ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ།

2017ལོའི་ཟླ10པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད9:00སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འགོ་ཚུགས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་མཛད་ནས་ཚོགས་ཆེན་ལ《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་བླངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱ་དགོས 》ཞེས་པའི་སྙན་ཞུ་ཕུལ། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ནི། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཞིང་། བློ་རྩ་བརྟན་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཁ་ལེན་པ་དང་། དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ནོ།།

རིགས་དབྱེ།  

2018ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས།

2018ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཏེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་གཉིས་པེ་ཅིང་དུ་བསྡུས་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ2018ལོའི་ཟླ3པའི་ཚེས3ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་བརྩམས། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོ2018ལོའི་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོར་ཚོགས་འགོ་བརྩམས།

རིགས་དབྱེ།  

ཚད་ལོན་བཞི།

ཚད་ལོན་བཞི་ནི། ཆབ་སྲིད་ཚད་ལྡན། སྒྲིག་ཁྲིམས་ལག་བསྟར་ཚད་ལྡན། ཀུན་སྤྱོད་ཚད་ལྡན། ནུས་པ་འདོན་སྤེལ་བྱས་པ་ཚད་ལྡན་བཅས་ཡིན། འདི་དག་ནི་ཏང་ཀྲུང་དབྱང་གིས་དུས་སྐབས་གསར་བའི་འོག་ཏང་ཡོན་རྣམས་ལ་བཏོན་པའི་བླང་བྱ་ནན་མོ་དེ་ཡིན།

རིགས་དབྱེ།  

སྣང་ཆེན་བཞི་དང་ཡོད་པ་བཞི།

སྣང་ཆེན་བཞི་དང་ཡོད་པ་བཞི་ནི། ཆབ་སྲིད་ལ་སྣང་ཆེན། དད་སེམས་ཡོད་པ། སྒྲིག་ལམ་ལ་སྣང་ཆེན། སྒྲིག་ཁྲིམས་ལྡན་པ། ཀུན་སྤྱོད་ལ་སྣང་ཆེན། སྤྱོད་བཟང་ལྡན་པ། ལེགས་སྐྱེས་འབུལ་པར་སྣང་ཆེན། ནུས་པ་ལྡན་པ་བཅས་སོ།།

རིགས་དབྱེ།  

ལས་མེད་ཕོགས་ཟ།

ལས་མེད་ཕོགས་ཟ་ནི་ལས་ཁུངས་ཁག་གི་ལས་ཞུགས་མི་སྣས་ལས་ཀ་ཅི་ཡང་མ་སྒྲུབ་པར་སྒྲིག་འགལ་གྱི་སྒོ་ནས་གླ་ཕོགས་དང་། ཁ་གསབ་རོགས་དངུལ་སོགས་ལེན་པ་དང་། དེ་མིན་སྤྱི་ཚོགས་འགན་སྲུང་མ་དངུལ་དང་ལས་འཁྱུར་ངལ་གསོའི་མ་དངུལ། ཡང་ན་ལས་ཞུགས་མི་སྣ་འདས་བཀྲོངས་ཏུ་གྱུར་རྗེས་ཁྱིམ་མིས་ལས་ཁུངས་དང་ནོར་སྲིད་སོགས་བརྒྱུད་དེ་ཕོགས་དངུལ་དང་སྤྱི་ཚོགས་འགན་སྲུང་མ་དངུལ། ལས་འཁྱུར་ཁ་གསབ་མ་དངུལ་སོགས་ལེན་པའི་བྱ་སྤྱོད་དེ་ལ་ཟེར།

རིགས་དབྱེ།  

འདུ་ཤེས་བཞི།

“འདུ་ཤེས་བཞི” ནི་ཆབ་སྲིད་ཀྱི་འདུ་ཤེས་དང་། ཁྱོན་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ལ་ཟེར།

