སྲིད་འཛིན་དོ་དམ་རིག་པ།

སྲིད་འཛིན་དོ་དམ་རིག་པ་ནི་རྒྱལ་ཁབ་ལས་ཁུངས་གསར་འཛུགས་དང་། མི་སྣ་སྡེབ་སྒྲིག་བྱེད་པ། དོ་དམ་ནུས་ལྡན་ཡོང་ཐབས་བཅས་ཀྱི་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ཅིག་ཡིན།

རིགས་དབྱེ།  

སྲིད་འཛིན་དོ་དམ།

སྲིད་འཛིན་དོ་དམ་བྱ་བ་ནི་རྒྱལ་ཁབ་ལས་ཁུངས་ཀྱིས་བྱ་འགུལ་སྤེལ་བར་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་སྟེ། རྒྱལ་ཁབ་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལག་བསྟར་བྱས་ཏེ། ཁྲིམས་ལུགས་ལྟར་རྒྱལ་ཁབ་ཀྱི་དོན་ལས་བྱ་བར་དོ་དམ་བྱེད་པའི་བྱ་འགུལ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

སྲིད་འཛིན་འགོ་ཁྲིད་པ།

འགོ་ཁྲིད་པ་ནི་སྲིད་འཛིན་ཁོངས་གཏོགས་ནང་ཁུལ་ནས་ཁྲིམས་བཀོད་དབང་ཆ་ཡོད་པའམ། ཁྲིམས་ལུགས་ལྟར་དབང་ཆ་ངེས་ཅན་སྤྲད་དེ་འགོ་ཁྲིད་བྱ་བའི་འགན་ཁུར་ལག་བསྟར་དང་རྒྱལ་ཁབ་ཀྱི་གཞུང་དོན་ཁྱབ་སྤེལ་བྱེད་མཁན་ཡིན། རང་རྒྱལ་ལ་མཚོན་ན། སྲིད་འཛིན་འགོ་ཁྲིད་པས་ཏང་དང་རྒྱལ་ཁབ་ཀྱི་སྲིད་འཛིན་དབང་ཤུགས་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་བྱེད་ཕྱོགས་དང་སྲིད་ཇུས། སྤྱིའི་ལས་འགན་བཅས་རང་གི་རྩ་བའི་འགན་འཁྲིར་བརྩིས་ཏེ་ལག་བསྟར་དང་། རྒྱལ་ཁབ་དབང་ཤུགས་ལས་ཁུངས་ཀྱིས་སྤྲད་པའི་དབང་ཆར་འགན་ཁུར་ཏེ་ལྟ་སྐུལ་དང་ལེན་བྱེད་དགོས།

རིགས་དབྱེ།  

མི་འབོར་གནས་སྤོར།

མི་འབོར་གནས་སྤོར་བ་ནི་སྤྱིར་བཏང་དུ་ས་ཁུལ་གཉིས་ཀྱི་བར་དུ་མི་འབོར་སྤོ་ནུར་བྱས་པ་དེར་བསྟན་པ་ཡིན།

རིགས་དབྱེ།  

ལྷོ་བྱང་ལྕགས་ལམ།

ལྷོ་བྱང་བར་གྱི་ལྕགས་ལམ་གྱི་ཁྱོན་ཡོངས་ཀྱི་རིང་ཚད་ལ་སྟོང་སྨི2500ཡོད་པ་དང་། འདི་ནི་རང་རྒྱལ་གྱི་ལྕགས་ལམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་མ་རྩ་བཏང་བ་ཆེས་མང་བ་དང་། གཞི་ཁྱོན་ཆེས་ཆེ་བ། བཟོ་ཐེངས་གཅིག་ལ་ལེགས་འགྲུབ་བྱུང་བའི་ལམ་ཐག་རིང་ཤས་ཀྱི་ལྕགས་ལམ་གྱི་མ་ལམ་ཞིག་ཡིན།

