ཆབ་སྲིད་ཀྱི་དབང་ཤུགས།

ཆབ་སྲིད་ཀྱི་དབང་ཤུགས་ཞེས་པ་ནི་ཆབ་སྲིད་དབང་ཆའི་ཁྲིམས་མཐུན་རང་བཞིན་ཡིན་ཏེ། ཆབ་སྲིད་དབང་ཆའི་ལུགས་མཐུན་རང་བཞིན་ཁས་ལེན་པ་དེ་ཡིན། དེས་ནམ་རྒྱུན་ཆབ་སྲིད་དབང་ཆ་རྒྱབ་རྟེན་དུ་བཅོལ་ནས། བདེན་ལུགས་དང་མི་གཤིས་ཀྱི་བློ་སེམས་འགུག་པ་རྩ་བར་བཟུང་སྟེ། ཚད་མཐོའི་གཏན་འཇགས་རང་བཞིན་དང་རྟོན་རུང་རང་བཞིན་གྱི་ཆབ་སྲིད་ཤན་ཤུགས་ནུས་པ་དང་སྡེབ་སྒྲིག དབང་ཆར་བརྩི་འཇོག་དང་ལྡན་པར་བྱ་བ་དེ་ཡིན། དེ་ནི་ཆབ་སྲིད་དབང་ཆའི་ཆེས་དགེ་མཚན་ལྡན་པའི་ནུས་པ་མཚོན་བྱེད་དེ་ཡིན།

རིགས་དབྱེ།  

ཆབ་སྲིད་ཀྱི་འབྲེལ་བ།

ཆབ་སྲིད་ཀྱི་འབྲེལ་བ་ཟེར་བ་ནི། མི་རྣམས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་ཆེད་བཙུགས་ཁེ་ཕན་གྱི་དགོས་མཁོ་དང་ཁེ་ཕན་གྱི་འབྲེལ་བར་བརྟེན་ནས་གྲུབ་པ་ཞིག་དང་། ཆབ་སྲིད་ཀྱི་བཙན་ཤུགས་དང་ཁེ་དབང་སྙོམས་བགོད་ཀྱི་ཁྱད་ཆོས་སུ་བཟུང་བའི་སྤྱི་ཚོགས་ཀྱི་འབྲེལ་བ་ཞིག་ཡིན། དེ་ནི་ཆབ་སྲིད་གནས་བབ་མི་འདྲ་བའི་དབར་ཕན་ཚུན་བྱེད་ནུས་དང་ཤན་ཤུགས་འདོན་པ་ཞིག་དང་། དེ་ནི་ཆབ་སྲིད་མངོན་དུ་འགྱུར་བྱའི་ཆ་ཤས་ཤིག་ཡིན་ལ། ཕྱི་ཡུལ་གྱི་གནས་སྟངས་ཞིག་ཀྱང་ཡིན། དེ་ནི་གྲལ་རིམ་སྤྱི་ཚོགས་ཁྲོད་མིའི་རིགས་ཆབ་སྲིད་བྱེད་ལས་ཀྱི་ལྡོག་མེད་ཐོན་དངོས་ཤིག་ཡིན་ཞིང་། སྤྱི་ཚོགས་ཀྱི་ཆེད་བཙུགས་ཆབ་སྲིད་ལ་འབྲེལ་བ་ཆགས་པ་ཞིག་ཡིན། དེས་ཕྱིར་མི་རྣམས་ཀྱི་ཆབ་སྲིད་བྱ་སྤྱོད་ལ་ཚོད་འཛིན་བྱེད་བཞིན་ཡོད།

རིགས་དབྱེ།  

ཆབ་སྲིད་རྩ་འཛུགས།

ཆབ་སྲིད་རྩ་འཛུགས་ཞེས་པའི་མིང་བརྡ་འདི་ནི་འདེམ་དམངས་འཐུས་མི་བརྒྱུད་ནས་གྲོས་ཚུད་མི་སྣ་དང་ཆབ་སྲིད་རང་བཞིན་གྱི་སྲིད་འཛིན་དཔོན་རིགས་འདེམས་བསྐོ་བྱེད་པ་དང་མཉམ་དུ། གྲོས་གཞིའི་མི་སྣ་དང་ཆབ་སྲིད་རང་བཞིན་གྱི་སྲིད་འཛིན་དཔོན་རིགས་མི་སྣས་དམངས་འདེམས་ཀྱི་རྒྱབ་སྐྱོར་ཆེད་ལས་རྩ་འཛུགས་འཐོབ་རེ་བྱེད་པ་ཞིག་ཡིན།

རིགས་དབྱེ།  

ཆབ་སྲིད་དོ་དམ།

ཆབ་སྲིད་དོ་དམ་ནི་རྒྱལ་ཁབ་ཀྱི་དབང་ཆས་ཆེད་བཙུགས་ཀྱི་སྒྲིག་ལམ་རིགས་ཤིག་དང་དམིགས་ཡུལ་ཞིག་གཞིར་བཟུང་སྟེ། རང་རྟོགས་ཡོད་པ་དང་དམིགས་ཡུལ་ཡོད་པའི་སྒོ་ནས་ཆབ་སྲིད་འཚོ་བར་ཚོད་འཛིན་བྱེད་པའི་ཐབས་ལམ་ངེས་ཅན་ཞིག་ལ་ཟེར་བ་ཡིན། འདི་ལྟ་བུའི་དམིགས་བསལ་གྱི་ཚོད་འཛིན་བྱ་ཐབས་བརྒྱུད་ནས། ཆབ་སྲིད་ཀྱི་ཕྱོགས་སོ་སོ་ནས་གཏན་འབེབ་རིགས་ཤིག་གི་སྒྲིག་ལམ་དང་དམིགས་ཡུལ་ལྟར་ལག་བསྟར་དང་འཕེལ་རྒྱས་སུ་གཏོང་བ་ཞིག་ཡིན།

