སྤྱི་ལོ2005ལོའི་ཟླ7པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པའི་ཐོག་ཆོག་མཆན་གནང་བའི《(མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག)བཟོ་བཅོས་སྐོར་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆོད་དོན》གཞིར་བཟུང་ནས་དག་བཅོས་བྱས། སྤྱི་ལོ 2020ལོའི་ཟླ1པོའི་ཚེས10ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དྲུག་པའི་སྟེང་བཟོ་བཅོས་བྱས། 2020ལོའི་ཟླ3པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི་ཐོག་ཆོག་མཆན་ཐོབ།
གྲོང་གསེབ་བཅོས་སྐྱོང་མ་ལག་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཡུན་རིང་བརྟན་པའི་ཐབས་ཇུས་ཤིག་ཀྱང་ཡིན། ཞིང་སྡེ་ནུས་ལྡན་བཅོས་སྐྱོང་ལྟེ་བའི་དམིགས་འབེན་དུ་བཟུང་ནས་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བརྒྱུད་དེང་རབས་ཅན་གྱི་བཅོས་སྐྱོང་སྒྲོམ་གཞི་མངོན་འགྱུར་བྱེད་པ་ཞིག་ཡིན། མ་ལག་དེས་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ལྟེ་བའི་ནུས་པ་ནན་བཤད་བྱས་པ་དང་། སྲོལ་རྒྱུན་བཅོས་སྐྱོང་གི་ཐོན་ཁུངས་དང་དེང་རབས་བཅོས་སྐྱོང་ལག་རྩལ་མཉམ་འབྲེལ་བྱ་རྒྱུར་མཐོང་ཆེན་བྱས་ཏེ་བཅོས་སྐྱོང་རྩ་འཛུགས་ཇེ་ལེགས་སུ་གཏོང་བ་དང་། མཐུན་སྦྱོར་བཅོས་སྐྱོང་ལམ་སྲོལ། བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་ལམ་བརྒྱུད་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་ཡོད། གྲོང་ཁྱེར་དང་ཞིང་སྡེ་མཉམ་འདྲེས་ཀྱི་རྒྱབ་ལྗོངས་འོག་དེའི་བཅོས་སྐྱོང་བྱེད་སྟངས་དེ་སྡེ་མིའི་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་སྐྱོང་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ། ཀུན་སྤྱོད་ཚད་ལྡན་རྒྱུན་འཛིན་གསར་གཏོད་བྱེད་པ་སོགས་ཀྱི་ཟུར་ཚད་མང་པོ་ཚུད་ཡོད་པ་རེད།
ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་གི་ལས་དོན་ཡོངས་དང་འཐབ་འཛིང་ནུས་ཤུགས་ཀྱི་རྨང་གཞི་ཡིན། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་གསར་གཏོད་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་རྒྱུན་མི་ཆད་པར་ཤུགས་ཆེར་བཏང་སྟེ་ཞིང་སྡེ་གསར་བ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།
གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་ཐོན་ལས་དར་སྤེལ་དང་། རིག་གནས་དར་སྤེལ། སྐྱེ་ཁམས་དར་སྤེལ། རྩ་འཛུགས་དར་སྤེལ། ཤེས་ལྡན་མི་སྣ་དར་སྤེལ་བཅས་ཚུད་ཡོད།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་དཔལ་ཡོན་གྱི་བློ་གྲོས་སྙིང་བཅུད་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཀྱང་ཡིན་པས། ཀྲུང་ཧྭའི་དཔལ་ཡོན་གྱི་རྒྱུན་མཐུད་རང་བཞིན་དང་། གསར་གཏོད་རང་བཞིན། གཅིག་གྱུར་རང་བཞིན། བསྟུན་མཁས་རང་བཞིན། ཞི་བདེའི་རང་བཞིན་བཅས་གསར་སྐྲུན་བྱས་ཡོད།
