྩོམ་སྒྲིག་བྱེད་བཞིན་པའི་སྟོན་འགྲེམས་ཟིན་བྲིས་ཀྱི་མིང་མངོན་པ་ཡིན། ཁ་བྱང་ཚང་གི་གཡས་སྣེར་མཐེབ་གནོན་གསུམ་ཡོད་པ་དེ་སྒེའུ་ཁུང་ཆེ་སྒྱུར་དང་། ཆུང་སྒྱུར། ཁ་རྒྱག་པ་བཅས་སུ་སྤྱོད་པ་ཡིན།

5_1_2 Officeམཐེབ་གནོན།

Officeམཐེབ་གནོན 01.jpg ནིPowerPoint 2007ལ་གསར་སྣོན་བྱས་པའི་བྱེད་ནུས་མཐེབ་གནོན་ཡིན། དེ་ནི་ལས་ཀའི་འཆར་ངོས་ཀྱི་གཡོན་སྟེང་དུ་གནས་ཡོད། དེ་ལ་ཉིས་རྡེབ་བྱས་ཚེ་འདེམས་ཚན་དང་གསལ་ཐོའི་ཁ་ཕྱེ་ཐུབ། དཔེ་རིས1-9ཡི་གཡོན་རིས་ཀྱིས་མཚོན་པ་ལྟར་གཡོན་ངོས་སུ“གསར་འཛུགས”དང“ཁ་ཕྱེ” “ཉར་ཚགས” “གཞན་ཉར” “པར་འདེབས” “གྲ་སྒྲིག” “འགྲེམས་སྤེལ”བཅས་སྒྲིག་ཡོད་ལ་གཡས་ངོས་སུ་ཉེ་ཆར་བེད་སྤྱད་པའི་ཡིག་ཚགས་གསལ་ཐོ་སྒྲིག་ཡོད།

Officeམཐེབ་གནོན་གྱི་གཡོས་ངོས་སུ་མགྱོགས་མྱུར་ལྟ་སྤྱོད་ལག་ཆའི་ཚང་གནས་ཡོད། སོར་བཞག་ཏུ་མཐེབ་གནོན“ཉར་ཚགས” 02.jpg དང་མཐེབ་གནོན“ཕྱིར་འཐེན” 03.jpg  “བསྐྱར་ཟློས” 04.jpg བཅས་ཚུད་ཡོད།

9.jpg

དཔེ་རིས1-9

5_1_3 བྱེད་ནུས་ཁུལ།

PowerPoint 2007གྱི་ནང་དུ་པར་གཞི་རྙིང་པའི་འདེམས་ཚན་ཚང་དང་ལག་ཆའི་ཚང་དེ་བྱེད་ནུས་ཁུལ་ལ་འདུས་ཡོད། དཔེ་རིས1-10ཡིས་མཚོན་པ་ནི་བྱེད་ནུས་ཁུལ་ནང་གི་བྱང་བུ“བར་འཇུག”ཡིན།

10.jpg

དཔེ་རིས1-10

བྱེད་ནུས་ཁུལ་ལ་པར་གཞི་རྙིང་པའི“བར་འཇུག”འདེམས་ཚན“རེའུ་མིག”དང“རིས་འཇུག” “རིམ་བརྒལ་སྦྲེལ་མཐུད” “ཡིག་སྒྲོམ” “གློག་བརྙན་དང་སྒྲ” “དམིགས་བསལ་མཚོན་རྟགས”བཅས་པའི་བཀའ་བརྡ་དེ་རྣམས“རེའུ་མིག”དང“རིས་འཇུག” “སྦྲེལ་མཐུད” “ཡིག་རྐྱང” “སྨྱན་མང་གཟུགས་དྲས་སྒྲིག” “དམིགས་བསལ་མཚོན་རྟགས”བཅས་ཀྱི་ཚོ་མི་འདྲ་བར་སྒྲིག་ཡོད། སྤྱོད་པ་པོས་འགོ་སློང་ཚོ་མི་འདྲ་བའི་ནང་ནས་རྒྱུན་སྤྱོད་ཀྱི་མཐེབ་གནོན་རྙེད་ཐུབ་པས་ལས་ཀའི་དུས་ཚོད་ལ་ཡང་ཟོར་ངེས་ཅན་ཞིག་ཡོང་ངེས་ཡིན།