རིགས་དབྱེ།  

རྡིབ་ཉིལ་ལྟ་བུའི་རུལ་སུངས།

རྡིབ་ཉིལ་ལྟ་བུའི་རུལ་སུངས་ནི་དུས་ཚོད་ངེས་ཅན་ཞིག་དང་ཁྱབ་ཁོངས་ངེས་ཅན་ཞིག་གི་ནང་བྱུང་བའི་རུལ་སུངས་ཀྱི་གནད་དོན་དེ་ཡིན། དེ་ནི་དེང་རབས་ཀྱི་རུལ་སུངས་རྣམ་པ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

དམིགས་འབེན་གཉིས།

སྤྱི་ལོ2015ལོའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྟེང་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བ་དང་ཆུ་ཚད་མཐོན་པོར་སྙེག་པ་ཞེས་དམིགས་འབེན་གཉིས་ཀྱི་གླེང་བྱ་བཏོན།

རིགས་དབྱེ།  

རྩེ་གྲ་གཉིས།

རྩེ་གྲ་གཉིས་ནི་འཛམ་གླིང་གི་སློབ་ཆེན་རྩེ་གྲ་དང་བསླབ་ཚན་རྩེ་གྲ་ཅན་འཛུགས་སྐྲུན་བྱེད་པ་དེ་གཉིས་ཡིན།

རིགས་དབྱེ།  

སྤྱོད་གཙང་རང་གཅུན།

ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་ཡོངས་དང་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ངེས་པར་དུ་ཡིད་ཆེས་བརྟན་པོ་བྱེད་དགོས། བློ་སེམས་རྩེ་གཅིག་གི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱོད་གཙང་རང་གཅུན་གྱི་སྒོ་ནས་གཞན་ལ་དཔེ་སྟོན་བྱེད་དགོས།

རིགས་དབྱེ།  

མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན།

རང་རྒྱལ་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་དང་འཚམ་པའི་ལམ་ལུགས་བཟང་བོ་ཞིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་རྩ་དོན།

རང་རྒྱལ་གྱི་རྩ་ཁྲིམས་ནང་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཁྲིམས་བཞིན་བསྐྱངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཞེས་གཏན་འབེབས་བྱས་ཡོད་པ་རེད།

རིགས་དབྱེ།  

ཏང་གི་ས་གནས་རྩ་འཛུགས།

ཏང་གི་ས་གནས་ཀྱི་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་ནི་རང་དང་རིམ་པ་མཉམ་པའི་ཏང་གི་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོག་བྱ་རྒྱུ། གནས་ཚུལ་དམིགས་བསལ་ཅན་བྱུང་ན། རང་ལས་རིམ་པ་གཅིག་གིས་མཐོ་བའི་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་རྗེས་དུས་བཀག་གི་སྔོན་ནམ་ཕྱིར་འགྱངས་ཀྱིས་སྐོང་འཚོག་བྱས་ཆོག

རིགས་དབྱེ།  

སྤྱོད་ཚུལ་བཞིར་ངོ་རྒོལ།

སྤྱོད་ཚུལ་ཆེན་པོ་བཞིར་ངོ་རྒོལ་བྱེད་པ་ལ་ཟེར། སྤྱོད་ཚུལ་བཞི་ནི། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་ངན་སྲོལ་རིང་ལུགས་བཅས་སོ། །

རིགས་དབྱེ།  

སྤྱི་མང་ཡུལ་སྐོར་དུས་རབས།

སྤྱི་ལོ2016ལོར་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལས་བཏོན་པ་ཞིག་ཡིན་ལ། དེ་ནི་ཕོགས་ལྡན་ངལ་གསོའི་གུང་གསེང་གི་ལམ་ལུགས་ལག་བསྟར་བྱས་ནས་མང་ཚོགས་ཀྱི་ཡུལ་སྐོར་ལས་རིགས་མཐོར་འདེགས་ཡོང་བར་དམིགས་ནས་སྤྱི་མང་ཡུལ་སྐོར་ལ་རོལ་བའི་དུས་རབས་ཤིག་གི་མིང་།