ཞིང་སྡེ་བསྒྱུར་བཅོས་བྱས་ནས་ཞིང་སྡེ་འཕེལ་རྒྱས་གཏོང་བར་འཕྲད་པའི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་པ་དང་། ཞིང་སྡེའི་གསོན་ཤུགས་སྐུལ་སློང་བྱེད་པར་ཞིང་སྡེའི་བསྒྱུར་བཅོས་ནི་ཀྲུང་གོ་རྣམ་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་རྨང་གཞི་ཡིན།
གྲོང་གསེབ་དེང་རབས་ཅན་ནི་གྲོང་གསེབ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་བཙལ་རྒྱུ་དེ་ཡིན་ཞིང་། ཆེས་གནད་འགག་ནི་ཞིང་བ་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་གྲོང་གསེབ་ཀྱི་དེང་རབས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན།
ཞིང་ལས་ཞེས་པ་ནི་སྲོག་ཆགས་དང་རྩི་ཤིང་གི་སྐྱེ་འཚར་ཆོས་ཉིད་ལ་བརྟེན་ནས་མིའི་ཐབས་ཀྱིས་གསོ་སྐྱོང་བྱས་ཏེ་ཐོབ་པའི་ཐོན་རྫས་ཀྱི་ཐོན་ལས་ལ་ཟེར་ཞིང་། དེ་ནི་ཐོན་ལས་དང་པོའི་ཁོངས་སུ་གཏོགས་པ་དང་། སྒྲ་དོག་འཇུག་གི་ཞིང་ལས་ནི་འདེབས་འཛུགས་ལས་རིགས་ལ་ཟེར་ཞིང་། སྒྲ་ཡངས་འཇུག་གི་ཞིང་ལས་ནི་ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་དང་དེ་བཞིན་གོང་གི་ལས་རིགས་དག་ལ་གཞོགས་འདེགས་རང་བཞིན་གྱི་བྱེད་སྒོ་མཁོ་འདོན་བྱེད་པའི་ལས་རིགས་ལ་ཟེར།
ཞིང་སྡེ་ལ་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་དཔལ་འབྱོར་གྱི་ཆ་རྐྱེན་ཡོད་ཅིང་། ཞིང་ལས་ཐོན་སྐྱེད་གཙོ་བོར་བྱེད་པའི་འདུས་སྡོད་ས་ཁུལ་ལ་ཟེར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་མི་འདྲ་བར་ཞིང་ལས་གཉེར་བའི་མི་ཚོགས་འདུས་སྡོད་ཁུལ་ཡིན།
སྤྱི་ལོ1978ལོར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས། ཞིང་སྡེ་རུ“ཐོན་སྦྲེལ་འགན་གཙང་ལེན་གྱི་འགན་འཁྲིའི་ལམ་ལུགས”རྣམ་པ་གཙོ་བོར་བྱེད་པའི་དཔལ་འབྱོར་བསྒྱུར་བཅོས་བྱེད་འགོ་བརྩམས། དེས་སྐབས་དེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། ཞིང་ལས་ཀྱིས་བཟོ་ལས་གསོ་བ་དང་ཞིང་སྡེའིས་གྲོང་ཁྱེར་གསོ་བར་སྒུལ་ཤུགས་ཀྱི་རྨང་གཞི་སྔར་ལས་ཆེ་བ་དང་དཔལ་འབྱོར་གྱི་འབྱུང་ཁུངས་སྔར་ལས་ཆེ་བ་མཁོ་འདོན་བྱས་ཡོད།
ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཞིང་སྡེའི་བསམ་བློ་འཛུགས་སྐྲུན་དང་ཞིང་སྡེའི་དཔལ་ཡོན་འཛུགས་སྐྲུན་གཉིས་ཚུད་ཡོད། དེ་ནི་ཞིང་སྡེ་ཡི་དངོས་པོའི་དཔལ་ཡོན་འཛུགས་སྐྲུན་དང་བསྡུར་ནས་བཤད་པ་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྤེལ་བའི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན།
ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ནི་རྒྱལ་ཁབ་སྐྱོང་བའི་རྩ་བ་ཡིན་པས། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་སྔོན་ལ་ཞིང་ལས་སྟོབས་ལྡན་དུ་གཏོང་དགོས་པ་དང་། ཞིང་ལས་སྟོབས་ལྡན་དུ་གྱུར་ན་ད་གཟོད་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་ཐུབ། ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཀྱི་རྨང་གཞི་ཡིན། གནས་བབ་གསར་བ་དང་བླང་བྱ་གསར་བའི་མདུན་དུ་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ་དེ་ངེས་པར་དུ“ཞིང་གསུམ”བྱ་བར་སྤྱི་འདོམས་བྱེད་པའི་འཐབ་ཇུས་ཀྱི་སྤྱིའི་རྩ་འཛིན་དུ་བརྩིས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་དུ་འཇོག་དགོས། སྤྱི་ལོ2025ལོའི་ཟླ4པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《མགྱོགས་མྱུར་ངང་ཞིང་ལས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་འཛུགས་སྐྲུན་བྱེད་པའི་འཆར་འགོད(2024ལོ་ནས2035ལོ་བར)》པར་འགྲེམས་བྱས།
དེང་རབས་ཅན་གྱི་རྒྱལ་ཁབ་ཅེས་པ་ནི་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་ཀྱི་ཆུ་ཚད་དུ་སླེབས་པར་ཟེར། དེང་རབས་ཅན་གྱི་རྒྱལ་ཁབ་ནི་ཚན་རྩལ་གསར་གཏོད་དང་། ལམ་ལུགས་འཐུས་ཚང་། རྨང་གཞིའི་སྒྲིག་བཀོད་དེང་རབས་ཅན་སོགས་ཀྱིས་འདེགས་སྐྱོར་བྱེད་པ་དང་། ཕྱོགས་བསྡུས་འཕེལ་རྒྱས་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་རྒྱལ་ཁབ་ཀྱི་ཚོགས་སྤྱི་ཞིག་ཡིན།
ཞིང་སྡེ་སྡེ་ཁུལ་འཛུགས་སྐྲུན་ཞེས་པ་ནི་གྲོང་ཚོའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་འོག་ཞིང་སྡེ་རུ་སྡེ་ཁུལ་རྩ་འཛུགས་འཛུགས་པ་དང་། སྡེ་ཁུལ་གྱི་སྤྱི་ཕན་བྱ་གཞག་ཞབས་ཞུ་སྤེལ་བ། སྡེ་ཁུལ་གྱི་འཕྲོད་བསྟེན་འཕེལ་རྒྱས་གཏོང་བ། སྡེ་ཁུལ་གྱི་རིག་གནས་ལུས་རྩལ་བྱེད་སྒོ་དར་རྒྱས་གཏོང་བ། སྡེ་ཁུལ་གྱི་ཁོར་ཡུག་མཛེས་བཟོ་བྱེད་པ། སྡེ་ཁུལ་གྱི་དམངས་ཁྲོད་རྩོད་གཞི་འདུམ་འགྲིག་བྱེད་པ། སྡེ་ཁུལ་གྱི་རོགས་རེས་སྙིང་སྟོབས་དར་སྤེལ་གཏོང་བ། སྡེ་ཁུལ་གྱི་སྤྱི་ཚོགས་དར་སྲོལ་བཟང་པོ་འཛུགས་པ། མི་དང་མིའི་བར་གྱི་འབྲེལ་བ་བཟང་པོ་འཛུགས་པ་བཅས་བྱས་ཏེ། ཞིང་སྡེ་འཛུགས་སྐྲུན་དེ་དོ་དམ་དམངས་གཙོ་དང་། བདེ་འཇགས་བཟང་པོ། ཁོར་ཡུག་ལེགས་སྒྱུར། དཔལ་ཡོན་འཆམ་མཐུན་བཅས་ཡིན་པའི་ཞིང་སྡེ་གསར་བ་བསྐྲུན་དགོས།