རིགས་དབྱེ།  

ཆབ་སྲིད་ཚོགས་པ།

ཆབ་སྲིད་ཚོགས་པ་ནི་སྲིད་ཏང་དང་རྒྱལ་ཁབ་ལས་ཁུངས་སོགས་དང་ཁྱད་པར་ཡོད་པ་ཞིག་ཡིན་ཞིང་། དམིགས་ཡུལ་ལྡན་པའི་ངང་ཆབ་སྲིད་སྒྲིག་རིམ་དང་སྲིད་གཞུང་གི་ཐབས་ཇུས་ལ་ཤན་ཤུགས་བཟོ་བའི་སྤྱི་ཚོགས་ཁེ་ཕན་ལ་དམིགས་པའི་ཚོགས་པ་ཞིག་ཡིན། ཆེད་བཙུགས་སྡེ་ཚོགས་ཀྱི་ཁེ་ཕན་འཐུས་ཚབ་ནི། ཆབ་སྲིད་ཚོགས་གནས་པའི་རྨང་གཞི་དང་། ཆབ་སྲིད་སྒྲིག་རིམ་ལ་ཚབ་ཞུགས་དང་ཤན་ཤུགས་བཟོ་བ་ཞིག་ཡིན། དེ་ཡི་ལས་འགན་གཙོ་བོ་ནི། ཁྲིམས་ལུགས་དང་སྲིད་ཇུས་གྱི་སྒྲིག་གཏན་ལ་ཤན་ཤུགས་བཟོས་པ་བརྒྱུད་ཚོགས་པའི་ཁེ་ཕན་མངོན་འགྱུར་བྱེད་པ་དེ་ཡིན་ལ། དེ་ནི་ཆབ་སྲིད་ཚོགས་པའི་རྨང་གཞིའི་ཆབ་སྲིད་ཀྱི་རང་བཞིན་དེ་ཡིན།

རིགས་དབྱེ།  

ཆབ་སྲིད་རིག་པ།

ཆབ་སྲིད་རིག་པ་ནི་ཆབ་སྲིད་ཀྱི་སྤྱོད་ལམ་དང་ཆབ་སྲིད་སྒྲིག་སྲོལ་སོགས་ཆབ་སྲིད་དང་འབྲེལ་བའི་ཁྱབ་ཁོངས་གཙོ་བོར་བཟུང་བའི་སྤྱི་ཚོགས་ཚན་རིག་རིག་ཚན་དག་ལ་བརྗོད་པ་དང་། སྒྲ་དོག་འཇུག་ལྟར་ན་ཆབ་སྲིད་རིག་པའི་ཞིབ་འཇུག་གི་བྱ་འགུལ་དང་རྣམ་པ། འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཟེར་ཞིང་། སྒྲ་ཡངས་འཇུག་ལྟར་ན་ངེས་གཏན་གྱི་དཔལ་འབྱོར་རྨང་གཞིའི་སྟེང་གི་སྤྱི་ཚོགས་ཐུན་མོང་གི་དབང་ཆའི་བྱ་འགུལ་དང་རྣམ་པ། འབྲེལ་བ་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ཟེར་བ་ཡིན།

རིགས་དབྱེ།  

ཆབ་སྲིད་ལམ་ལུགས།

ཆབ་སྲིད་ལམ་ལུགས་ཞེས་པ་ནི་དབང་སྒྱུར་གྲལ་རིམ་གྱིས་གྲལ་རིམ་སྲིད་དབང་སྒེར་འཛིན་མངོན་འགྱུར་བྱེད་ཆེད་སྤྱད་པའི་དབང་སྒྱུར་བྱེད་སྟངས་དང་བྱེད་ཐབས་ཀྱི་སྤྱི་བསྡོམས་ལ་ཟེར། རྒྱལ་ཁབ་ཀྱི་སྲིད་དབང་གི་རྩ་འཛུགས་རྣམ་པ་དང་། རྒྱལ་ཁབ་ཀྱི་སྒྲིག་གཞིའི་རྣམ་པ། སྲིད་ཏང་ལམ་ལུགས་དང་འདེམས་བསྐོའི་ལམ་ལུགས་སོགས་ཚུད་ཡོད། རྒྱལ་ཁབ་ཀྱི་རིགས་མི་འདྲ་བའམ་ཡང་ན་རིགས་གཅིག་པའི་བྱེ་བྲག་གི་ལོ་རྒྱུས་ཆ་རྐྱེན་མི་འདྲ་བའི་རྐྱེན་གྱིས་དེའི་ཆབ་སྲིད་ལམ་ལུགས་ལའང་ཁྱད་པར་ཡོད། སྲིད་དབང་གི་རྩ་འཛུགས་ཀྱི་རྣམ་པར་གཞིགས་ནས་དབྱེ་ན་རྒྱལ་པོའི་ལམ་ལུགས་དང་། སྤྱི་མཐུན་ལམ་ལུགས། གྲོས་ཚོགས་ལམ་ལུགས། མི་དམངས་འཐུས་མིའི་ལམ་ལུགས་བཅས་ཡོད་པ་དང་། ཀྲུང་དབྱང་དང་ས་གནས་ཀྱིས་དོ་དམ་བྱེད་པའི་དབང་ཚད་ལྟར་དབྱེ་ན་ཀྲུང་དབྱང་གིས་དབང་ཆ་གཅིག་སྡུད་བྱེད་པའི་ལམ་ལུགས་དང་ས་གནས་ཀྱིས་དབང་ཆ་བགོ་བའི་ལམ་ལུགས་སོགས་ཡོད། ཀྲུང་གོར་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་སྲིད་དབང་རྩ་འཛུགས་ཀྱི་རྣམ་པ་དང་ཁེར་རྐྱང་ལམ་ལུགས་ཀྱི་རྒྱལ་ཁབ་སྒྲིག་གཞིའི་རྣམ་པ་ལག་བསྟར་བྱེད་ཀྱི་ཡོད།