PowerPoint 2007གྱིས་འཆར་ངོས་མཛེས་པ་དང་སྟབས་བདེ་ཡོང་ཆེད་བྱེད་ནུས་ཁུལ་ནང་གི་བྱང་བུ་ཁ་ཤས་མཁོ་སྐབས་མངོན་པ་ཡིན། དཔེར་ན། པར་རིས་ཁོ་ན་འདེམས་སྐབས་བྱེད་ནུས་ཁུལ་དུ་བྱང་བུ“པར་རིས་ལག་ཆ”མངོན་པ་ཡིན།

5_1_4 སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་།

སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་ནིPowerPoint 2007གྱི་ལས་ཀའི་འཆར་ངོས་ནང་གི་གྲུབ་ཆ་ཆེ་ཤོས་དངPowerPointསྤྱད་ནས་སྒྲོམ་བརྙན་བཟོ་བའི་ལས་ཀའི་ཁུལ་གཙོ་བོ་ཞིག་ཡིན།

སྒྲོན་བརྙན་ལ་བརྗོད་གཞི་དང་པར་རྣམ་བཀོལ་སྤྱོད་བྱས་ཟིན་རྗེས་རྩོམ་སྒྲིག་ཁུལ་ལ་དེ་དང་མཐུན་པའི་གསལ་འདེབས་ཆ་འཕྲིན་ཐོན་པ་ཡིན།

5_1_5 རྣམ་པའི་ཚང་།

རྣམ་པའི་ཚང་དེ་འཆར་ངོས་ཀྱི་མཐིལ་ངོས་སུ་གནས་ཡོད། དེའི་ནང་དུ་མིག་སྔའི་སྟོན་འགྲེམས་ཟིན་བྲིས་ཀྱི་རྒྱུད་སྤྱོད་ཞུགས་གྲངས་དང་ལས་ཀའི་རྣམ་པ་སོགས་མངོན་པ་ཡིན། དཔེར་ན། སྟོན་འགྲེམས་ཟིན་བྲིས་ཀྱི་ཤོག་གྲངས་དང་། རྩོམ་སྒྲིག་བྱེད་བཞིན་པའི་སྒྲོན་བརྙན་གྱི་སྒྲིག་ཨང་། སྟོན་འགྲེམས་ཟིན་བྲིས་ཀྱིས་བེད་སྤྱད་པའི་ཇུས་འགོད་དཔེ་པང་གི་མིང་སོགས་ཀྱི་ཆ་འཕྲིན་མངོན་པ་ཡིན།

རྣམ་པའི་ཚང་གི་གཡས་ངོས་ནི“མྱུར་ལམ་མཐེབ་གནོན་དང་མངོན་པའི་བསྡུར་ཚད་འདྲུད་རྟགས”ཀྱི་ཁུལ་ཡིན། སྤྱོད་པ་པོས་འགོ་སློང་མྱུར་ལམ་མཐེབ་གནོན་བརྒྱུད་ནས་སྒྲོན་བརྙན་གྱི་མཐོང་རིས་དཔེ་རྣམ་ལ་སྒྲིག་འགོད་བྱེད་ཐུབ་ལ། མངོན་པའི་བསྡུར་ཚད་འདྲེད་དབྱུག་གིས་སྒྲོན་བརྙན་གྱི་རྩོམ་སྒྲིག་ཁུལ་ནང་གི་མངོན་པའི་བསྡུར་ཚད་ཚོད་འཛིན་བྱེད་ཐུབ།

5_2 མཐོང་རིས་ངོ་སྤྲོད།

PowerPoint 2007གྱིས“སྤྱིར་བཏང་མཐོང་རིས”དང“སྒྲོན་བརྙན་བཤར་ལྟ་མཐོང་རིས” “ཟུར་མཆན་ཤོག་ལྷེའི་མཐོང་རིས” “སྒྲོན་བརྙན་སྟོན་པ”བཅས་ཀྱི་མཐོང་རིས་དཔེ་རྣམ་བཞི་མཁོ་འདོན་བྱས་ཡོད་པས། སྤྱོད་པ་པོའི་ལས་ཀ་མི་འདྲ་བར་བདེ་བའི་ཁོར་ཡུག་མི་འདྲ་བ་བསྐྲུན་ཐུབ། མཐོང་རིས་རེར་ཆེད་བཙུགས་ཀྱི་ལས་ཀའི་ཁུལ་དང་། བྱེད་ནུས་ཁུལ། གཞན་གྱི་ལག་ཆ་སོགས་ཚུད་ཡོད། སྤྱོད་པ་པོས་འགོ་སློང་བྱེད་ནུས་ཁུལ་ནས་བྱང་བུ“མཐོང་རིས”བདམས་རྗེས་ཚོ“སྟོན་འགྲེམས་ཟིན་བྲིས་མཐོང་རིས”ཀྱི་ནང་ནས་དེ་མཐུན་གྱི་མཐེབ་གནོན་གདམ་ན་མཐོང་རིས་དཔེ་རྣམ་སྒྱུར་ཐུབ་པ་ཡིན།