སྡེ་དམངས་རང་སྐྱོང་ནི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན་ཞིང་། “སྡེ་དམངས་རང་སྐྱོང”ཞེས་པའི་བཤད་སྟངས་དེ་སྤྱི་ལོ1982ལོར་རང་རྒྱལ་གྱིས་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས་པའི《རྩ་ཁྲིམས》ཀྱི་དོན་ཚན111པར་བྱུང་བ་དང་། “སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན”ཞེས་གཏན་འབེབས་བྱས་ཡོད། “དམངས་གཙོ་བཞི”ཡི་བཤད་སྟངས་དེ་སྤྱི་ལོ1994ལོར་དམངས་སྲིད་པུའུ་ཡིས་སྤེལ་བའི་སྡེ་དམངས་རང་སྐྱོང་དཔེ་སྟོན་བྱེད་སྒོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་ལས་བྱུང་བ་ཡིན། “སྡེ་དམངས་རང་སྐྱོང”ནས“དམངས་གཙོ་བཞིའི”བར་ང་ཚོས་གཞི་རིམ་གྱི་དམངས་གཙོའི་ངོས་འཛིན་རིམ་བཞིན་འཐུས་ཚང་དང་མཐོར་འདེགས་བྱུང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བ་ནི་སྤྱི་ཚོགས་ཁྱབ་ཁོངས་ཀྱི་ཐ་སྙད་ཅིག་ཡིན་ཞིང་། དེ་ནི་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་སྤྱི་ཚོགས་གྲུབ་ཚུལ་དང་། དཔལ་འབྱོར་རྣམ་པ། སྲིད་ཇུས་ལམ་ལུགས། རིག་གནས་འབྲེལ་བ་སོགས་ཀྱི་ཐད་ཀྱི་འགུལ་རྣམ་ཕན་ཚུན་ནུས་པ་ཐོན་པར་ཟེར། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་དེ་ལྟེ་བའི་གྲོས་གཞིར་འཛིན་པ་དང་། དེའི་དམིགས་ཡུལ་ནི་རྒྱུ་རྐྱེན་གཙོ་བོ་ཕྱོགས་གཉིས་འཁོར་རྒྱུག་དང་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་པ་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་གཉིས་གྲུབ་ཆ་མེད་པར་བཟོས་ནས་མཁར་གྲོང་ཅན་གསར་བ་དང་གྲོང་གསེབ་དར་སྤེལ་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། སྤྱི་ལོ2023ལོའི་ལོ་མཇུག་བར་ཀྲུང་གོ་མཁར་གྲོང་ཅན་དུ་འགྱུར་ཚད66.16%ཟིན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་དེ“རང་ཡུལ་གྱི་ཀྲུང་གོ”ནས“གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཀྲུང་གོའི”ཕྱོགས་སུ་འགྱུར་བཞིན་ཡོད།
ཕན་ཚུན་གསོ་བ་ནི་སྐྱེ་དངོས་ཀྱི་ཆོས་ཉིད་ཅིག་ཡིན། འདིར་ཕན་ཚུན་གསོ་བའི་ཐ་སྙད་གཡར་བ་ནི་དུས་ཡུན་རིང་བོར་ཞིང་ལས་ཀྱི་གསོ་སྐྱོང་དང་ལེན་བྱས་རྗེས། བཟོ་ལས“འཚར་ལོངས་བྱུང་བ”ཡིན་པས་ཞིང་ལས་ལ་དྲིན་ལན་འཇལ་དགོས་པ་གསལ་པོར་མཚོན་ཡོད། བཟོ་ལས་ཀྱིས་ཞིང་ལས་ལ་གསོ་བ་ནི་བཟོ་ཞིང་གི་འབྲེལ་བ་གསར་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འབྲེལ་བའི་སྙིང་བསྡུས་ཤིག་ཡིན་ལ། “ཞིང་ལས་ཀྱིས་བཟོ་ལས་གསོ་སྐྱོང”གོང་འཕེལ་དང་འཕོ་འགྱུར་བྱུང་བ་ཞིག་ཀྱང་ཡིན། འདིའི་བཟོ་ལས་དང་ཞིང་ལས་ཚང་མ་ལོ་རྒྱུས་རང་བཞིན་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཐ་སྙད་ཅིག་ཡིན་པ་དང་། བཟོ་ལས་དེ་ཞིང་ལས་མིན་པའི་སྡེ་ཁག་དང་གྲོང་ཁྱེར་ལ་ཟེར་བ་དང་། ཞིང་ལས་ལ“ཞིང་གསུམ”ཚུད་ཡོད། “བཟོ་ལས་ཀྱིས་ཞིང་ལས་གསོ་བ”ལག་བསྟར་བྱེད་པ་ནི“ཞིང་གསུམ”གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་བྱས་ནས་རྒྱལ་ཁབ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡང་ཡིན།