རིགས་དབྱེ།  

ཆབ་སྲིད་སྒྲིག་གཞི།

ཆབ་སྲིད་རིག་པའི་ཁྲོད་ཀྱི་ཆབ་སྲིད་སྲིད་དབང་གི་མིང་བརྡ(Form of Government) ནི་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དབང་སྒྱུར་ལ་བརྟེན་ཏེ། རྒྱལ་ཁབ་ཀྱི་ཆབ་སྲིད་མ་ལག་འཁོར་རྒྱུགས་བྱེད་པའི་རྣམ་པ་ཞིག་ཡིན་ཞིང་། སྤྱིར་བཏང་དུ་རྒྱལ་ཁབ་སྲིད་གཞུང་ཞིག་གི་རྩ་འཛུགས་ཀྱི་གྲུབ་ཚུལ་དང་དོ་དམ་སྒྲིག་གཞི་ལ་གོ་བ་ཡིན། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་། རྒྱལ་ཁབ་དང་ས་ཁོངས་མི་འདྲ་བའི་དབང་གིས། ཆབ་སྲིད་ཀྱི་སྒྲིག་གཞི་ཡང་མི་འདྲ་བ་ཡིན།

རིགས་དབྱེ།  

ཆབ་སྲིད།

ཆབ་སྲིད་ཅེས་པའི་ཐ་སྙད་དེ་ཚང་མས་བཀོལ་སྤྱོད་བྱེད་བཞིན་ཡོད་མོད། དེའི་གོ་དོན་ལ་འགྲེལ་བ་རྒྱག་སྟངས་སྣ་ཚོགས་ཡོད་པ་ཞིག་ཡིན། རྒྱ་ཡིག་གི་ཆབ་སྲིད་ཅེས་པའི་ཐ་སྙད་ཀྱི་གོ་དོན་དེ་གནའ་བོའི་ཀེ་རི་སེའི་ཡི་གེ་ནས་བྱུང་བ་དང་། བོད་ཡིག་གི་ཆབ་སྲིད་ཅེས་པའི་ཐ་སྙད་དེ་ཉེ་རབས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་ཞིང་། དེའི་ནང་དོན་ནི། ཆབ་འབངས་སྟེ་མངའ་འབངས་སྐྱོང་བར་བྱེད་པའི་འཇིག་རྟེན་སྲིད་པའི་ཁྲིམས་ཀྱི་བྱ་བཞག་གི་དོན་ཡིན།

རིགས་དབྱེ།  

དབང་བའི་ལམ་ལུགས།

དབང་བའི་ལམ་ལུགས་ནི་མི་རྣམས་ཀྱིས་དངོས་པོའི་རྒྱུ་ཆ་བདག་བཟུང་བྱེད་པའི་རྣམ་པར་བརྗོད་པ་དང་། རྒྱུན་པར་ཐོན་སྐྱེད་རྒྱུ་ཆ་བདག་བཟུང་བྱེད་པའི་རྣམ་པ་ཞིག་ཡིན་ལ། དེ་ནི་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་ཤིག་ཀྱང་ཡིན།

རིགས་དབྱེ།  

སྒེར་དབང་ལམ་ལུགས།

སྒེར་དབང་ལམ་ལུགས་ལ་དབང་བའི་ལམ་ལུགས་ཀྱང་ཟེར་ཞིང་། དེ་ནི་སྤྱི་དབང་ལམ་ལུགས་ཀྱི་ལྟོས་ཟླར་གྱུར་བའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན། འདི་ལྟ་བུའི་ལམ་ལུགས་སུ་ཐོན་སྐྱེད་རྒྱུ་ཆ་མི་སྒེར་གྱིས་བེད་སྤྱོད་གཏོང་བའམ་ཡང་ན་ཐུན་མོང་གཞན་འཕུད་ཀྱིས་བདག་བཟུང་བྱེད་པ་ཞིག་ཡིན། སྒེར་དབང་ལམ་ལུགས་ནི་སྤྱི་ཚོགས (བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས། མ་རྩ་རིང་ལུགས་སྤྱི་ཚོགས། ཁྱད་དབང་རིང་ལུགས། དབང་སྡོམ་སྤྱི་ཚོགས་བཅས་ཀྱིས་མཚོན་པ་ཡིན) ལ་བཤུ་གཞོག་བྱེད་པའི་རྩ་བའི་མཚོན་རྟགས་རིགས་ཤིག་ཡིན།

རིགས་དབྱེ།  

སྤྱི་ལ་དབང་བའི་ལམ་ལུགས།

སྤྱི་ལ་དབང་བའི་ལམ་ལུགས་ནི་སྒེར་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལྟོས་འཇོག་གིས་གྲུབ་པ་ཞིག་ཡིན་ཞིང་། འདི་ལྟ་བུའི་ལམ་ལུགས་སུ་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་མི་མངོན་ཞིང་། ཐོན་སྐྱེད་རྒྱུ་ཆ་གཞན་ལ་མི་དབང་བའི་བདག་བཟུང་ལག་བསྟར་མི་བྱེད་པ་ཞིག་ཡིན། མིག་སྔར་ཀྲུང་གོའི་སྤྱི་ཚོགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་མཚོན་ཚུལ་རྣམ་པ་དེ་སྤྱིར་བཏང་དུ་རྒྱལ་ཁབ་ལ་དབང་བ་དང་ཐུན་མོང་ལ་དབང་བ་བ་སྟེ་རིགས་གཉིས་སུ་དབྱེ་ཆོག་པར་ངོས་འཛིན་བྱེད་ཀྱི་ཡོད།

