ཁྱིམ་ཕྱིའི་སྨྱན་ཆས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁྱིམ་ཕྱིའི་སྨྱན་ཆས་ནི་ཐོག་ཁང་གི་སྟེང་དང་ཚོང་ལས་ཁུལ་གྱི་སྒོ་འགྲམ། ལམ་འགྲམ་སོགས་སུ་སྒྲིག་བཀོད་བྱས་པའི་བརྡ་འཕྲིན་ཁྱབ་སྒྲོག་གི་སྨྱན་བྱེད་ལ་ཟེར་བ་དང་། རྣམ་པ་གཙོ་བོ་ལ། དབུགས་སྒང་དང་། དབུགས་ལྡན་མཁའ་འཕུར། འཁོར་སྒམ། རྣམ་པ་ཆེ་བའི་དབུགས་ལྡན་གཟུགས་རིས། མཐོ་རིམ་སློབ་གྲྭའི་ནང་དང་། ཚད་མཐོའི་སྡོད་ཁུལ་གྱི་ཐོག་ཁང་གི་བར་ཁྱམས་སོགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
户外媒体
ཕྱི་ཡིག་གི་མིང་།
Open Space Media
བསྡུས་མིང་།
ཁྱིམ་ཕྱིའི་བརྡ་ཁྱབ།
རྣམ་པ་གཙོ་བོ།
ལམ་བྱང་། འཇའ་གློག གློག་རྡུལ་བརྙན་ཡོལ། གློག་སྒམ་སོགས།
ཕེལ་ཕྱོགས།
ཕྱིམ་ཕྱིའི LED གློག་ཡོལ་བརྙན་གཟུགས།
1 གཞི་རྩའི་གོ་དོན།

ཁྱིམ་ཕྱིའི་སྨྱན་ཆས་ནི། སྲོལ་རྒྱུན་གྱི་འདོད་པ་ལྟར་ན་ཁྱིམ་ཕྱི་རུ་སྒྲིག་བཀོད་བྱས་པའི་སྨྱན་ཆས་སྐོར་ཞིག་ནི་ཁྱིམ་ཕྱིའི་སྨྱན་ཆས་ཡིན་པར་བརྗོད་ཀྱི་ཡོད། ཡིན་ན་ཡང་གོ་དོན་འདི་ནི་སྒྲ་དོག་འཇུག་གི་གོ་དོན་ཡིན་པ་མ་ཟད་ཡང་དག་པ་ཞིག་ཀྱང་མིན། བརྡ་ཁྱབ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། ཁྱིམ་ཕྱིའི་སྨྱན་ཆས་ལ་སྔར་ལས་ཡང་དག་གི་མཚན་ཉིད་ལྡན་འོས་ཏེ། དེ་ནི་ཐུན་མོང་ཁོར་ཡུག་གནས་པའི་སྒྲོག་སྤེལ་གྱི་སྨྱན་རྫས་རིགས་ཤིག་ཡིན།

2 རྩ་བའི་ཁྱད་ཆོས།

(1) ཁྱིམ་ཕྱིའི་ཁ་དོག་ཡོངས་སྤྲོའི་གློག་རྡུལ (LED)སྨྱན་ཆས་དེ་ཐུན་མོང་གི་ཁྲོམ་ར་དང་བརྡ་ཁྱབ་ཁྱབ་སྒྲོག གྲོང་ཁྱེར་ལམ་ཕྱོགས་ཀྱི་དྲ་རྒྱ། གྲོང་ཁྱེར་གྱི་རླངས་འཁོར་ས་ཚིགས། ལྕགས་ལམ། ས་འོག་ལྕགས་ལམ་སོགས་འགྲིམ་འགྲུལ་དང་འབྲེལ་བའི་མ་ལག མྱུར་བགྲོད་གཞུང་ལམ་སོགས་སུ་རྒྱ་ཆེར་སྤྱོད་ཀྱི་ཡོད།