རིགས་དབྱེ།  

ཀྲུང་གོའི་ཕུགས་འདུན།

ཀྲུང་གོའི་ཕུགས་འདུན་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གལ་ཆེའི་མཛུབ་སྟོན་དང་བསམ་བློ། གལ་ཆེའི་སྲིད་སྐྱོང་འདུ་ཤེས་བཅས་ཡིན་ལ། སྤྱི་ལོ2012ལོའི་ཟླ11པའི་ཚེས29ཉིན་དངོས་སུ་བཏོན་པ་ཡིན།

རིགས་དབྱེ།  

བདེ་ཐང་གི་ཀྲུང་གོ།

བདེ་ཐང་ཀྲུང་གོ་ནི་སྤྱི་ལོ2017ལོའི་ཟླ10ཚེས18ཉིན། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ཡིན་ལ། མི་དམངས་ཀྱི་བདེ་ཐང་ནི་མི་རིགས་དར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། རྒྱལ་དམངས་བདེ་ཐང་གི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་མི་དམངས་མང་ཚོགས་ལ་ཕྱོགས་ཡོངས་དང་དུས་འཁོར་ཧྲིལ་པོའི་བདེ་ཐང་གི་ཞབས་ཞུ་མཁོ་འདོན་བྱེད་དགོས།

རིགས་དབྱེ།  

ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས།

སྤྱི་ལོ1982ལོར། ཏེང་ཞའོ་ཕིང་གིས་ཀྲུང་གུང་ཚོགས་ཆེན་བཅུ་གཉིས་པའི་སྟེང་དུ་མར་ཁེ་སི་རིང་ལུགས་ཀྱི་ཡོངས་ཁྱབ་བདེན་དོན་དེ་ཀྲུང་གོའི་གནས་ཚུལ་དངོས་དང་ཟུང་སྦྲེལ་ནས་རང་ཉིད་ཀྱི་ལམ་དུ་བགྲོད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་དགོས་པ་གསལ་བོར་བཏོན་པ་ཞིག་ཡིན།

རིགས་དབྱེ།  

མའོ་ཙེ་ཏུང་གི་དགོངས་པ།

སྤྱི་ལོ1945ལོར་བསྡུས་པའི་ཀྲུང་གུང་ཚོགས་ཆེན་བདུན་པའི་སྟེང་། མའོ་ཙེ་ཏུང་དགོངས་པ་ཏང་གི་བསམ་བློའི་མཛུབ་སྟོན་དུ་གཏན་འཁེལ་བགྱིས། མའོ་ཙེ་ཏུང་དགོངས་པ་ནི་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ཟུང་འབྲེལ་བྱས་པའི་འབྲས་བུ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་པ་དེ་ཡིན།

རིགས་དབྱེ།  

རིན་ཐང་གི་ལྟ་བ།

རིན་ཐང་ལྟ་བ་ནི་སྤྱི་ཚོགས་འདུ་ཤེས་ཀྱི་རིགས་ཤིག་ཡིན་པ་དང་། སྤྱི་ཚོགས་གནས་པའི་མངོན་ཚུལ་ཞིག་ཀྱང་ཡིན། རིན་ཐང་ལྟ་བ་ནི་མི་རྣམས་ཀྱི་བྱ་དངོས་ལ་རིན་ཐང་ཡོད་མེད་དང་། རིན་ཐང་ཆེ་ཆུང་གང་ཞིག་ཡོད་མེད་བལྟ་བའི་རྩ་བའི་ལྟ་བ་ཞིག་དང་། དཔྱད་འཇོག་བྱེད་པའི་ཚད་གཞི་ཞིག་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ།

སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ནང་སྙིང་ཡིན་ལ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་རྩ་བའི་ངོ་བོ་དང་གཞི་རྩའི་ཁྱད་ཆོས་མཚོན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཕུན་སུམ་ཚོགས་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་མཚོན་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་གི་ཚད་མཐོའི་སྙིང་བསྡུས་དང་ཐུན་མོང་གི་མཚོན་ཐབས་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཐེངས་མང་པོར་རྣམ་བཤད་གལ་ཆེན་གནང་བ་དང་བླང་བྱ་ཁ་གསལ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བར་དམིགས་ནས་ཐུན་མོང་ཐོག་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར》གཤམ་སྤེལ་བྱས་པ་རེད། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ནུས་ལྡན་བྱས་པ་དེས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་ལག་ལེན་ལ་ཤུགས་སྣོན་རྒྱག་ཆེད་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་པ་དང་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། 2017ལོའི་ཟླ10ཚེས18ཉིན་བློ་མཐུན་ཞིས་ཅིན་ཕིང་གིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་དགོས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་གསོ་སྐྱོང་བྱ་རྒྱུ་དམིགས་སར་བྱས་ནས་སློབ་གསོ་ཁྲིད་སྟོན་དང་། ལག་ལེན་གྱི་གོམས་འདྲིས། ལམ་ལུགས་ཀྱི་འགན་ལེན་བཅས་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་གསར་གཏོད། བསམ་པའི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་ཁྱབ་སྤེལ་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་ནང་མཉམ་འདྲེས་བྱེད་པ་བཅས་བྱས་ཏེ་མི་རྣམས་ཀྱི་བརྩེ་སེམས་ཀྱི་ངོས་འཛིན་དང་བྱ་སྤྱོད་ཀྱི་གོམས་གཤིས་སུ་འགྱུར་བ་བྱེད་དགོས།

རིགས་དབྱེ།  

དངུལ་རྩའི་གནད་འཁེལ་དབུལ་སྐྱོར་གྱི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས།

ཏང་གི་ཚོགས་ཆེན་བཅོ་བརྒྱད་འཚོགས་ཉིན་ནས་བཟུང་། ཀྲུང་དབྱང་གི་དབུལ་སྐྱོར་གསར་སྤེལ་བྱ་བའི་ཚོགས་འདུའི་སྙིང་སྟོབས་དང་ཞིང་ཆེན་རིམ་པའི་ཨུ་ཡོན་ལྷན་ཚོགས། ཞིང་ཆེན་སྲིད་གཞུང་དབུལ་ཐར་མཁྲེགས་གཏོར་བྱ་བའི་བཀོད་སྒྲིག་སོགས་གཏིང་ཟབ་སྒོས་ལག་ལེན་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། རྒྱུན་ཆད་མེད་པར་དངུལ་རྩའི་དབུལ་སྐྱོར་གྱི་ཁ་གཏད་རང་བཞིན་དང་ཕན་ནུས་རང་བཞིན་ལ་ཤུགས་བསྣན་ནས་དངུལ་རྩའི་གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད།

རིགས་དབྱེ།  

ཡན་ཨཱན་གྱི་སྙིང་སྟོབས།

ཡན་ཨཱན་གྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གསར་སྐྲུན་བྱས་པའི་གསར་བརྗེའི་སྙིང་སྟོབས་ཤིག་ཡིན། གསར་བརྗེ་འདི་ཡན་ཨཱན་དུ་འཁྲུངས་པའི་རྐྱེན་གྱིས་མིང་དེ་ལྟར་གྲགས་པ་རེད། ནང་དོན་གཙོ་བོ་ནི་དངོས་ཐོག་བདེན་འཚོལ་དང་། རིགས་པའི་གཞུང་ལུགས་དོན་དངོས་དང་འབྲེལ་བའི་སྙིང་སྟོབས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྙིང་སྟོབས། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱེད་པའི་སྙིང་སྟོབས་བཅས་ཡིན། ངོ་བོ་ནི་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་དེ་ཡིན། ཡན་ཨཱན་ནི་འཛམ་གླིང་དུ་སྐད་གྲགས་ཆེ་པའི་ཀྲུང་གོའི་གསར་བརྗེ་ཞིག་ཡིན། སྤྱི་ལོ1935ལོ་ནས་སྤྱི་ལོ1948ལོའི་བར། ཀྲུང་གུང་ཀྲུང་དབྱང་དང་མའོ་ཙེ་ཏུང་གིས་གནས་འདི་ནས་འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག་ལ་འགོ་ཁྲིད་དང་བཀོད་འདོམས་བྱས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་བྱས་པའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་ཐེངས་དང་པོ་མངོན་འགྱུར་བྱུང་སྟེ། མའོ་ཙེ་ཏུང་གི་དགོངས་པ་བྱུང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་རྡོ་བཏིང་བ་རེད། ཡན་ཨཱན་གྱིས་ཡན་ཨཱན་གྱི་སྙིང་སྟོབས་བསྐྲུན་པ་དང་། སྙིང་སྟོབས་འདི་ནི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་གྱི་བསམ་པའི་སྒུལ་ཤུགས་རླབས་ཆེན་ཞིག་ཡིན།