རིགས་དབྱེ།  

སྲིད་ཏང་།

སྲིད་ཏང་ཞེས་པ་ནི་དེང་དུས་འཛམ་གླིང་རྒྱལ་ཁབ་ཁག་ལ་སྤྱི་ཁྱབ་ཏུ་གནས་པའི་སྤྱི་ཚོགས་ཆབ་སྲིད་ཀྱི་སྣང་ཚུལ་ཞིག་ཡིན་ཞིང་། དེང་དུས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན། དེང་རབས་རྒྱལ་ཁབ་ཏུ་སྤྱིར་བཏང་བྱས་ན་སྲིད་ཏང་གཅིག་གིས་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་བཞིན་ཡོད་པ་དང་། སྲིད་ཏང་གིས་གྲལ་རིམ་དང་རིམ་གྲས། སྤྱི་ཚོགས་ཚོགས་པ་ངེས་ཅན་གྱི་ཁེ་ཕན་གྱི་ཚབ་བྱེད་བཞིན་ཡོད་པ་ཞིག་ཡིན། དེས་རྒྱལ་ཁབ་ཀྱི་དབང་ཆ་བཟུང་ནས་རང་ཉིད་ཀྱི་ཆབ་སྲིད་རྩ་འཛིན་མངོན་འགྱུར་བྱེད་བྱ་ཆེད་ཏང་དུ་ཞུགས་མཁན་གྱི་ཆབ་སྲིད་རྩ་འཛུགས་ཤིག་རེད། སྲིད་ཏང་དང་རྒྱལ་ཁབ་ཀྱི་སྲིད་དབང་བར་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། སྲིད་ཏང་ནི་ཆབ་སྲིད་རང་བཞིན་ལྡན་པའི་སྤྱི་ཚོགས་ཀྱི་ཚོགས་པ་གཞན་པ་དང་ཁྱད་པར་འབྱེད་པའི་རྩ་བའི་མཚོན་རྟགས་ཤིག་ཀྱང་ཡིན།

རིགས་དབྱེ།  

མི་རིགས་ཀྱི་རྩ་བའི་ཁྱད་ཆོས།

མི་རིགས་ཞེས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་དེ་དུས་རིམ་ངེས་ཅན་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་ལས་བྱུང་བ་ཞིག་ཡིན།

རིགས་དབྱེ།  

ཧོ་ནན་ཞིང་ཆེན།

ཧོ་ནན་ཞིང་ཆེན་གྱི་བསྡུས་མིང་ལ“ཡུས”ཞེས་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ཆེན་རིམ་པའི་སྲིད་འཛིན་ཁུལ་ཡིན། ཞིང་ཆེན་གྱི་ལྟེ་གནས་ཀྲེན་ཀྲོའུ་ནི་ཀྲུང་གོའི་དབུས་རྒྱུད་དུ་གནས་ཤིང་། ཧོ་ནན་གྱི་ས་མཚམས་ནི་འཕྲེད་ཐིག་བྱང་མའི31°23'-36°22'དང་། ཤར་ཕྱོགས་ཀྱི་གཞུང་ཐིག110°21'-116°39'བར་ཡིན་ལ། ཤར་ངོས་སུ་ཨན་ཧུའེ་དང་ཧྲན་ཏུང་། བྱང་མཚམས་སུ་ཧོ་པེ་དང་ཧྲན་ཞི། ནུབ་ཕྱོགས་སུ་ཧྲའན་ཞི། ལྷོ་ངོས་སུ་ཧུའུ་པེ་བཅས་དང་འབྲེལ་ཡོད། ཧོ་ནན་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ16.7ཡོད། ཧོ་ནན་ཞིང་ཆེན་གྱི་ས་བབ་ནི་བྱང་ནས་ལྷོར་ཕྱོགས་པ་དང་། ཤར་ནས་ནུབ་ཏུ་སྤེལ་བ། ས་བབ་ནུབ་མཐོ་ལ་ཤར་དམའ་བ། བདེ་ཐང་དང་གཞོང་ས། རི་ཁུལ། རི་མ་ཐང་། ཆུ་ངོས་བཅས་ལས་གྲུབ་ཡོད་ལ། ཚོ་ཆུ་དང་། རྨ་ཆུ། ཧོའེ་ཧོ་ཆུ་བོ། འབྲི་ཆུ་བཅས་ཆུ་བོ་ཆེན་པོ་བཞི་བརྒལ་ཡོད། ཧོ་ནན་ཞིང་ཆེན་མང་ཆེ་བ་དྲོད་ཁུལ་དུ་གནས་པ་དང་། ལྷོ་རྒྱུད་ཚ་ཁུལ་ཕལ་བའི་ཁོངས་སུ་གཏོགས་ཤིང་། ཚ་ཁུལ་བྱང་མ་ནས་དྲོད་ཁུལ་དུ་བར་བརྒལ་བྱེད་པའི་སྐམ་ས་ཆེན་པོའི་རང་བཞིན་གྱི་དུས་རླུང་ནམ་ཟླ་ཡིན། ཧོ་ནན་ནི་མཚོ་རྒྱུད་སྒོ་འབྱེད་ས་ཁུལ་དང་དབུས་ནུབ་རྒྱུད་ས་ཁུལ་གྱི་འབྲེལ་མཚམས་སུ་གནས་པ་དང་། ཀྲུང་གོའི་དཔལ་འབྱོར་ཤར་ནས་ནུབ་ཏུ་སྐས་རིམ་བཞིན་འཕེལ་རྒྱས་གཏོང་བའི་ས་རྒྱུད་བར་མ་ཡིན། སྤྱི་ལོ2019ལོའི་ཟླ5པའི་བར་ཧོ་ནན་ཞིང་ཆེན་ཁོངས་སུ་ཞིང་ཆེན་ཐད་གཏོགས་གྲོང་ཁྱེར17དང་། ཞིང་ཆེན་ཐད་སྐྱོང་གྲོང་ཁྱེར1 རྫོང་རིམ་པའི་གྲོང་ཁྱེར21 རྫོང85 གྲོང་ཁྱེར་ཁོངས་གཏོགས་ཆུས53བཅས་ཡོད། ཧོ་ནན་ལ“ཅིའུ་ཀྲོའུ་དབུས་ཁུལ་དང་ཞིང་ཆེན་བཅུ་ལ་ཤར་གཏོང་བྱེད”ཅེས་བརྗོད་སྲོལ་ཡོད་པ་དང་དེ་ནི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་དང་མི་འགྲུལ་ཟོག་འགྲེམས་གྱི་ཆ་འཕྲིན་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད། སྤྱི་ལོ2018ལོར་ཧོ་ནན་ཞིང་ཆེན་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར48055.86ཟིན་པ་དེ་དུས་མཚུངས་ལས7.6%འཕར་བ་དང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར4289.38ཟིན་པ་དེ་དུས་མཚུངས་ལས3.3%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར22034.83ཟིན་པ་དེ་དུས་མཚུངས་ལས7.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར21731.65ཟིན་པ་དེ་དུས་མཚུངས་ལས9.2%འཕར་ཡོད།