(2) VGA  ཡི་ཐབས་རྩལ་སྤྱོད་ཀྱི་ཡོད་དེ། བརྙན་ཡོལ་ཆེན་མོའི་ནང་དོན་དེ CRTདང་མཉམ་སྤྱོད་ཀྱིས། བརྡ་ཁྱབ་ཀྱི་ནང་དོན་གསར་བརྗེ་དང་སྟབས་བདེར་གཏོང་བ་དང་། པར་ངོས་ཆེ་རུ་གཏོང་བ། མིག་གིས་གསལ་བོར་མཐོང་ཐུབ་པར་བྱེད་པ། གསལ་ཚད་མཐོ་བ། གནས་ཡུན་རིང་བ་སོགས་ཀྱི་ཁྱད་ཆོས་མངའ།

(3)  ཕུན་སུམ་ཚོགས་པའི་ཁ་དོག་བཀྲ་བ་དང་། གཟུགས་རིས་འཆར་ཐབས་རྣམ་པ་སྣ་ཚོགས་ཡིན་པ། (དཔེར་ན། རི་མོའི་རྣམ་པ་དང་། ཡི་གེ་རྣམ་པ། བརྙན་འཕྲིན་གྱི་རྣམ་པ། ད་དུང་མིག་དབང་འཕྲོག་པའི3Dསོགས་ལྟ་བུའོ།  )

(4) ཕྱི་རྣམ་གསར་བའི་ཁྱད་གཤིས་ལྡན་ཏེ། དེས་གྲོང་ཁྱེར་གྱི་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་ཐུབ་པ་དང་། གྲོང་ཁྱེར་སྡོད་དམངས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་ཐུབ་པས། སྡོད་དམངས་ཀྱིས་དང་ལེན་བྱེད་སླ་བ་ཞིག་ཡིན།

3 སྨྱན་ཆས་ཀྱི་དགེ་མཚན།

1. འཁོར་བསྐྱོད་ཀྱི་རང་བཞིན་ལྡན་པ་དང་། བཙན་ཤུགས་ཀྱི་རང་བཞིན་ལྡན་པ། འགྲན་རྩོད་ཀྱི་རང་བཞིན་ལྡན་པ། དངོས་ཕན་གྱི་རང་བཞིན་ལྡན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།

2. ལེ་ཚན་གྱི་དགེ་མཚན། ནང་དོན་ལྡན་པའི་ལེ་ཚན་རང་གིས་བཟོས་ཏེ་དུས་ལྟར་ཤར་གཏོང་བྱེད་ཀྱི་ཡོད་ལ། དེ་ནི་ཁྱབ་སྒྲོག་བྱེད་པ་ཁོ་ན་ཙམ་མ་ཡིན་པར་འཁྲབ་ཚན་ཡང་ཡོད་དེ། དེ་ལ་ཆེད་དོན་དང་། ཆེད་བསྒྲིགས་ལེ་ཚན། ཕྱོགས་བསྡུས་སྒྱུ་རྩལ། འགུལ་རིས། རྒྱང་སྒྲོག བརྙན་འཕྲིན་ཟློས་གར་སོགས་འདུ་བ་དང་། ལེ་ཚན་འཁྲབ་སྟོན་གྱི་བར་དུ་བརྡ་ཁྱབ་སྒྲོག་སྤེལ་བྱེད་པ་ཡིན།

3. ས་ཁོངས་ཀྱི་དགེ་མཚན། དེ་ནི་གཙོ་བོ་ཁྲོམ་ར་སོགས་མིའི་འཁོར་བསྐྱོད་ཀྱི་ཚད་ཆེ་བའི་འདུས་ཁུལ་དུ་སྒྲིག་བཀོད་བྱས་ཡོད་པ་ཞིག་ཡིན་ལ། དེའི་ཁྲོད་ཀྱིLED ཁ་དོག་ཡོངས་སྤྲོའི་བརྙན་ངོས་ཆེན་པོའི་རིགས་ནི་ས་རྟགས་རང་བཞིན་ལྡན་པའི་ས་ཁོངས་སུ་སྒྲིག་བཀོད་བྱས་ཡོད་པ་དང་། དེ་ལ་གཡོ་འགུལ་ལྡན་པའི་བརྒྱུད་སྒྲོག་གི་ནུས་པ་དང་ལྡན་པས། གཞན་ལས་བཙན་སྦྱོར་གྱི་རང་བཞིན་ལྡན།