ཞིང་ལས་གཉེར་སྐྱོང་གི་གཞི་ཁྱོན་ནི་ཞིང་ལས་ཐོན་སྐྱེད་ལས་ཁུངས་ཀྱིས་ས་ཞིང་དང་། ངལ་རྩོལ་ནུས་ཤུགས། མ་དངུལ་སོགས་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱེད་ཚད་དང་སྡེབ་སྒྲིག་གི་འབྲེལ་བ་ཡིན་ཞིང་། དེའི་སྲོག་ཤིང་ནི“འོས་འཚམ”གྱི་རྩ་དོན་འོག་གི་འགུལ་རྣམ་དོ་མཉམ་ལ་ཐུག་ཡོད། ཐ་སྙད་དེ་ཆེས་སྔ་ཤོས་ནི་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་ཞིང་ལས་གཉེར་སྐྱོང་བྱེད་སྟངས་ཀྱི་གྲོས་བསྡུར་ལ་ཁུངས་འདེད་བྱེད་ཆོག་པ་དང་། ཁྱབ་ཆེའི་ཐོག་གཞི་ཁྱོན་གྱི་ཕན་འབྲས་ལ་བརྟེན་ནས་བཙུགས་པའི་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཕེལ་རྒྱས་གཏོང་སྟངས་ལ་ཟེར་བ་དང་། སྒྲ་དོག་འཇུག་གིས་ས་ཞིང་ནང་བཤུག་དང་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་དམིགས་པ་རེད། རིགས་གཙོ་བོ་ནི་ས་ཞིང་གཅིག་བསྡུས་ཅན་དང་། གན་རྒྱའི་རྣམ་པ། མཉམ་ལས་ཅན་བཅས་རིགས་གསུམ་ཡོད་ལ། འཕེལ་རྒྱས་ཀྱི་ཁ་ཕྱོགས་ནི་ངལ་རྩོལ་གྱི་ཕན་འབྲས་དང་། ལག་རྩལ་གྱི་ཕན་འབྲས། གཞི་ཁྱོན་གྱི་ཕན་འབྲས་བཅས་ཟུང་འབྲེལ་ལེགས་པོ་བྱེད་པ་དེ་ཡིན། རྒྱལ་ཁབ་ཀྱིས་བྱེ་བྲག་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཁོག་གི་ཕྱོགས་བསྡུས་ཕན་འབྲས་སྙོམས་སྒྲིག་བྱེད་པར་བརྟེན་དགོས།
ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ཅེས་པ་ནི་ཞིང་ལས་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་རྩ་འཛུགས་ཀྱིས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཆེད། ཐད་ཀར་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོར་ཞབས་ཞུ་སྣ་ཚོགས་མཁོ་འདོན་བྱས་ནས་གྲུབ་པའི་དྲ་རྒྱའི་མ་ལག་ཅིག་ལ་ཟེར། དེ་ནི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ལ་བརྟེན་ནས་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་ལས་ཁུངས་སྣ་ཚོགས་ཚོང་རའི་དཔལ་འབྱོར་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་དང་། རང་ཉིད་ཀྱི་གཞི་ཁྱོན་ཆུང་བའི་སྐྱོན་ཆ་སེལ་ནས། ཆེད་ལས་ཅན་གྱི་ལས་བགོས་དང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཞབས་ཞུའི་གཞི་ཁྱོན་གྱི་ཕན་འབྲས་ཐོབ་པའི་སྤྱི་ཚོགས་ཅན་གྱི་ཞིང་ལས་དཔལ་འབྱོར་རྩ་འཛུགས་ཀྱི་རྣམ་པ་ཞིག་ཡིན།