རིགས་དབྱེ།  

ནགས་རྫོང་ཡུལ་ཆོས།

ནགས་རྫོང་ཡུལ་ཆོས་ནི་སྐྱེ་ཁམས་རིག་པའི་ཐད་ཀྱི་སྐྱེ་དངོས་ཐམས་ཅད་འཚོ་ཐབས་ཡོང་བར་འབད་པ་དང་། བཟང་བོས་ངན་པ་འདོར་བ། བཙན་པོས་གཉོམ་པོ་བསྡུ་བའི་ཆོས་ཉིད་སྟོན་པའི་མིང་བརྡ་ཞིག་ཡིན་ལ། དེ་ནི་ངོ་བོ་གཉིས་ལྡན་ཞིག་སྟེ། གཅིག་ནི་རང་བྱུང་ངོ་བོ་སྟེ་རང་བྱུང་ཁམས་ཀྱི་ཆོས་ཉིད་ཁོ་ནས་ཤུགས་རྐྱེན་ཐེབས་པ་ཞིག་ཡིན་ལ། རང་བྱུང་ཁམས་ཀྱི་ཐོན་ཁུངས་ལ་ཚད་ཡོད་ཅིང་སྟོབས་ཤུགས་ཅན་གྱིས་དེ་ལས་མང་བོ་ཞིག་བདག་གིར་འཛིན་ཐུབ། ཅིག་ཤོས་ནི་སྤྱི་ཚོགས་ཀྱི་ངོ་བོ་ཡིན་ཞིང་། དེ་སྲོག་ཆགས་ཀྱི་འཇིག་རྟེན་དུ་མངོན་གྱིན་ཡོད་དེ། འགྲོ་བ་མི་ནི་མཐོ་རིམ་སྲོག་ཆགས་ཤིག་ཡིན་པའི་ཆ་ནས་ནགས་རྫོང་ཡུལ་ཆོས་ཀྱི་རང་བྱུང་ངོ་བོ་ལ་འགྱུར་བ་གཏོང་ཐུབ་ཅིང་། ཕྱོགས་གཞན་ཞིག་ནས་བཤད་ན་དེ་ནི་མིས་བརྩི་སྲུང་བྱེད་དགོས་པའི་འཚོ་གནས་ཆོས་ཉིད་ཅིག་ཡིན། ཆེ་བ་རྒྱལ་ཁབ་ཕན་ཚུན་དང་། སྲིད་དབང་དང་སྲིད་དབང་གི་བར། ཆུང་བ་མི་དང་མིའི་བར་གྱི་འགྲན་རྩོད་ཡོད་དོ་ཅོག་ལ་མཚོན་ན་ཡང་ནགས་རྫོང་ཡུལ་ཆོས་བརྩི་སྲུང་བྱེད་དགོས་ཤིང་། འགྲན་རྩོད་ཀྱི་མཐའ་འབྲས་ཇི་ལྟ་བུ་ཞིག་ཡིན་པ་དེ་སོ་སོའི་ནུས་པ་དང་། འཇོན་ཐང་། ཐབས་ལམ། ཡང་ན་འཚོ་གནས་ཁོར་ཡུག་ལ་བསྒྱུར་བཅོས་གཏོང་ཐུབ་མིན་དང་ཁོར་ཡུག་གསར་བ་དང་ལེན་བྱེད་ཐུབ་མིན་ལ་ཐུག

རིགས་དབྱེ།  

ཏང་ལོ།

ཏང་ལོ་ནི་གྲ་སྒྲིག་ཏང་ཡོན་ནས་དངོས་ཞུགས་ཏང་ཡོན་དུ་གྱུར་བའི་རྗེས་སུ་ཏང་ནང་དུ་ཞུགས་ཏེ་འགོར་བའི་ལོ་ཡི་ཁ་གྲངས་ལ་ཟེར་ཞིང། དངོས་ཞུགས་ཏང་ཡོན་དུ་གྱུར་བའི་རྗེས་ཀྱི་དུས་ཚོད་ཚང་མ་ཡིན། ཏང་ལོ་ཡིས་ཏང་ཡོན་ཏང་ནང་དུ་ཞུགས་པའི་རྗེས་ཀྱི་ཏང་ནང་ཁུལ་གྱི་འཚོ་བ་དང་བྱ་བའི་མྱོང་བརྒྱུད་མཚོན་ཡོད།

རིགས་དབྱེ།  

ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།

ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་གཏོད་བཅས་མངོན་འགྱུར་བྱ་བར་ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མར་སློབ་སྦྱོང་བྱ་དགོས།

རིགས་དབྱེ།  

ཏང་གི་ལོ་རྒྱུས་ཤེས་བྱ་ཆིག་བརྒྱ་མ།(2)

གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པའི་རིང་གི་ལོ་རྒྱུས་དོན་རྐྱེན་གལ་ཆེན་དག་ལ་བྱ་ཞིང་། དེ་ནི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་དང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་གཏོད་བཅས་ལ་དོན་སྙིང་གིས་ཕྱུག་པ་ཞིག་གོ།

རིགས་དབྱེ།  

ཏང་ཡོན་གྱི་ཁེ་དབང་འགན་ལེན་སྲོལ་ཡིག་སྐོར་གྱི་བརྡ་ཐོ།

མཚོ་སྔོན་ཞིང་ཆེན་གྱིས་བརྡ་ཐོ་དཔར་འགྲེམ་བྱས་ནས《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་ཁེ་དབང་འགན་ལེན་སྲོལ་ཡིག》སློབ་སྦྱོང་ལག་བསྟར་བྱེད་པར་ནན་ཏན་གྱིས་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན།