4 བརྡ་ཁྱབ་ཀྱི་བྱེད་ནུས།
4_1 ཚོང་གཉེར་གྱི་བྱེད་ནུས་ལྡན་པ།

(2) ཁེ་ལས་ཀྱི་རྣམ་པའི་འགྱུར་ཚད་ཆེ་རུ་གཏོང་བ།

(2) ཚད་མཐོའི་ཚོང་རྟགས་ཅན་གྱི་རྒྱུས་ལོན་ཚད་ཆེ་རུ་གཏོང་བ།

(3) ཚད་མཐོའི་ཚོང་རྟགས་ཀྱི་རིན་ཐང་ལ་ཡིད་ཆེས་བྱེད་ཚད་ཆེ་རུ་བསྐྱེད་པ།

4_2 སྤྱི་ཚོགས་ལ་ཐོན་པའི་བྱེད་ནུས།

(1) རིན་ཐང་ལྟ་བ་ཇི་འདྲ་ཞིག་ཡིན་པར་ཁྲིད་སྟོན་བྱ་བའི་ནུས་པ་ལྡན་པ།

(2) འཛད་སྤྱོད་ཀྱི་ལྟ་བ་འཛུགས་པའི་བྱེད་ནུས་ལྡན་པ།

ཁྲོམ་རའི་གནད་དོན།

(1) ཁྲིམས་ལུགས་དང་སྒྲིག་ཁྲིམས་ལ་དེ་འདྲའི་འཚམ་པོ་མེད།

(2) ཉོ་ཚོང་གི་དྲ་ལམ་དེ་འདྲའི་སྐྱོན་མེད་དྭངས་གཙང་ཞིག་མིན།

(3) སྨྱན་ཆས་བདག་གཉེར་དེ་གོ་རིམ་དང་ལྡན་པ་ཞིག་མིན།

5 བཟང་ཆ།

ཁྱབ་རྒྱ་ཆེ་བ་དང་། ཁ་དོག་རྣམ་པར་བཀྲ་བ། བརྗོད་གཞི་གསལ་བ། སྒྲིག་འགོད་གསར་བ་ཡིན་པ། ཕྱི་རྣམ་འགུལ་སྐྱོད་ལྡན་པ། གསལ་སླ་མགྱོགས་གསུམ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་དང་། ཁྱབ་སྒྲོག་གཟུགས་རྣམ་འབུར་དུ་ཐོན་ཡོད་ཅིང་། ལམ་འགྲོ་བའི་ཉམ་འཇོག་གི་ནུས་པ་ཚུར་འགུག་སླ་བ་མ་ཟད། ཡིད་ལ་འཛིན་བདེ་བ་ཞིག་ཀྱང་ཡིན།

6 ངན་ཆ།  

(1) ས་ཁུལ་གྱི་ཚད་བཀག་དང་མི་མང་གི་གྲངས་ཀའི་ཚད་བཀག་ཐེབས་པ།

(2) ཁྱིམ་ཕྱིའི་བརྡ་ཁྱབ་ཀྱི་ནང་དོན་ཅུང་སླ་བའི་རིགས་ཡིན་པ་དང་། བརྒྱུད་སྒྲོག་བྱེད་པའི་བརྡ་འཕྲིན་གྱི་གྲངས་ལ་ཚད་ཡོད་པ། མང་ཆེ་བ་ནི་ཁེ་ལས་དང་ཚོང་ཟོང་གི་རྣམ་པ་ཁྱབ་བསྒྲག་བྱེད་པ་ཡིན་པས། ཚོང་སྐུལ་གྱི་ནུས་པ་ཞན་པ་ཡིན།

7 བརྒྱུད་སྒྲོག་གི་ཁྱད་ཆོས།

(1) བར་ཐག་ཉེ་བའི་རང་བཞིན་ལྡན་པ། 

(2)རྒྱུན་རིང་གི་རང་བཞིན་ལྡན་པ།

(3)ཐད་མཐོང་གི་རང་བཞིན་ལྡན་པ།

(4)ལྐོག་གྱུར་གྱི་རང་བཞིན་ལྡན་པ། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-27

གསར་སྤེལ་མཁན། :ལྷ་བྷེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།