རིགས་དབྱེ།  

རྒྱང་སྐྱོད་ཀྱི་སྙིང་སྟོབས།

རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ཁྲོད་གསར་དུ་བཏོད་པའི་གསར་བརྗེའི་སྙིང་སྟོབས་ཤིག་ཡིན། སྤྱི་ལོ1934ལོ་ནས་སྤྱི་ལོ1936ལོའི་བར་ཀྲུང་གོའི་བཟོ་ཞིང་དམར་དམག་གིས་བརྒྱུད་མྱོང་བའི་ལེ་དབར་ཉིས་ཁྲི་ལྔ་སྟོང་གི་རྒྱང་སྐྱོད་ནི་མིའི་རིགས་ཀྱི་དམག་འཁྲུག་ལོ་རྒྱུས་ཐོག་གི་བྱས་རྗེས་ངོ་མཚར་ཅན་ཞིག་རེད། དམར་དམག་གི་བཀོད་འཐབ་པ་ཚོས་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་གསར་བརྗེའི་ཕུགས་བསམ་དང་བྱ་གཞག་ལ་བློ་དཀར་སེམས་དཀར། བློ་བརྟན་འགྱུར་མེད་ཀྱི་དད་སེམས། རང་སྲོག་བློས་གཏོང་རྒྱུར་མི་སྐྲག་པ། རྒྱལ་ཁ་ལེན་ཕོད་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་སྤྲོ་སྣང་རིང་ལུགས་ཀྱི་སྙིང་སྟོབས་དང་། ཁྱོན་ཡོངས་ལ་ལྟ་རྟོག སྒྲིག་ཁྲིམས་ནན་སྲུང་། མཐུན་སྒྲིལ་དམ་ཟབ་བཅས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་མངོན་ཡོད་ལ། རྒྱང་སྐྱོད་ཀྱི་མངོན་གསལ་གྱི་ཁྱད་ཆོས་ནི“གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་འཆི་རྒྱུར་མི་སྐྲག་པའི”གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དེ་རེད། རྒྱང་སྐྱོད་ཀྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་རིགས་ཀྱི་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པ་དང་འབད་བརྩོན་ལྷོད་མེད་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་མཚོན་ཚུལ་མཐོ་ཤོས་ཡིན་ལ། ང་ཚོའི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་འགན་ལེན་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་ཡིན།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་ཞེ་ཁྲེལ་ལྟ་བ།

སྤྱི་ལོ2006ལོའི་ཟླ3པའི་ཚེས4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པའི་དམངས་གཙོ་མནའ་མཐུན་དང་དམངས་གཙོ་ཡར་ཐོན་ལས་རིགས་ཀྱི་ཨུ་ཡོན་མཉམ་འབྲེལ་ཚོ་ཆུང་གི་གྲོས་བསྡུར་ལ་ཞུགས་སྐབས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྤྱི་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་རྣམས་ལ་གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད་ནང་དོན་གཙོ་བོ་ཡིན་པའི་སྤྱི་ཚོགས་རིང་ལུགས་འཛུགས་པར་ཁྲིད་སྟོན་བྱ་དགོས་ཞེས་བཏོན་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི་རྣམ་བཤད་གལ་ཆེན་སྙིང་བསྡུས་གནད་ལ་འཕིགས་པ་དང་། ནང་དོན་ཟབ་པ། མི་རིགས་ཀྱི་རང་བཞིན་དང་། དུས་རབས་ཀྱི་རང་བཞིན། ལག་ལེན་གྱི་རང་བཞིན་བཅས་ལྡན་པ་ཡིན། “གཟི་བརྗིད་བརྒྱད་དང་ངོ་ཚ་བརྒྱད”ནང་དོན་གཙོ་བོ་བྱས་པའི་སྤྱི་ཚོགས་རིང་ལུགས་ཀྱིས་རང་རྒྱལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་བཞག་ཡོད་པས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀུན་སྤྱོད་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བར་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།

