ཡོངས་འཛིན་རིག་མཛོད། >ཚན་རིག >ཆབ་སྲིད་རིག་པ། >གྲོས་ཚོགས།

སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ།

སྤྱི་ལོ1978ལོའི་ལོ་མཇུག་ཏུ་བསྡུས་པ་དང་། གྲོས་ཚོགས་སྟེང་བསམ་བློ་བཅིངས་འགྲོལ་དང་ཐབས་འཚོལ་ཇུས་འདོན། དངོས་ཐོག་བདེན་འཚོལ། རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་མདུན་ལ་ལྟ་བའི་མཛུབ་སྟོན་བྱེད་ཕྱོགས་གཏན་ལ་ཕབ།

རིགས་དབྱེ།  

སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ(བསྡུས་མིང་ལ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟེར)སྤྱི་ལོ2021ལོའི་ཟླ11པའི་ཚེས8ཉིན་ནས་ཚེས11ཉིན་བར་པེ་ཅིང་དུ་འཚོགས། སྤྱི་ལོ2021ལོའི་ཟླ11པའི་ཚེས8ཉིན་གྱི་སྔ་དྲོར། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚབ་ཞུས་ནས་ཚང་འཛོམས་གྲོས་ཚོགས་ཐོག་ལས་དོན་སྙན་སྒྲོན་གནང་བ་དང་འབྲེལ《ཏང་གི་ལོ་བརྒྱའི་དཀའ་སྤྱད་འབད་འཐབ་ཀྱི་གྲུབ་འབྲས་ཆེན་པོ་དང་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད(གྲོས་བསྡུར་མ་ཟིན)》ཐད་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད། སྤྱི་ལོ2021ལོའི་ཟླ11པའི་ཚེས11ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས》ལ་གྲོས་འཆམ་བྱུང་། སྤྱི་ལོ2021ལོའི་ཟླ11པའི་ཚེས12ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ངོ་སྤྲོད་བྱས།

རིགས་དབྱེ།  

སྐབས་བཅུ་དགུ་པའི་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས》ནི་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི་སྤྱི་བསྒྲགས་ཡིན། སྤྱི་ལོ2021ལོའི་ཟླ11པའི་ཚེས11ཉིན། ཞིན་ཧྭ་གསར་འགྱུར་ཁང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས》ཁྱབ་བསྒྲགས་བྱས།

རིགས་དབྱེ།  

ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས།

ཙུན་དབྱི་གྲོས་ཚོགས་ཀྱི་སྙིང་སྟོབས་ནི་གསར་བརྗེའི་སྙིང་སྟོབས་ཀྱི་གྲས་ཤིག་ཡིན།

རིགས་དབྱེ།  

“སྲིད་གྲོས་རྙིང་པའི”ཚོགས་འདུ།

སྤྱི་ལོ1945ལོའི་ཟླ8པའི་ཚེས25ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཀྱི་གནས་བབ་ལ་དམིགས་ནས《ཀྲུང་གུང་ཀྲུང་དབྱང་གིས་དུས་བབ་སྐོར་གྱི་བསྒྲགས་གཏམ》ཞེས་པ་སྤེལ་ནས། “མྱུར་དུ་ཏང་ཁག་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་གྲོས་ཚོགས་བསྡུས་ཏེ། འཇར་འགོག་དམག་འཁྲུག་མཇུག་རྫོགས་རྗེས་ཀྱི་གནད་དོན་གལ་ཆེན་སོ་སོར་གྲོས་བསྡུར་བྱེད་དགོས”ཞེས་འབོད་སྐུལ་བྱས་ཏེ། གོ་མིན་ཏང་གི་ཏང་གཅིག་གིས་སྲིད་དབང་སྒེར་འཛིན་བྱེད་པ་མཇུག་བསྒྲིལ་ནས་དམངས་གཙོའི་མཉམ་འབྲེལ་སྲིད་གཞུང་བཙུགས། གོ་མིན་ཏང་སྲིད་གཞུང་གིས་གླེང་ཕྱོགས་ཀྱི་གནོན་ཤུགས་ཀྱི་དབང་གིས་མའོ་ཙེ་ཏུང་ཁྲུང་ཆིང་དུ་གྲོས་མོལ་བྱེད་པར་གདན་དྲངས། སྤྱི་ལོ1945ལོའི་ཟླ8པའི་ཚེས28ཉིན། མའོ་ཙེ་ཏུང་སོགས་ཁྲུང་ཆིང་དུ་བསྐྱོད་དེ་གོ་མིན་ཏང་དང་གྲོས་མོལ་བྱས་པ་དང་། གོ་གུང་ཏང་གཉིས་ཀྱིས་གྲོས་བསྡུར་ཡང་ཡང་བྱས་པ་བརྒྱུད《བཅུ་པའི་ཚེས་བཅུའི་ཆོད་ཡིག》ལ་མིང་རྟགས་བཀོད་དེ། ཆབ་སྲིད་གྲོས་མོལ་ཚོགས་འདུ་བསྡུ་བར་གཏན་ཁེལ་བྱས།