ཞིང་ལས་ཐོན་སྐྱེད་ནི་ལོ་ཏོག་འདེབས་འཛུགས་བྱེད་པའི་ཐོན་སྐྱེད་བྱ་འགུལ་ལ་ཟེར། དེའི་ནང་འབྲུ་རིགས་དང་། སྲིང་བལ། སྣུམ། གསོ་མ། དར་གོས། ཇ། མངར་ཆ། ཚལ། ཐ་མ་ཁ། ཤིང་འབྲས། སྨན། རིགས་གཞན(དཔལ་འབྱོར་ལོ་ཏོག་གཞན་དག་དང་། སྔོ་ལུད་ལོ་ཏོག གསོ་གསོའི་ལོ་ཏོག་དང་ཞིང་ལས་ལོ་ཏོག་གཞན་དག་བཅས་ལ་ཟེར)སོགས་ཞིང་ལས་ལོ་ཏོག་ཐོན་སྐྱེད་བྱ་རྒྱུ་ཚུད་ཡོད།
ཞིང་ལས་ཁྲལ་བསྡུ་ནི་རྒྱལ་ཁབ་ཀྱིས་ཞིང་ལས་ཐོན་སྐྱེད་བྱེད་པ་དང་ཞིང་ལས་ཡོང་འབབ་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་བསྡུ་ལེན་བྱེད་པའི་རང་ཚུགས་ཀྱི་ཁྲལ་རིགས་ཤིག་ཡིན། དེའི་བསྡུ་ཡུལ་ལ་ཞིང་དང་ནགས། ཕྱུགས་ལས་ཐོན་སྐྱེད་བྱེད་སྒོ་སོགས་ཚུད་ཡོད་པ་དང་ལོ་འཁོར་མོའི་ཐོན་ཚད་ཀྱིས་དངོས་ཡོད་ཐོན་ཚད་ཀྱི་ཚབ་བྱས་ནས་ཁྲལ་གྱི་གཞི་འཛིན་སར་བྱས་ཡོད། སྤྱི་ལོ2000ལོ་ནས་བཟུང་སྤེལ་བའི་ཁྲལ་གྲོན་བསྒྱུར་བཅོས་ཚོད་ལྟ་བྱས་ནས་ལས་དཔྱ་ཁྲལ་མེད་པར་བཟོས་པ་བརྒྱུད་རིམ་བཞིན་ཁྲལ་བསྡུའི་ལམ་ལུགས་བསྒྱུར་བར་སྐུལ་འདེད་བཏང་། ཁྲལ་རིགས་དེས་རང་རྒྱལ་གྱི་ཁྲལ་བསྡུའི་མ་ལག་ནང་བཟུང་བའི་བསྡུར་ཚད་རྒྱུན་མཐུད་ངང་ཆག་པ་དང་། སྤྱི་ལོ2003ལོར་རྒྱལ་ཡོངས་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་ཀྱི་བསྡུར་ཚད1%ལས་ཟིན་གྱིན་མེད།
ཞིང་ལས་ཀྱི་གཏོང་སྒོ་ཞེས་པ་ནི་ནོར་སྲིད་སྔོན་རྩིས་ཀྱིས་ཞིང་ལས་འཕེལ་རྒྱས་གཏོང་བར་ཐད་ཀར་བཀོད་སྒྲིག་བྱེད་པའི་གཏོང་སྒོར་ཟེར་ཞིང་། རྩིས་གཉེར་རིག་པའི་ཐ་སྙད་ཀྱི་ཁྱབ་ཁོངས་སུ་གཏོགས། གཏོང་སྒོ་དེ་གཙོ་བོ་ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན། དེ་བཞིན་ཚན་ཞིབ་དང་ཚན་རྩལ་ཁྱབ་གདལ་ཁྱབ་ཁོངས་བཅས་ལ་གཏོང་གིན་ཡོད་པས་ཉེན་ཁ་ཆེ་བ་དང་། ཕན་འབྲས་ཆུང་བ། ཚུར་བསྡུའི་དུས་ཡུན་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པས། ཕན་པ་ཐོབ་མཁན་གཙོ་བོའི་དབར་ལུགས་མཐུན་ངང་ཆ་བགོས་བྱེད་དགོས་ཀྱིན་ཡོད།
རང་ཁ་རང་གསོའི་ཞིང་ལས་ནི་རང་མཁོ་རང་འདང་གི་རང་བྱུང་དཔལ་འབྱོར་ཆ་རྐྱེན་འོག་ཐོན་སྐྱེད་བྱས་པའི་ཞིང་ཕྱུགས་ཐོན་རྫས་དེས་ཐད་ཀར་ཁྲོམ་རའི་དགོས་མཁོ་དང་བརྗེ་རེས་བྱེད་པ་མིན་པར། རང་གི་རྒྱལ་ཁབ་བམ་ས་ཁུལ་གྱི་དགོས་མཁོ་སྐོང་ཆེད་དང་རང་རང་གསོའི་ཐོན་སྐྱེད་དམིགས་ཡུལ་དུ་བཟུང་བའི་ཞིང་ལས་ཤིག་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ས་ཞིང་རྗེས་གྲབས་ཐོན་ཁུངས་བེད་སྤྱོད་མ་བྱས་པའི་ས་ཞིང་ཁྲོད་ཞིང་ལས་གསར་སྤེལ་གྱི་མི་མངོན་པའི་ནུས་པ་ལྡན་པའི་རི་རྒོད་དང་། ས་རྒོད། གྲམ་ཐང་སོགས་ས་ཞིང་གི་རིགས་ལ་ཟེར།