རིགས་དབྱེ།  

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ།

སྤྱི་ལོ2021ལོའི་ཟླ2པའི་ཚེས1ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དམངས་གཙོའི་ཏང་ཁག་སོ་སོ་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་འགན་ཁུར་མི་སྣ། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་དང་ལྷན་དུ་འཛོམས་ཏེ་དུས་ཆེན་བསུས། ཞི་ཅིན་ཕིང་གིས་སྤྱི་ལོ2021ལོར་ཏང་ཡོངས་ཀྱི་ངོས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་སློབ་གསོ་སྤེལ་ཏེ། ཏང་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཛིན་པར་སྐུལ་སློང་གིས། དུས་རབས་གསར་བར་རྒྱུན་ཆད་མེད་པར་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བསྟན།

རིགས་དབྱེ།  

རྒྱལ་སྤྱིའི་ཆབ་སྲིད་རིག་པ།

རྒྱལ་སྤྱིའི་ཆབ་སྲིད་རིག་པ་ནི་ཆབ་སྲིད་རིག་པའི་ཡན་ལག་ཅིག་ཡིན་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཀྱི་རྒྱལ་སྤྱིའི་ཆབ་སྲིད་བྱ་སྤྱོད་གཙོ་བོའི་བར་གྱི་ཆབ་སྲིད་འབྲེལ་བ་དང་དེའི་འཕེལ་རྒྱས་དང་འགྱུར་ལྡོག་གི་སྤྱིར་བཏང་ཆོས་ཉིད་ལས་རིག་ཚན་གསར་བ་ཞིག་ཐོབ་ཡོང་། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བྱ་སྤྱོད་གཙོ་བོ་ཁག་དབར་གྱི་ཆབ་སྲིད་འབྲེལ་བ་དང་དེའི་འཁོར་སྐྱོད་ལམ་སྲོལ་དང་ཆོས་ཉིད་ཞིབ་འཇུག་བྱ་ཡུལ་གཙོ་བོར་བྱེད་པའི་རིག་ཚན་ཞིག་ཡིན། དེ་ནི་རྒྱལ་སྤྱིའི་འབྲེལ་བའི་རིག་པ་དང་མི་འདྲ་བར་རྒྱལ་ཁབ་དབར་གྱི་ཆབ་སྲིད་འབྲེལ་བར་ཞིབ་འཇུག་བྱ་རྒྱུ་གཙོ་བོར་འཛིན་བཞིན་ཡོད། དེའི་ནང་དོན་རིམ་པ་བཞི་རུ་དབྱེ་ཡོད་དེ། རྒྱལ་སྤྱིའི་སྤྱི་ཚོགས་དང་བྱ་སྤྱོད་གཙོ་བོ། ཆབ་སྲིད་ཀྱི་འབྲེལ་བ། སྤྱིར་བཏང་གི་ཆོས་ཉིད་བཅས་ཡིན།

རིགས་དབྱེ།  

ཁྲིམས་ལུགས་མཚན་ཉིད་རིག་པ།

ཁྲིམས་ལུགས་མཚན་ཉིད་རིག་པ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁྲིམས་སྐོར་གྱི་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་རིག་ཚན་ཞིག་ཡིན། དེར་བཅའ་ཁྲིམས་མཚན་ཉིད་རིག་པ་ཡང་ཟེར། དབྱིན་ཇི་དང་ཨ་རི་སོགས་རྒྱལ་ཁབ་ཁག་ཏུ་ཁྲིམས་ལུགས་རིག་པ་ཡང་ཟེར།(འདིར་དོགས་པ་ཡོད་པའི་མཁས་པ་མི་ཉུང་བ་ཞིག་གིས་ཁྲིམས་ལུགས་རིག་དང་ཁྲིམས་ལུགས་མཚན་ཉིད་རིག་པ་ནི་རིག་ཚན་མི་འདྲ་བ་ཡིན་པར་བཤད་པས། དོན་འདི་ནི་རྩོད་གླེང་བྱེད་ས་ཞིག་ཡིན།)