རིགས་དབྱེ།  

ཞི་པའེ་ཕོའོ་ཡི་སྙིང་སྟོབས།

ཞི་པའེ་ཕོའོ་ཡི་སྙིང་སྟོབས་ནི་མའོ་ཙེ་ཏུང་གིས་ཞི་པའེ་ཕོའོ་རུ་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་བཏོན་ཞིང་། དེ་ནི་མའོ་ཙེ་ཏུང་གཙོ་བྱས་པའི་ཏང་ཀྲུང་དབྱང་གིས་ཞི་པའེ་ཕོའོ་རུ་སྡོད་པའི་སྐབས་སུ་གསར་འཛུགས་བྱས་པའི་གསར་བརྗེའི་སྙིང་སྟོབས་རབ་དང་རིམ་པར་ཟེར། ཞི་པའེ་ཕོའོ་ཡི་སྙིང་སྟོབས་ནི་ཀྲུང་གོའི་གསར་བརྗེའི་གལ་ཆེའི་ལོ་རྒྱུས་དཀྱོག་མཚམས་ཀྱི་འགག་རྩར་ཐུག་པའི་སྐབས་སུ་བྱུང་བས་ཀྲུང་གོའི་གསར་བརྗེའི་མདུན་ལམ་དང་ལས་དབང་ཐག་གཅོད་བྱས་ཡོད། དེར་བརྟེན་དེས་འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པའི་གསར་བརྗེའི་སྙིང་སྟོབས་གཅིག་སྡུད་ཀྱིས་མཚོན་པ་དང་། རིག་པ་གསལ་དྭངས་དང་མིག་རྒྱང་རིང་བའི་རྒྱལ་ཁ་ཐོབ་མཁན་གྱིས་རང་གཅུན་ཐུབ་པའི་སྙིང་སྟོབས་མཚོན་ཡོད། དེའི་ནང་དོན་གཙོ་བོ་ནི་ནམ་ཡང་མཚམས་མི་འཇོག་པར་གསར་བརྗེ་མཐའ་འཁྱོལ་བ་བྱེད་རྒྱུ་དང་། སྲིད་འཛིན་ཏང་གིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་དགོས་པ། “ངེས་པར་དུ་བྱེད་དགོས་པ་གཉིས”མཐའ་འཁྱོངས་བྱས་ནས་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་ནུས་ཆེའི་སྒོ་ནས་ཏང་གི་གཅིག་སྡུད་གཅིག་གྱུར་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་ཡིན། དེའི་ལྟེ་བ་ནི་ཏང་ཡོངས་ལ་ལོ་རྒྱུས་ཀྱི་དུས་རིམ་གསར་པའི་ཚོད་བགམ་ཐེག་ཐུབ་པར་སློབ་གསོ་རྒྱག་རྒྱུ་དེ་ཡིན། དེའི་ངོ་བོ་ནི་གུང་ཁྲན་ཏང་གི་སྲིད་སྐྱོང་གོ་གནས་སྲ་བརྟན་དང་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་གོང་དུ་སྤེལ་རྒྱུ་དེ་ཡིན། ཞི་པའེ་ཕོའོ་ཡི་སྙིང་སྟོབས་ནི་ཅིན་ཀང་རི་བོའི་སྙིང་སྟོབས་དང་ཡན་ཨན་གྱི་སྙིང་སྟོབས་དང་འདྲ་བར་ང་ཚོའི་ཏང་གི་གཅེས་ནོར་ལྟ་བུ་ཡིན།