ཞིང་ལས་མི་འབོར་ནི་ཁྱིམ་ཐོའི་ཐོ་འགོད་ངོ་བོར་གཞིགས་ནས་དབྱེ་བའི་མི་འབོར་གྱི་རིགས་ཤིག་ཡིན། དེའི་ལྟེ་བའི་དབྱེ་མཚམས་ལ་ཕྱོགས་གཉིས་ཚུད་ཡོད་པ་སྟེ། གཅིག་ནི་ཁྱིམ་ཐོ་ཐོ་འགོད་གྲོང་ཁྱེར་དུ་མ་སྤོས་གོང་ཚང་མ་ཞིང་ལས་མི་འབོར་གྱི་བསྡོམས་རྩིས་ལྟར་ཡིན་པ་དང་། གཉིས་ནི་ཞིང་ལས་དང་། ནགས་ལས། ཕྱུགས་ལས། ཉ་ལས་བཅས་ཀྱི་ཐོན་སྐྱེད་བྱེད་སྒོ་ཐད་ཀར་གཉེར་བའམ་ཡང་ན་ཞིང་ལས་དཔལ་འབྱོར་ཡོང་འབབ་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་མི་ཚོགས་ཡིན་ཞིང་། བསྡོམས་རྩིས་ལག་ལེན་ཁྲོད་དུ། རིགས་འདིའི་མི་འབོར་ཁྲོད་དོན་དངོས་སུ་ཞིང་ལས་ཐོན་སྐྱེད་ལ་ཞུགས་པའི་ངལ་རྩོལ་པ་ཚུད་ཡོད་ལ། དེས་གསོ་སྐྱོང་བྱས་པའི་ནར་མ་སོན་པའི་མི་དང་ལས་ཤོར་མི་སྣ་ཡང་ཚུད་ཡོད།
ལས་ཞུགས་མི་གྲངས་ནི་ལོ་བཅོ་ལྔ་དང་དེའི་ཡན་གྱི་སྤྱི་ཚོགས་ངལ་རྩོལ་ལས་ཞུགས་པ་དང་ངལ་རྩོལ་གྱི་ཐོབ་ཆའམ་ལས་གཉེར་གྱི་ཡོང་འབབ་ཐོབ་པའི་མི་འབོར་ལ་ཟེར། དམིགས་ཚད་དེ་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དོན་དངོས་བེད་སྤྱོད་བྱས་ཚུལ་མཚོན་པར་བྱེད་པ་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཁབ་ཀྱི་སྟོབས་ཤུགས་བསྡུར་ཞིབ་བྱེད་པའི་བསྡོམས་རྩིས་ཀྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན། ལས་ཞུགས་མི་འབོར་ནང་ལས་བཟོ་བ་དང་། སྒེར་གཉེར་ཁེ་ལས་བདག་པོ། གྲོང་གསེབ་ཀྱི་ལས་ཞུགས་མི་སྣ་སོགས་ལས་ཞུགས་རྣམ་པ་སྣ་ཚོགས་ཚུད་ཡོད་པ་དང་། ལས་ཀར་ཞུགས་མེད་པའི་མི་འབོར(དཔེར་ན་སློབ་མ་དང་ལས་འཁྱུར་ངལ་གསོ་པ)དང་ལྟོས་བཅོས་ཀྱི་འབྲེལ་བ་ཆགས་ཡོད། སྤྱི་ལོ2017ལོའི་བར་བསྡོམས་རྩིས་བྱས་པ་ལྟར་ན། རང་རྒྱལ་གྱི་ལོ60-64བར་གྱི་རྒན་རྒོན་ཚོགས་སྤྱི་ལས་ཞུགས་ཐུབ་ཚད34.9%ཟིན་པའི་ནང་གྲོང་གསེབ་ས་ཁུལ་དུ51.2%ཟིན་ཡོད། བར་སྟོང་ཁྱབ་ཚུལ་ཐད་ཤར་རྒྱུད་དང་ལྷོ་ཕྱོགས་འདུས་ཚད་ཆེ་བའི་ཁྱད་ཆོས་མངོན་པ་དང་། ཐོན་ལས་གཉིས་པ་དང་གསུམ་པའི་མི་འབོར་ཁྱབ་ཚུལ་ལ་དཔལ་འབྱོར་ཆ་རྐྱེན་གྱི་ཤུགས་རྐྱེན་མངོན་གསལ་ཐེབས་ཡོད། ཞིབ་འཇུག་ལས་མངོན་པར་རང་བྱུང་ཁོར་ཡུག་དང་དཔལ་འབྱོར་རྒྱུ་རྐྱེན་གྱིས་ལས་ཞུགས་མི་འབོར་གྱི་ས་ཁོངས་མི་འདྲ་བར་ལེགས་སྐྱེས་འབུལ་ཚད65:35ཡིན།
ཐོན་ལས་རྣམ་པ་ནི་དཔལ་འབྱོར་རིག་པའི་ཁྱབ་ཁོངས་སུ་ཐོན་ལས་མ་ལག་གི་གྲུབ་ཆའི་སྒྲིག་གཞི་དང་དེའི་འགྱུར་ལྡོག་ཆོས་ཉིད་ལ་ཞིབ་བརྗོད་བྱེད་པའི་ཐ་སྙད་ཅིག་ཡིན་པ་དང་། དེའི་ངོ་བོའི་ཁྱད་ཆོས་ནི་གསར་གཏོད་རང་བཞིན་གྱི་ཤེས་བྱས་ཤེས་བྱ་སྤྱིའི་ཁྲོད་གཙོ་ཁྲིད་དང་། གསར་གཏོད་ཐོན་ལས་ཀྱིས་ཐོན་ལས་ལ་སྣེ་འདྲེན་བྱེད་པ། བདེ་ཐང་ཐོན་ལས་ཆེན་མོ་ལྟེ་བར་བྱེད་པ་བཅས་བྱས་ནས། ཐོན་ལས་མཉམ་འདྲེས་བརྒྱུད་དེ་ཐོན་ལས་རིམ་སྤོར་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཆེན་པོ་འགྲོ་བའི་ཐོན་ལས་རྣམ་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གི་དོན་སྙིང་གཙོ་བོ་ཆགས་སུ་བཅུག་ནས། རིག་ལྡན་དཔལ་འབྱོར་གྱི་རྣམ་པ་ཐག་གཅོད་བྱེད་དགོས།