རིགས་དབྱེ།  

ཁྲིམས་ལུགས་གཤིབ་བསྡུར་རིག་པ།

ཁྲིམས་ལུགས་གཤིབ་བསྡུར་རིག་པར་བཅའ་ཁྲིམས་གཤིབ་བསྡུར་ཡང་ཟེར། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའམ་རྒྱལ་ཁབ་མི་འདྲ་བའི་བཅའ་ཁྲིམས་ལ་ཞིབ་བསྡུར་ཞིབ་འཇུག་བྱེད་པའི་ཁྲིམས་རིག་གི་རིག་ཚན་ཞིག་ཡིན། ཞིབ་འཇུག་བྱ་ཡུལ་ནི་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་བཅའ་ཁྲིམས་ཡིན། ཞིབ་འཇུག་བྱེད་ཐབས་ནི་བཅའ་ཁྲིམས་འདི་དག་གི་ཁྱད་པར་རང་བཞིན་དང་ཐུན་མོང་རང་བཞིན་གསལ་སྟོན་བྱེད་པའི་ཞིབ་བསྡུར་བྱེད་ཐབས་ཤིག་ཡིན། ལས་འགན་ནི་བཅའ་ཁྲིམས་མི་འདྲ་བའི་མཐུན་ས་དང་མི་འདྲ་བ་གཏན་འཁེལ་བྱས་ཏེ་དེ་དག་སོ་སོའི་ངོ་བོ་དང་ཁྱད་ཆོས། དེ་བཞིན་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་གསལ་སྟོན་བྱ་རྒྱུ་དེ་ཡིན། ཞིབ་འཇུག་བྱ་ཡུལ་གྱི་ཞིབ་ཕྲའི་གནས་ཚུལ་ལ་གཞིགས་ནས་ཁྲིམས་ལུགས་གཤིབ་བསྡུར་རིག་པ་དེ་ཡན་ལག་གི་རིག་ཚན་མི་འདྲ་བར་དབྱེ་ཡོད་པ་དཔེར་ན།རྩ་ཁྲིམས་དང་གཤིབ་བསྡུར་སྲིད་འཛིན་བཅའ་ཁྲིམས། ཉེས་ཁྲིམས་གཤིབ་བསྡུར། དམངས་ཁྲིམས་གཤིབ་བསྡུར། གཤིབ་བསྡུར་དཔལ་འབྱོར་བཅའ་ཁྲིམས། གཤིབ་བསྡུར་གཏུག་བཤེར་བཅའ་ཁྲིམས་སོགས་ཡིན། གཤིབ་བསྡུར་གྱི་བྱེད་ཐབས་སྤྱད་དེ་བཅའ་ཁྲིམས་ལ་ཞིབ་འཇུག་བྱེད་པ་ནི་གནའ་བོའི་ཀེ་རི་སེ་དང་གནའ་བོའི་རོ་མའི་དུས་སྐབས་དང་ཀྲུང་གོའི་ཀྲན་གོའི་དུས་སྐབས་སུ་བྱུང་བ་རེད། ཁྲིམས་རིག་རིག་ཚན་གྱི་ ཁྲིམས་ལུགས་གཤིབ་བསྡུར་རིག་པ་ནི་དུས་རབས19བའི་དུས་མཇུག་ཏུ་གྲུབ་པ་ཡིན། དེའི་རྒྱུ་རྐྱེན་གཙོ་བོ་ནི། སྐབས་དེར་ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་གཙོ་བོ་རྣམས་རང་མོས་མ་རྩ་རིང་ལུགས་ནས་བཙན་རྒྱལ་རིང་ལུགས་སུ་གྱུར་བ་དང་། རྒྱལ་སྤྱིའི་བར་སིམ་འཛུལ་ཇེ་མང་དང་རྗེས་ལུས་རྒྱལ་ཁབ་ཀྱིས་ཀྱང་བཅའ་ཁྲིམས་བཅོས་བསྒྱུར་བྱས་ནས་རང་ཉིད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་བཞིན་ཡོད། བཅའ་ཁྲིམས་ཀྱི་གཤིབ་བསྡུར་ཞིབ་འཇུག་དེ་དགོས་མཁོ་རུ་གྱུར་ཏེ། ཁྲིམས་ལུགས་གཤིབ་བསྡུར་རིག་པ་དར་བ་རེད། འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ། འཛམ་གླིང་འདི་ལྟོས་བཅས་ཀྱིས་གཏན་འཇགས་ཡིན་པའི་གནས་སུ་གྱུར་བ་དང་། དཔལ་འབྱོར་དར་རྒྱས་བྱུང་བ་དང་། ཚན་རིག་ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བ། རྒྱལ་སྤྱིའི་འགྲོ་འོང་ཉིན་རེ་བཞིན་ཇེ་དམ་དུ་སོང་བ། རྒྱལ་ཁབ་ཁག་གིས་ཀྱང་ཉིན་རེ་བཞིན་ཁྲིམས་ལུགས་འཛུགས་སྤེལ་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད་པས། ཁྲིམས་ལུགས་རིག་པ་བསྐྱར་དར་བྱུང་བ་མ་ཟད་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བའི་དུས་རིམ་དུ་སླེབས་ཡོད།

རིགས་དབྱེ།  

ཁྲིམས་ལུགས་སྤྱི་ཚོགས་རིག་པ།

ཁྲིམས་ལུགས་སྤྱི་ཚོགས་རིག་པ་ནི་སྤྱི་ཚོགས་རིག་པའི་ཐབས་ལ་བརྟེན་ནས་ཁྲིམས་ལུགས་ཀྱི་སྣང་ཚུལ་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། ཚབ་བྱེད་མི་སྣ་ལ་ཐུའུ་ཨེར་ཀན་དང་ཨའེ་ལི་ཞི། ཝེ་པོ། ཧུའོ་མུའུ་སི། ཕང་ཏུ་སོགས་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་རིག་ཚན་འདི་ལ“ཁྲིམས་ལུགས་དང་སྤྱི་ཚོགས”(Law and Society)དང་། ཡང་ན“ཁྲིམས་ལུགས་རིག་པ་དང་སྤྱི་ཚོགས་ཚན་རིག”(Law and Social Science)ཅེས་ཀྱང་འབོད། ཁྲིམས་ལུགས་སྤྱི་ཚོགས་རིག་པའི་སྒྲིག་གཞི་ལ་གཅིག་གྱུར་གྱི་བཀོད་སྒྲིག་བྱས་མེད། དེའི་རྒྱུ་མཚན་ནི་ཁྲིམས་ལུགས་དང་སྤྱི་ཚོགས་ཀྱི་འབྲེལ་བ་ནི་སྒྲོམ་གཞི་ཆེན་པོ་ཞིག་ཡིན་ལ། ཕལ་ཆེར་ཁྲིམས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་ཡོད་ཚད་དེའི་ནང་དུ་བཞག་ཆོག་པ་དང་། ཡང་སྙིང་སྒྲོམ་གཞི་གང་འདྲ་ཞིག་འཛུགས་རྒྱུ་འོས་འཚམ་ཡིན་པ་དེ་ཞིབ་འཇུག་བྱེད་མཁན་གྱི་རིག་གཞུང་དགའ་ཕྱོགས་དང་དོ་སྣང་ལྟེ་གནས་ལ་རག་ལས་ཡོད།

རིགས་དབྱེ།  

ཁྲིམས་འཛུགས་རིག་པ།

《ཁྲིམས་འཛུགས་རིག་པ》ནི་སྤྱི་ལོ2005ལོར་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི་སུང་ཞན་ཀྲུང་ཡིན།《ཁྲིམས་འཛུགས་རིག་པའི》རྩ་གནད་དེ་དགེ་རྒན་ཆེན་མོ་བ་ཀྲང་ཡུང་ཧུ་ཡིས་བཏོན་པ་དང་རྩོམ་སྒྲིག་ཚོགས་ཆུང་གིས་གྲོས་བསྡུར་དང་བཟོ་བཅོས་བརྒྱབ། རྩོམ་སྒྲིག་བྱེད་པའི་སྐབས་སུ་དགེ་རྒན་ཆེན་མོ་བ་ཀྲང་ཡུང་ཧུ་དང་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས།