རིགས་དབྱེ།  

ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་ཚོད་ལྟའི་ལས་དོན་བཞུགས་མོལ་ཚོགས་འདུ།

ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་པའི་བྱེད་སྒོའི་ཚོད་ལྟའི་ལས་དོན་བཞུགས་མོལ་ཚོགས་འདུ་དེ་སྤྱི་ལོ2008ལོའི་ཟླ2པའི་ཚེས28ཉིན་པེ་ཅིན་དུ་འཚོགས་པ་རེད།

རིགས་དབྱེ།  

ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་།

《ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང》ཞེས་པ་ནི་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་རྩོམ་པ་པོ་ནི་ཀུའོ་ཅན་ཉིང་ཡིན།

རིགས་དབྱེ།  

ཏང་གི་སྐབས་བཅུ་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྤྱི་ལོ2011ལོའི་ཟླ10བའི་ཚེས15ཉིན་ནས་ཚེས18ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཐེངས་འདིའི་གྲོས་ཚོགས་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་ཤིག་ཡིན།

རིགས་དབྱེ།  

འགོ་རྗེའི་གྲོས་ཚོགས།

སྐབས་དྲུག་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྤྱི་ལོ1935ལོའི་ཟླ9ཚེས12ཉིན་ཀན་སུའུ་ལྷོ་རྒྱུད་ཀྱི་ཐེ་བོ་རྫོང་གི་འགོ་རྗེ་རུ་རྒྱས་འཛོམས་གྲོས་ཚོགས་འཚོགས། ཀྲང་ཝུན་ཐེན་གྱིས་གྲོས་ཚོགས་དེ་གཙོ་སྐྱོང་གནང་།

རིགས་དབྱེ།  

ཟླ་གཉིས་པའི་གྲོས་ཚོགས།

ཏང་ཡོངས་ཀྱིས་མིག་སྔའི་གནས་བབ་ལ་ངོས་འཛིན་གཅིག་གྱུར་བྱེད་པ་དང་། ཀྲུང་གོའི་གསར་བརྗེའི་མཐོ་རླབས་གསར་བ་བསུ་བར་བསམ་བློ་དང་དངོས་པོའི་གྲ་སྒྲིག་ལེགས་པོ་བྱེད་ཆེད། ཀྲུང་གུང་ཀྲུང་དབྱང་གིས་སྤྱི་ལོ1947ལོའི་ཟླ2པའི་ཚེས1ཉིན་ཡན་ཨན་ཙའོ་ཡོན་དུ་ཆབ་སྲིད་ཅུའུ་ཡི་རྒྱས་འཛོམས་གྲོས་ཚོགས་འཚོགས་ཤིང་། གྲོས་ཚོགས་ཀྱི་བསྡུས་མིང་ལ“ཟླ་གཉིས་པའི་གྲོས་ཚོགས”ཟེར།

རིགས་དབྱེ།  

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ།

ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པ་ཡིན་ལ། སྤྱི་ལོ2022ལོའི་ཟླ3ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་པའི་སྟེང་ནས་སྤྱི་ལོ2022ལོའི་ཟླ3ཚེས10ཉིན་བར་པེ་ཅིང་གི་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་ཤིང་ཚོགས་ཡུན་ཉིན6རེད།

རིགས་དབྱེ།  

སྤྱི་ལོ2022ལོའི་ཙུང་ལིའི་གསར་འགོད་པའི་ཚོགས་འདུ།

སྤྱི་ལོ2022ལོའི་ཙུང་ལིའི་གསར་འགོད་པའི་ཚོགས་འདུ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁུ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པ་གྲོལ་རྗེས་སུ་ཞུགས་པའི་གསར་འགོད་པའི་ཚོགས་འདུ་ཞིག་རེད།

