གསར་དར་སྨྱན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

གསར་དར་སྨྱན་ཆས་ནི་ལག་རྩལ་གསར་བའི་མ་ལག་གི་ཁྱད་ཆོས་ལྡན་པའི་སྨྱན་ཆས་ཀྱི་རིགས་ལ་ཟེར་བ་ཡིན་ཏེ། དཔེར་ན། མྱུར་སྐྱེལ་འཕྲིན་ཡིག་བརྡ་ཁྱབ་དང་། ཨང་ཀིའི་སིལ་དེབ། ཨང་ཀིའི་ཚགས་པར། ཨང་ཀིའི་རྒྱང་སྒྲོག ཁ་པར་འཕྲིན་ཐུང་། སྤོ་སྒུལ་བརྙན་འཕྲིན། དྲ་རྒྱ། ཨང་ཀིའི་བརྙན་འཕྲིན། ཨང་ཀིའི་གློག་བརྙན། རེག་བྱའི་སྨྱན་ཆས་སོགས་ལྟ་བུ་ཡིན། དེ་ལས་གཞན་པའི་དུས་དེབ་དང་། ཁྱིམ་ཕྱིའི་སྨྱན་ཆས། རྒྱང་སྒྲོག བརྙན་འཕྲིན་བཅས་ནི་སྲོལ་རྒྱུན་གྱི་བརྙན་ཆས་བཞི་ཡིན། སྨྱན་ཆས་གསར་བའི་རིགས་ལ“ སྨྱན་སྦྱོར་ལྔ་བ” ཞེས་འབོད་སྲོལ་ཡང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
新兴媒体
མཚོན་དཔེ།
མྱུར་སྐྱེལ་འཕྲིན་པའི་བརྡ་ཁྱབ་དང་། ཨང་རྩིས་དུས་དེབ་སོགས།
མཚན་ཉིད།
མིའི་རིགས་ཡོངས་ཀྱིས་མིའི་རིགས་ཡོངས་ལ་བརྒྱུད་སྒྲོག་བྱེད་པ།
གནས་བབ།
རྣམ་པའི་སྟེང་ནས་སྨྱན་ཆས་ཨང་ལྔ་བ་ཟེར།
1 མཚན་ཉིད།

ཨ་རིའི«སྐུད་སྦྲེལ» སིལ་དེབ་སྟེང་གསར་དར་སྨྱན་ཆས་ལ་བཞག་པའི་མཚན་ཉིད་ནི། “མིའི་རིགས་ཡོངས་ཀྱིས་མིའི་རིགས་ཡོངས་ལ་བརྒྱུད་སྒྲོག་བྱ་ཐབས” ཞེས་བརྗོད་པ་དང་། ཆིན་ཧྭ་སློབ་ཆེན་གྱི་གསར་འགྱུར་སོགས་ཀྱིས་རྩིས་འཁོར་བརྡ་འཕྲིན་ཐག་གཅོད་བྱེད་པའི་ལག་རྩལ་གྱི་རྨང་གཞིའི་སྟེང་བྱུང་བའི་སྨྱན་ཆས་རིགས་ཤིག་ཏུ་བརྗོད་ཀྱི་ཡོད།

གསར་དར་སྨྱན་ཆས་ནི་མི་དམངས་ལ་དུས་ལྟར་ནང་དོན་སྣ་ཚོགས་ཅན་གྱི་བྱ་དངོས་མཁོ་སྤྲོད་བྱེད་པའི་སྨྱན་ཆས་ཡིན་ལ། བརྒྱུད་སྒྲོག་བྱེད་མཁན་དང་དང་ལེན་བྱེད་མཁན་བར་དུ་ཕན་ཚུན་བརྗེ་རེས་བྱེད་པའི་སྨྱན་ཆས་ཀྱི་རིགས་ཤིག་ཀྱང་ཡིན།

2 གལ་ཆེ་བའི་དོན་སྙིང་།

ཆ་འཕྲིན་ཅན་དུ་གྱུར་དང་འགྱུར་བཞིན་པའི་དུས་རབས་འདི་ལྟ་བུའི་ནང་དུ་སྨྱན་སྦྱོར་ལས་རིགས་ནི་མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་བརྗེ་རེས་དང་རྒྱུ་ཆ་འཚོལ་སྡུད་ལ་མེད་དུ་མི་རུང་བའི་ཡོ་བྱད་གལ་ཆེན་ཞིག་ཡིན་ལ། འཚོ་བའི་ཁྲོད་ཀྱི་དོན་དག་སྣ་ཚོགས་ལ་རྒྱུས་ལོན་བྱ་བའི་སྟབས་བདེ་མགྱོགས་མྱུར་གྱི་ཐབས་ལམ་ཞིག་ཀྱང་ཡིན་ནོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།