ཞིང་ལས་ཀྱི་གྲུབ་ཚུལ་ནི་ཞིང་ལས་སྡེ་ཁག་གིས་གྲུབ་པའི་སྡེབ་སྒྲིག་གི་རྣམ་པ་ཞིག་ཡིན་ཞིང་། གཙོ་བོ་འདེབས་འཛུགས་ལས་རིགས་དང་། ནགས་ལས། ཕྱུགས་ལས། ཉ་ལས། ཞོར་ལས་བཅས་ཀྱི་ཐོན་སྐྱེད་བསྡུར་ཚད་དང་ཟུང་འབྲེལ་བྱེད་སྟངས་ཚུད་ཡོད། སྤྱི་ལོ2023ལོའི་ཞིབ་འཇུག་གི་གཞི་གྲངས་ལྟར་ན། རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ཀྱི་བསྡུར་ཚད་50%ལས་བརྒལ་བ་དང་། ཕྱུགས་ལས་ཀྱིས27%ཟིན་ལ། ནགས་ལས་དང་ཉ་ལས་ཀྱི་ཟིན་ཚད་ཅུང་ཆུང་བ་བཅས་རེད། འདེབས་གསོ་ཟུང་འབྲེལ་གྱི་འཁོར་རྒྱུག་མ་ལག་འཛུགས་པ་དང་འདེབས་འཛུགས་ལེགས་སྒྱུར་གྱི་ལམ་ལུགས་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སྒྲིག་གཞི་ལེགས་སྒྲིག་ལ་སྐུལ་འདེད་བཏང་། སྤྱི་ལོ2015ལོའི་སྲིད་ཇུས་ཡིག་ཆའི་ནང་སྤྱི་ལོ2020ལོར་སླེབས་སྐབས། ཞིང་ལས་ཀྱི་བེད་མེད་དངོས་པོ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད75%ཡན་ཟིན་དགོས་ཞེས་བཏོན་ཡོད། ལངས་གཟུགས་ཞིང་ལས་དང་འཁོར་རྒྱུག་ཞིང་ལས་སོགས་ཁྱད་ཆོས་ལྡན་པའི་རིགས་ཀྱིས་རིམ་པ་མང་བའི་བར་སྟོང་བེད་སྤྱོད་དང་སྐྱེ་དངོས་འབྲེལ་ཐག་སྡེབ་སྒྲིག་བྱས་པ་བརྒྱུད་སྡེ་ཁག་གིས་གྲུབ་པའི་སྣ་མང་ཅན་གྱི་ཁྱད་ཆོས་མཚོན་ཡོད།
མི་ཆོས་ཡུལ་སྐོར་ཐོན་ཁུངས་ནི་མིའི་རིགས་ཀྱིས་གསར་གཏོད་བྱས་པ་དང་། དུས་རབས་ཁག་དང་མི་རིགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་བཅས་ཀྱི་གནས་ཚུལ་མཚོན་པ་དང་། ཡུལ་སྐོར་གྱི་ནུས་པ་ལྡན་པའི་བྱ་དངོས་དང་རྒྱུ་རྐྱེན་ཞིག་ཡིན།
གྲོང་གསེབ་ཡུལ་སྐོར་དཔེ་སྟོན་སྡེ་བ་ནི་གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རང་བྱུང་སྐྱེ་ཁམས་དང་། ལོ་རྒྱུས་ཤུལ་བཞག དམངས་སྲོལ་རིག་གནས་སོགས་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་པ་བརྒྱུད་ཡུལ་སྐོར་ལས་རིགས་ཀྱིས་ཐོན་ལས་གཙོ་བོར་བྱེད་པའི་ཁྱད་ལྡན་གྲོང་གསེབ་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་པར་ཟེར། གྲོང་གསེབ་དེ་རིགས་ཀྱིས་གྲོང་མིར་ཡོངས་ཁྱབ་ངང་ཕན་པ་ཐོབ་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ། སྤྱི་ཚོགས་བཅོས་སྐྱོང་ཞི་མཐུན་སོགས་ཀྱི་གཞི་རྩའི་ཆ་རྐྱེན་སྐོང་དགོས་པ་མ་ཟད། ཞིང་ཆེན་རིམ་པའི་རིག་གནས་ཡུལ་སྐོར་སྡེ་ཚན་གྱི་དཔྱད་འདེམས་གཏན་འཁེལ་བརྒྱུད་དགོས་པ་རེད།
| མི་རིགས་རང་སྐྱོང་ས་ཁུལ་གྱི་སྲིད་ཇུས། བརྡ་འགྲེལ 295 ཡོད། |