ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ།
2017ལོའི་ཟླ10པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད9:00སྟེང་། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པ་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འགོ་ཚུགས། ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་འཐུས་ཚབ་མཛད་ནས་ཚོགས་ཆེན་ལ《ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་བླངས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱ་དགོས 》ཞེས་པའི་སྙན་ཞུ་ཕུལ། ཐེངས་འདིའི་ཚོགས་ཆེན་གྱི་བརྗོད་གཞི་གཙོ་བོ་ནི། ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཞིང་། བློ་རྩ་བརྟན་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཁ་ལེན་པ་དང་། དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུ་དེ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国共产党第十九次全国代表大会
བསྡུས་མིང་།
ཚོགས་ཆེན་བཅུ་དགུ་པ།
ཕྱི་ཡིག་གི་མིང་།
The 19th session of national congress of the communist party of China
དུས་ཚོད།
2017ལོའི་ཟླ་10པའི་ཚེས18ཉིན-ཚེས24ཉིན་བར།
ས་གནས།
པེ་ཅིང་།
འཐུས་མིའི་གྲངས་ཀ།
2287
1 ཚོགས་འདུའི་བརྗོད་གཞི་གཙོ་བོ།

ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་ཞིང་། བློ་རྩ་བརྟན་པོས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པའི་རྒྱལ་ཁ་ལེན་པ་དང་།  དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

2 ཚོགས་འདུའི་གྲོས་རིམ།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་ཞིབ་བཤེར་གནང་བ།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ཞིབ་བཤེར་གནང་བ།  

《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་གནང་བ།

སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་འདེམས་བསྐོ་གནང་བ།

སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཚོགས་འདེམས་བསྐོ་གནང་བ།

3 ཚོགས་འདུའི་སྙན་ཞུ།

ཞི་ཅིན་ཕིང་གིས་སྐབས་བཅོ་བརྒྱད་པའི་.jpgཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་ཕུལ་བའི་སྙན་ཞུ་ཁག་བཅུ་གསུམ་དུ་བགོས་ཡོད་དེ། གཅིག འདས་པའི་ལོ་ལྔའི་བྱ་བ་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས། གཉིས། དུས་རབས་གསར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི། གསུམ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་གཞི་རྩའི་ཐབས་ཇུས། བཞི། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་རྒྱལ་ཁའི་ཕུ་ཐག་བཅད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་ཕྱེས་པ། ལྔ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། དྲུག མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཕེལ་རྒྱས་སུ་གཏོང་བ། བདུན། རིག་གནས་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་དུ་གཏོང་བ། བརྒྱད། དམངས་ཚིས་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྐྲུན་བྱེད་པ། དགུ། སྐྱེ་ཁམས་དཔལ་ཡོན་གྱི་སྒྲིག་སྲོལ་མྱུར་དུ་བཅོས་སྒྱུར་བྱས་ཏེ། མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ། བཅུ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དར་བགྲོད་ལམ་དུ་སྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཁྱོན་ཡོངས་ནས་སྤེལ་བ། བཅུ་གཅིག རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་རྒྱུན་འཁྱོངས་བྱས་ཏེ། མེས་རྒྱལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། བཅུ་གཉིས། ཞི་བདེའི་འཕེལ་རྒྱས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ། བཅུ་གསུམ། བློ་བརྟན་འགྱུར་མེད་ཀྱིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་རེད། 

4 ཚོགས་འདུའི་དོན་སྙིང་།

ཏང་གི་ཚོགས་ཆེན་བཅུ་དགུ་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གོང་དུ་སྤེལ་བའི་གནད་འགག་གི་དུས་སྐབས་སུ་སྤེལ་བའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མུ་མཐུད་དུ་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་དུ་སྤེལ་བ་དེར་བསྐུལ་བར་དོན་སྙིང་གལ་ཆེན་ལྡན་ནོ། །

5 ཞི་ཅིང་ཕིང་གི་དམངས་སེམས་འགུག་པའི་གསུང་ཚིག་བཅུ་དགུ། 

གཅིག  ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་བཅུ་དགུ་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་གནད་འགག་གི་དུས་རིམ་དུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན།

གཉིས།  དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་བསམ་འདུན་མི་བརྗེད་ན་མཐའ་མཇུག་གི་རྒྱལ་ཁ་ཐོབ་ངེས། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེའོ། །