རིགས་དབྱེ།  

ཅིན་ཀང་རི་བོའི་སྙིང་སྟོབས།

ཅིན་ཀང་རི་བོའི་སྙིང་སྟོབས་ནི་མའོ་ཙེ་ཏུང་གིས་མཚོན་པའི་ཀྲུང་གོ་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་གསར་བརྗེའི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ནས་གསོ་སྐྱོང་བྱས་པའི་གསར་བརྗེའི་སྙིང་སྟོབས་རླབས་ཆེན་ཞིག་རེད། སྙིང་སྟོབས་འདི་རིགས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་དད་སེམས་ཀྱི་གཟི་འོད་འཕྲོ་བཞིན་ཡོད་ལ། མའོ་ཙེ་ཏུང་སོགས་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་ཀྱིས་དངོས་སུ་གསོ་སྐྱོང་བྱས་ཏེ། དཀའ་སྤྱད་ཚད་མེད་ཀྱི་ཅིན་ཀང་རི་བོའི་འཐབ་རྩོད་ཁྲོད་དར་རྒྱས་བྱུང་ནས་གྲུབ་པ་རེད།

རིགས་དབྱེ།  

མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས།

མར་ཁེ་སིའི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ནི་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་དང་ལོ་རྒྱུས་ཀྱི་དངོས་གཙོའི་རིང་ལུགས་ཀྱིས་སློབ་སྟོན་བྱས་པའི་ཚན་རིག་དང་མཐུན་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་། འབྱོར་མེད་གྲལ་རིམ་དང་གཉའ་གནོན་མྱོང་མཁན་མི་རིགས་ཀྱི་ཁེ་ཕན་མཚོན་བྱེད་ཅིག་ཡིན།

རིགས་དབྱེ།  

གསར་བརྗེའི་སྙིང་སྟོབས།

གསར་བརྗེའི་སྙིང་སྟོབས་ནི་འབྱོར་མེད་གྲལ་རིམ་གྱི་འཇིག་རྟེན་ལྟ་བ་དང་མི་དམངས་དམག་དཔུང་གི་ངོ་བོའི་མཚོན་ཚུལ་ཞིག་དང་མི་དམངས་དམག་དཔུང་གི་དགྲ་འདུལ་གཡུལ་རྒྱལ་གྱི་བསམ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ། མི་དམངས་མང་ཚོགས་ཀྱིས་དགྲ་བོ་མཐའ་དག་ལས་རྣམ་པར་རྒྱལ་བ་དང་དཀའ་ངལ་མཐའ་དག་ཁྱད་བསད་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན།

རིགས་དབྱེ།  

བསམ་བློ་བཅིངས་འགྲོལ།

བསམ་བློ་བཅིངས་འགྲོལ་ཞེས་པ་ནི་གོམས་གཤིས་ཀྱི་སྟོབས་ཤུགས་དང་རང་སྣང་ཕྱོགས་ཞེན་གྱི་འཆིང་རྒྱ་གཏོར་ནས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པར་ཟེར། བསམ་བློའི་འདུ་ཤེས་དེ་གོམས་གཤིས་རྙིང་པའི་སྟོབས་ཤུགས་ཀྱི་འཆིང་རྒྱ་ལས་སྒྲོལ་བར་བྱས་ཏེ། རང་སྣང་འཇིག་རྟེན་གྱི་བསམ་གཞིགས་འདུ་ཤེས་དང་འགྱུར་ལྡོག་བྱུང་བའི་ཕྱི་རོལ་ཡུལ་གྱི་དོན་དངོས་གཉིས་ཟུང་འབྲེལ་བྱས་ཏེ། “གོམས་གཤིས་ཀྱི་བསམ་གཞིགས”དང“རང་སྣང་གི་ཕྱོགས་ཞེན”དེ་དག་འཕེལ་རྒྱས་དང་འགྱུར་ལྡོག་གཏོང་བའི་ལྟ་བར་བརྟེན་ནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པ་དེ་ཡིན།

རིགས་དབྱེ།