རིགས་དབྱེ།  

སྲུང་སྐྱོབ་རིང་ལུགས།

རང་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་ཡོད་མེད་ལ་བརྟེན་ནས་རང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཐུས་ཚང་ངང་བེད་སྤྱོད་བྱེད་པའི་གཞི་འཛིན་ས་དང་། རང་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་མཁན་སུ་ཞིག་ཡིན་རུང་རྒྱལ་ཁོངས་གང་དང་ས་ཁོངས་གང་གི་ཡིན་མིན་ལ་མི་ལྟ་བར་དེར་རྒྱལ་ཁབ་དེ་གའི་བཅའ་ཁྲིམས་ཀྱིས་བདའ་འདེད་བྱས་ཏེ་ཉེས་ཆད་གཅོད་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ(བསྡུས་མིང་ལ་མི་དམངས་སྲིད་གྲོས་དང་། དབྱིན་ཡིགChinese People's Political Consultative Conferenceཞེས་པ་བསྡུས་འབྲིCPPCC)ནི་ཀྲུང་གོ་མི་དམངས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་སྒྲིག་གཞི་གལ་ཆེན་དང་ཀྲུང་གོ་ཆབ་སྲིད་འཚོ་བའི་ནང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་གཏོང་བའི་རྣམ་པ་གལ་ཆེན་ཞིག་བཅས་ཡིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ནི་ཀྲུང་གོ་གུང་ཁྲན་ཏང་དང་། དམངས་གཙོའི་ཏང་ཤོག་ཁག དམངས་གཙོའི་མི་དྲག མི་དམངས་ཚོགས་པ་ཁག་དང་ལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་བཙུགས་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཕྱི་འབྲེལ་ལས་ཁུངས་ཡིན་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱི་འབྲེལ་ལས་དོན་གཙོ་སྐྱོང་བྱེད་མཁན་གྱི་སྡེ་ཁག་ཡིན་པས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་འཛམ་གླིང་གི་རྒྱལ་ཁབ་གཞན་དག་གི་སྲིད་གཞུང་དང་སྲིད་གཞུང་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་བར་གྱི་ཕྱི་འབྲེལ་ལས་དོན་ཐག་གཅོད་ཀྱི་འགན་འཁུར་བ་རེད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རིག་ལག་རྩལ་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་རེད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་། ཀྲུང་གོའི་སྲིད་གཞུང་གསང་མྱུལ་ལ་ངོ་རྒོལ་བྱེད་པའི་ལས་ཁུངས་དང་ཆབ་སྲིད་སྲུང་སྐྱོང་ལས་ཁུངས་ཡིན་ཞིང་། རྩ་ཁྲིམས་དང་བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་སྤྱི་བདེ་ལས་ཁུངས་ཀྱི་མྱུལ་ཞིབ་བཀག་བསྐྱིལ་དང་། གྲ་སྒྲིག་འདྲི་ཞིབ། འཛིན་བཟུང་བཅས་ཀྱི་འགན་དབང་སྤྱད་ཆོག་པ་ཡིན། སྤྱི་ལོ1983ལོའི་ཟླ7པར་དེ་སྔའི་ཀྲུང་གུང་ཀྲུང་དབྱང་བརྟག་དཔྱད་པུའུ་ཡི་སྤྱི་ཁོག་དང་། སྤྱི་བདེ་པུའུ་ཡི་ཆབ་སྲིད་སྲུང་སྐྱོབ་ཅུས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་ཁུངས་ཁ་ཤས། རྒྱལ་སྲུང་ཚན་རིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་ཁ་ཤས་བཅས་ཟླ་སྒྲིལ་བཏང་ནས་གྲུབ་པ་རེད།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འཛིན་པུའུ་ནི་རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ལས་དོན་གཙོ་གཉེར་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག(སྤྱི་ལོ2008ལོའི་ཟླ3པའི་ཚེས11ཉིན)“རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་ཇུས་གཞིར”གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བཙུགས་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་པུའུ་རིམ་པ་གཙོ་བོ་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་བསྡུས་མིང་ལ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟེར་ཞིང་། (དབྱིན་ཡིགMinistry of communications and transportation of People's Republic of Chinaཞེས་པ་བསྡུས་ནསMOTཞེས་བྲིས་ཡོད)འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཁག་ཅིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་གྲོང་གསེབ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་དང་ཡུལ་སྐོར་པུའུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞིགས་ནས་བཙུགས་པ་ཞིག་ཡིན་ལ། རིག་གནས་དང་ཡུལ་སྐོར་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞིར་གཞི་བྱས་ནས་བཙུགས་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན་པ་དང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞིར་བཟུང་ནས་བཙུགས་པའི་སྡེ་ཁག་ཅིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གསོ་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ལས་དོན་དང་སྐད་ཡིག་ལས་དོན་གཙོ་གཉེར་བྱེད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁོངས་གཏོགས་སྡེ་ཁག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་པུའུ(བསྡུས་མིང་ལ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་བཟོ་འཕྲིན་པུའུ)ནི་སྤྱི་ལོ2008ལོའི་ཟླ3པའི་ཚེས11ཉིན་ཁྱབ་བསྒྲགས་བྱས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞིར་གཞིགས་ནས་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་སྡེ་ཚན་ལ་ཟེར།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་བདེ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་དང་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་གྱི་ཆེས་མཐོའི་འགོ་ཁྲིད་ལས་ཁུངས་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནོར་སྲིད་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཡིན། དེའི་སྔོན་མ་ནི་སྤྱི་ལོ1949ལོའི་ཟླ10བའི་ཚེས1ཉིན་བཙུགས་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་ནོར་སྲིད་པུའུ་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་བེད་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆུ་བེད་པུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང་། 《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཇུས་གཞི》རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ཆོག་མཆན་སྤྲད་པའི《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི》བཅས་ལ་གཞི་བྱས་ནས་བཙུགས་པ་ཞིག་རེད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་པུའུ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཙུགས་པའི་རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་དང་། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་གཙོ་སྐྱོང་བྱེད་པའི་སྡེ་ཁག་ཅིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ནས་བཙུགས་པ་ཞིག་རེད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འཕྲལ་བསྟུན་དོ་དམ་པུའུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཚན་ཞིག་ཡིན་པ་དང་། སྤྱི་ལོ2018ལོའི་ཟླ3པར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་དང་པོའི་ཐོག་ཆོག་མཆན་གནང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་ཇུས་གཞི་གཞིར་བཟུང་ནས་བཙུགས་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཤེར་ཁང་།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩིས་གཤེར་ཁང་ནི་སྤྱི་ལོ1983ལོའི་ཟླ9བའི་ཚེས15ཉིན་དངོས་སུ་བཙུགས་པ་ཡིན་ལ། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག26གི་གྲས་ཤིག་ཡིན།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན།

ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་ལས་ཁུངས་མཐོ་ཤོས་དེ་ཡིན་ལ། ལོ་ལྔ་རེར་ཐེངས་རེ་འཚོག་པ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་སྐོང་འཚོག་བྱས་ཤིང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དགོས་གལ་འདུག་བསམས་པའམ་ཞིང་ཆེན་རིམ་པའི་རྩ་འཛུགས་གསུམ་ཆ་གཅིག་ཡན་ཆད་ཀྱིས་རེ་འདུན་ཞུས་ན། སྔོན་ལ་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་འཚོགས་ཆོག་པ་དང་། གལ་ཏེ་གནས་ཚུལ་དམིགས་བསལ་ཅན་མེད་ན་འཚོགས་ཡུན་ཕྱིར་འགྱངས་བྱས་མི་ཆོག་པ་ཡིན།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནས་བདམས་ཐོན་བྱུང་ཞིང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་དབང་ཆའི་སྒྲིག་གཞི་ཞིག་ཡིན་པ་དང་བསྡུས་མིང་ལ་ཀྲུང་གུང་ཀྲུང་དབྱང་ཞེས་ཟེར། དེ་ཡིས་སྤྱི་ལོ1927ལོར་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་ནས་བཙུགས་ཏེ་དེ་སྔོན་གྱི་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་པ་རེད།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་།

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་གི་བསྡུས་མིང་ལ“ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིན”ཟེར་ཞིང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཏང་གི་རྩ་འཛུགས་རིམ་པ་ཁག་བཅས་ལ་ཞབས་འདེགས་ཞུ་བའི་དོན་གཅོད་ལས་ཁུངས་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་ཐད་ཀའི་འགོ་ཁྲིད་འོག་ལས་ཀ་འགན་ཁུར་བ་ཡིན། དེའི་སྔ་མ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་མ་ཐག་པའི་ཀྲུང་དབྱང་དྲུང་ཡིག་ཐིང་ཡིན།

རིགས་དབྱེ།