གསུམ། ཏང་ཡོངས་ཀྱི་བློ་མཐུན་གྱིས་ངེས་པར་དུ་མིག་རྒྱང་ཇེ་རིང་དང་བདེ་སྡོད་ཉེན་ཟོན། བསྒྱུར་བཅོས་དང་གསར་གཏོད་བྱེད་ཕོད་པ། ནམ་ཡང་ཡར་རྒྱས་གོང་འཕེལ་གཏོང་བ། རྡོག་རྩ་གཅིག་སྒྲིལ་སྒོས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་དགོས་པར་མ་ཟད། སྟོབས་ཤུགས་ཆེར་བསྐྱེད་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་རྒྱལ་ཁ་ལེན་དགོས།

བཞི། ལོ་ལྔའི་རིང་། རང་རེའི་ཏང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་འགན་འཁྲི་ཆེན་པོ་་འཁུར་ཏེ་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་དང་། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པར་མ་ཟད། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཞིང་ལས་ཀ་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་། དེ་མིན་དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཅིང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་།  སྔོན་ཆད་བསྒྲུབ་འདོད་ཀྱང་བསྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ལེགས་པོར་གྲུབ་པས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་།

ལྔ། དུས་ཡུན་རིང་པོའི་འབད་བརྩོན་བྱས་པར་བརྒྱུད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་བསླེབས་ཤིང་འདི་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གསར་པ་ཞིག་ཡིན།

དྲུག  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་བསླེབས་ཤིང་། མི་དམངས་ཀྱི་ཉིན་བཞིན་གོང་དུ་འཕར་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་ཞིང་འཐུས་མི་ཚང་བའི་འཕེལ་རྒྱས་བར་གྱི་འགལ་ཟླ་དེ་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་གྱུར།

བདུན།  དེ་རིང་། ང་ཚོ་ནི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་སྔར་ལས་ཐག་ཉེ་ཞིང་སྔར་ལས་ཡིད་ཆེས་བརྟན་པ་དང་ནུས་པ་ལྡན།

བརྒྱད། རང་རེའི་ཏང་གིས་མར་ཁེ་སི་ལེ་ཉིང་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་གཞུང་ལུགས། མཚོན་བྱེད་གསུམ་གྱི་བསམ་བློ་གལ་ཆེན་དང་ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་ཀྱི་མཛུབ་སྟོན་རྒྱུན་འཁྱོངས་བྱས་ཤིང་། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། བདེན་འཚོལ་དོན་གཉེར་རྒྱུན་འཁྱོངས་བྱས་ལ། དངོས་གཙོ་རྩོད་སྒྲུབ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་མཐའ་འཁྱོངས་བྱས་ཐོག  དུས་རབས་གསར་པའི་ཆ་རྐྱེན་དང་ལག་ལེན་གྱི་བླང་བྱ་ཟུང་འབྲེལ་དམ་ཟབ་བྱས་ནས། མཐོང་རྒྱ་གསར་པ་ཞིག་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་པར་མ་ཟད། དཀའ་སྤྱད་འབད་བརྩོན་གྱིས་གཞུང་ལུགས་འཚོལ་ཞིབ་བྱས་པས། གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་བླངས་ཤིང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་གྲུབ་པ་རེད། 

དགུ། རྒྱལ་སྤྱི་དང་རྒྱལ་ནང་ནི་གནས་བབ་དང་རང་རྒྱལ་གྱི་འཕེལ་རྒྱས་ཆ་རྐྱེན་ལ་ཕྱོགས་བསྡུས་སྒོས་དབྱེ་ཞིབ་བྱས་ན། 2020ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་དུ་དུས་རིམ་གཉིས་སུ་བཀར་ནས་བཀོད་སྒྲིག་བྱས་ཆོག་སྟེ། དུས་རིམ་དང་པོ་ནི2020ལོ་ནས2035ལོའི་བར་ཡིན་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྨང་གཞིའི་སྟེང་ལོ་བཅོ་ལྔར་འབད་བརྩོན་བྱས་ན་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཕལ་ཆེར་མངོན་འགྱུར་འབྱུང་ཐུབ། དུས་རིམ་གཉིས་པ་ནི2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་སྟེ། དེང་རབས་ཅན་ཕལ་ཆེར་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག་སླར་ཡང་ལོ་བཅོ་ལྔར་འབད་བརྩོན་བྱས་ན་རང་རེའི་རྒྱལ་ཁབ་འདི་སྟོབས་འབྱོར་དང་དམངས་གཙོ། དཔལ་ཡོན། འཆམ་མཐུན་བཅས་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཞིག་ཏུ་བསྐྲུན་རྒྱུ་དེའོ། །


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:4  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2017-10-19

གསར་སྤེལ་མཁན། :བདེ་ཆེན་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།