5_2_1 སྤྱིར་བཏང་མཐོང་རིས།

སྤྱིར་བཏང་མཐོང་རིས་དེ“སྒྲོན་བརྙན”དང“རྩ་འཛིན”གཉིས་ཀྱི་རྣམ་པས་མངོན་པ་ཡིན། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ནིPowerPointལས་ཀའི་འཆར་ངོས་གཡོན་གྱི་སྔོན་ལྟའི་སྒེའུ་ཁུང་མི་འདྲ་བ་དེ་ཡིན། སྤྱོད་པ་པོས་འགོ་སློང་སྔོན་ལྟའི་སྒེའུ་ཁུང་སྟེང་གི་བརྗེ་བྱེད་མཐེབ་གནོན་གྱིས་བརྗེ་ཐུབ། དཔེ་རིས11-11དང1-12གྱིས་མཚོན་པ་ནི“སྒྲོན་བརྙན”དང“རྩ་འཛིན”རྣམ་པའི་སྤྱིར་བཏང་མཐོང་རིས་ཡིན།

11.jpg

དཔེ་རིས1-11

12.jpg

དཔེ་རིས1-12

སྤྱིར་བཏང་མཐོང་རིས་ལ་སྒྲོན་བརྙན་སྔོན་ལྟའི་སྒེའུ་ཁུང་དང་། སྒྲོན་བརྙན་རྩོམ་སྒྲིག་སྒེའུ་ཁུང་། ཟུར་མཆན་སྒེའུ་ཁུང་བཅས་སྒེའུ་ཁུང་གསུམ་ཚུད་ཡོད། སྤྱོད་པ་པོས་འགོ་སློང་སྒེའུ་ཁུང་གི་མཐའ་སྒྲོམ་དྲུད་ན་སྒེའུ་ཁུང་མངོན་པའི་ཆེ་ཆུང་ལེགས་སྒྲིག་བྱེད་ཐུབ།

1.སྒྲོན་བརྙན་མཐོང་རིས།

སྒྲོན་བརྙན་མཐོང་རིས་ཀྱི་སྔོན་ལྟའི་སྒེའུ་ཁུང་ནང་དུ་གོང་ནས་འོག་བར་སྒྲོན་བརྙན་གྱི་བསྡུས་རིས་མངོན་ཡོད་པས་སྤྱོད་པ་པོས་འགོ་སློང་སྒྲོན་བརྙན་སྤྱི་ཡོངས་ཀྱི་ཕྱི་དབྱིབས་ལ་བལྟ་ཐུབ། མཐོང་རིས་འདིའི་ནང་དུ་སྒྲོན་བརྙན་ལ་རྩོམ་སྒྲིག་དང་སྒྲོན་བརྙན་གྱི་གོ་རིམ་ཡང་བསྒྱུར་ཐུབ།

2. རྩ་འཛིན་མཐོང་རིས་ནི་གཙོ་བོPowerPointསྟོན་འགྲེམས་ཟིན་བྲིས་ཀྱི་ཡིག་རྐྱང་མངོན་པར་སྤྱོད་པ་ཡིན། དེས་རྒྱུ་ཆ་སྒྲིག་འཛུགས་དང་རྩ་འཛིན་རྩོམ་སྒྲིག་བྱེད་པར་ལས་ཀའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ།

5_2_2 སྒྲོན་བརྙན་བཤར་ལྟ་མཐོང་རིས།

སྒྲོན་བརྙན་བཤར་ལྟ་མཐོང་རིས་ནང་དུ་སྟོན་འགྲེམས་ཟིན་བྲིས་ཀྱི་སྒྲོན་བརྙན་ཚང་མ་དུས་གཅིག་ཏུ་བསྡུས་རིས་ཚུལ་གྱིས་མངོན་ཐུབ།དཔེ་རིས1-13ལྟར།