རིགས་དབྱེ།  

བཅའ་ཁྲིམས་གཏན་ཚིགས་རིག་པ།

བཅའ་ཁྲིམས་གཏན་ཚིགས་རིག་པར་ད་དུང་གཅིག་གྱུར་གྱི་རིག་གཞུང་མ་ལག་ཅིག་མེད་པ་དང་། མི་སྒེར་གྱི་རིག་གཞུང་ལྟ་བ་འབོར་ཆེན་གནས་ཡོད། ཐ་ན་སྐབས་འགར་ང་ཚོས་ཡ་མཚར་བའི་ཞིབ་འཇུག་ཀྱང་མཐོང་ཐུབ། ཞིབ་འཇུག་འདིའི་རིགས་ཀྱི་དཀའ་ཁག་ནི་ཁྲིམས་ལུགས་རིག་པ་བས་སེམས་ཤུགས་དེ་བརྟག་ཐབས་སྨྲ་བའི་སྟེང་དུ་འཇོག་མི་འདོད་པས། བརྟག་ཐབས་སྨྲ་བ་ཁོ་ན་ཤེས་པའི་མི་རྣམས་བཅའ་ཁྲིམས་ལ་སྤྲོ་སྣང་ཡོད་པའི་ངེས་པ་མེད་པ་དེ་ཡིན།

རིགས་དབྱེ།  

ཁྲིམས་ལུགས་སེམས་ཁམས་རིག་པ།

ཁྲིམས་ལུགས་སེམས་ཁམས་རིག་པ་ནི་ཁྲིམས་དང་འབྲེལ་བ་ཡོད་པའི་མིའི་སེམས་ཁམས་འགུལ་སྐྱོད་ཀྱི་ཆོས་ཉིད་བཀོལ་སྤྱོད་བྱེད་པའི་སྤྱི་ཚོགས་སེམས་ཁམས་རིག་པའི་ཁྱབ་ཁོངས་ཤིག་ཡིན། དེ་ནི་ཁྲིམས་ལུགས་རིག་པ་དང་སེམས་ཁམས་རིག་པའི་བར་གྱི་མཐའ་གནས་ཀྱི་རིག་ཚན་ཞིག་ཡིན། ཀྲུང་གོས་ཁྲིམས་ལུགས་འཛུགས་སྐྲུན་དེང་རབས་ཅན་དུ་འགྱུར་བར་འབད་བརྩོན་བྱེད་པའི་བརྒྱུད་རིམ་ནང་ཉིན་རེ་བཞིན་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་དང་ཁྲིམས་འཛིན་བྱ་སྤྱོད་ཁྲོད་ཀྱི་སེམས་ཁམས་རིག་པའི་གནད་དོན་ལ་རྒྱས་བཤད་གཏིང་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་ཐད་ནས་སེམས་ཁམས་རིག་པའི་གཞི་རྩའི་རིགས་པའི་གཞུང་ལུགས་དང་ལག་རྩལ་བྱ་ཐབས་ཁྲིམས་འཛིན་ཁྱབ་ཁོངས་ནང་བེད་སྤྱོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་འཕེལ་རྒྱས་བཏང་ཡོད། ལག་ལེན་གྱི་ཐད་ནས་བཅའ་ཁྲིམས་ལམ་ལུགས་འཛུགས་སྐྱོང་དང་། བསྒྱུར་བཅོས། འཐུས་ཚང་དུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད། ཁྲིམས་འཛིན་ལས་དོན་གྱི་གནད་འཁེལ་རང་བཞིན་དང་ཚན་རིག་རང་བཞིན་མཐོ་རུ་གཏོང་བར་ཕན་ཐོགས་ཡོད། ཉེས་ཅན་བསྒྱུར་བཀོད་དང་ཉེས་ཅན་བསྒྱུར་བཀོད་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བར་ཕན་ཐོགས་ཡོད།

རིགས་དབྱེ།  

གཞུང་ལུགས་ཁྲིམས་ལུགས་རིག་པ།

《གཞུང་ལུགས་ཁྲིམས་ལུགས་རིག་པ》ནི་སྤྱི་ལོ2011ལོའི་ཟླ་4བའི་ཚེས1ཉིན་ཀྲུང་གོའི་སྲིད་ཁྲིམས་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི་ཁྲེན་ཅིང་ཧུའེ་དང་ཝང་ཁའེ། ལི་ཧུང་པོ་བཅས་ཡིན།

རིགས་དབྱེ།  

ཁྲིམས་ལུགས་གཞུང་ལུགས་རིག་པ།

ཁྲིམས་ལུགས་གཞུང་ལུགས་རིག་པ་ནི་བཅའ་ཁྲིམས་ཀྱི་སྣང་ཚུལ་ཡོངས་ཀྱི་ཐུན་མོང་གི་འཕེལ་རྒྱས་ཆོས་ཉིད་དང་། ཐུན་མོང་རང་བཞིན་གྱི་གནད་དོན་ཞིབ་འཇུག་བྱ་ཡུལ་དུ་བྱས་པའི་རིག་ཚན་ཞིག་ཡིན། དེའི་ཞིབ་འཇུག་གི་ཁྱབ་ཁོངས་ཧ་ཅང་རྒྱ་ཆེ་སྟེ། གཙོ་བོ་ཁྲིམས་ལུགས་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས། ཉམས་རྒུད། ཁྲིམས་ལུགས་ཀྱི་ངོ་བོ་དང་ནུས་པ། ཁྲིམས་ལུགས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་གཞན་དག་བར་གྱི་འབྲེལ་བ། ཁྲིམས་ལུགས་གསར་བཟོ་དང་མངོན་འགྱུར། ཁྲིམས་ལུགས་ཀྱི་རིན་ཐང་སོགས་ཚུད་ཡོད།

རིགས་དབྱེ།