13.jpg 

དཔེ་རིས1-13

གལ་སྲིད་མིག་སྔའི་སྒྲོན་བརྙན་གྱི་ནང་དོན་ལ་རྩོམ་སྒྲིག་བྱེད་འདོད་ན། སྒྲོན་བརྙན་དེར་གཡས་རྡེབ་བྱས་ཏེ་ཐོན་པའི་མྱུར་འཇུག་བདམ་བྱང་དུ་དེ་མཐུན་གྱི་བཀའ་བརྡ་འདེམས་པའམ་སྒྲོན་བརྙན་དེར་ཉིས་རྡེབ་བྱས་ཚེ་སྤྱིར་བཏང་མཐོང་རིས་ལ་བསྒྱུར་ཐུབ།

མཐོང་རིས་འདིའི་ནང་དུ་སྒྲོན་བརྙན་གྱི་རྒྱབ་ལྗོངས་ཇུས་འགོད་དང་ཚོས་སྡེབ་ཇུས་གཞི། དཔེ་པང་སོགས་སྤྱི་ཡོངས་ཀྱི་གྲུབ་འབྲས་ལ་གཟིགས་ཐུབ་ལ། སྒྲོན་བརྙན་གྱི་མཐུན་སྦྱོར་ཡོད་མེད་དང་པར་རིས་གནས་ས་འཚམ་མིན་སོགས་ལའང་གཟིགས་ཐུབ། དེ་མ་ཟད་མཐོང་རིས་འདིའི་ནང་དུ་སྒྲོན་བརྙན་ཁ་སྣོན་དང་། སུབ་པ། སྤོ་བ། འགུལ་རིས་བརྗེ་བ་སོགས་ལའང་སྒྲིག་འགོད་བྱེད་ཐུབ།

5_2_3 ཟུར་མཆན་ཤོག་ལྷེའི་མཐོང་རིས།

ཟུར་མཆན་ཤོག་ལྷེའི་མཐོང་རིས་ནང་དུ་སྤྱོད་པ་པོས་འགོ་སློང་སྟབས་བདེའི་ངང་ཟུར་མཆན་ཆ་འཕྲིན་ཁ་སྣོན་དང་བཟོ་བཅོས་བྱས་ཆོག དཔེ་རིས1-14ལྟར།

14.jpg

དཔེ་རིས1-14

5_2_4 སྒྲོན་བརྙན་སྟོན་པའི་མཐོང་རིས།

མཐོང་རིས་འདིའི་ནང་དུ་སྒྲོན་བརྙན་གྱི་མཇུག་མཐའི་གྲུབ་འབྲས་ལ་གཟིགས་ཐུབ། གལ་སྲིད་གྲུབ་འབྲས་ལེགས་པོ་བྱུང་མེད་ཚེ་ལམ་སང་བཟོ་བཅོས་བྱས་ཆོག་པ་ཡིན། དཔེ་རིས1-15ལྟར།

སྤྱོད་པ་པོས་འགོ་སློང་རྣམ་པའི་ཚང་གཡས་འོག་གི“སྒྲོན་བརྙན་སྟོན་པ”ཡི་མཐེབ་གནོན 16.jpg ལ་ཆིག་རྡེབ་བྱས་ཚེ་མིག་སྔའི་སྒྲོན་བརྙན་སྟོན་པ་ཡིན། སྒྲོན་བརྙན་སྟོན་སྐབས་མཐེབ་གཞོང་སྟེང་གི་མཐེབEscམནན་ན་སྟོན་པའི་རྣམ་པ་ནས་ཕྱིར་འདོན་པ་ཡིན།

PowerPointནང་དུ་མཐེབF5མནན་ན་སྒྲོན་བརྙན་ཐད་ཀར་འགོ་ནས་སྟོན་ལ། མཐེབShift+F5མནན་ན་མིག་སྔའི་བརྙན་པར་ནས་སྟོན་པ་ཡིན།

15.jpg

དཔེ་རིས1-15


བརྡ་འགྲེལ་གདོང་འཛར།

ལག་རྩལ། རྩིས་འཁོར། མཉེན་ཆས། Powerpoint2007
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:2  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-11-20

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།