རིགས་དབྱེ།  

རྒྱལ་ཡོངས་ཀྱི་ཡི་གེ་བསྒྱུར་བཅོས་ཚོགས་འདུ།

​རྒྱལ་ཡོངས་ཀྱི་ཡི་གེ་བསྒྱུར་བཅོས་ཀྱི་གྲོས་ཚོགས་ཐེངས་དང་པོ་དེ་སློབ་གསོ་པུའུ་དང་ཀྲུང་གོའི་ཡི་གེ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་མཉམ་འབྲེལ་ཐོག་འཚོགས་པ་དང་། སྤྱི་ལོ1955ལོའི་ཟླ10པའི་ཚེས15ཉིན་ནས་ཚེས23ཉིན་བར་པེ་ཅིན་དུ་འཚོགས་པ་རེད། ཚོགས་ཞུགས་མི་སྣ་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས28དང་ཀྲུང་དབྱང་རིམ་པའི་ལས་ཁུངས་དང་། དཔུང་སྡེ། མི་དམངས་ཚོགས་པ་བཅས་ཀྱི་འཐུས་མི207ཡོད་པ་རེད།

རིགས་དབྱེ།  

ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྐོར་གྱི་བརྡ་ཐོ།

སྤྱི་ལོ2021ལོའི་ཟླ11པའི་ཚེས18ཉིན་ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཡོད།

རིགས་དབྱེ།  

ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས།

​ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བསྡུས་མིང་ལ“ཀྲུང་གུང་ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས”ཟེར་ཞིང་། དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་སྐོང་འཚོག་བྱ་རྒྱུ། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་དོན། ཏང་གི་མགོ་ཁྲིད་ལས་ཁུངས་མཐོ་ཤོས་ནི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེ་ལས་བདམས་ཐོན་བྱུང་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་ཡིན། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྲོལ་རྗེས་ཀྱི་རིང་ལ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཆོད་ལག་ལེན་བྱས་ནས་ཏང་གི་བྱ་བ་ཡོངས་ལ་མགོ་ཁྲིད་དང་། ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་ཚབ་བྱ་རྒྱུ།“ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས”ཀྱི་རྒྱུན་ལྡན་གྱི་གྲོས་རིམ་ནི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སྙན་ཞུར་ཉན་པ་དང་། ཏང་གི་གནད་དོན་གལ་ཆེན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་པ་སོགས་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ།

སྤྱི་ལོ1995ལོའི་ཟླ3པའི་ཚེས5ཉིན་ནས་ཚེས18ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས།

རིགས་དབྱེ།  

སྤྱི་ལོ2001ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས།

སྤྱི་ལོ2001ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་ཡིན་ལ། སྤྱི་ལོ2001ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ལོ2001ལོའི་ཟླ3པའི་ཚེས3ཉིན་ནས་ཚེས12ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་ནི་སྤྱི་ལོ2017ལོའི་ཟླ3པའི་ཚེས5ནས་ཚེས15ཉིན་བར་པེ་ཅིང་དུ་འཚོགས་པ་རེད།ཐེངས་དེའི་ཚོགས་ཆེན་ཟླ3པའི་ཚེས5ཉིན་གྱི་སྔ་དྲོར་མགོ་ཚུགས་པ་དང་ཚེས15ཉིན་གྱི་སྔ་དྲོར་གྲོལ། གྲོས་ཚོགས་དེར་གྲོས་རིམ་ཁག11ཡོད། འཆར་ཅན་དུ་གྲོས་ཞིབ་བྱེད་དགོས་པའི་སྲིད་གཞུང་གི་ལས་དོན་སྙན་ཞུ་སོགས་སྙན་ཞུ་དྲུག་བྱེད་དགོས་པ་ཕུད། ད་དུང་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་འཆར་ཟིན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་འདེམ་བསྐོ་དང་འབྲེལ་བ་ཡོད་པའི་གྲོས་གཞིར་གྲོས་ཞིབ་བྱས། ཚོགས་འདུ་འཚོག་སྐབས་མའེ་ཏི་ཡཱ་ལྟེ་གནས་སུ་གསར་འགོད་པའི་ཚོགས་འདུ་ཐེངས17བསྡུས། ཟླ3པའི་ཚེས15ཉིན་གྱི་སྔ་དྲོར་ཚོགས་ཆེན་མཇུག་འགྲིལ་རྗེས་ཙུང་ལི་ལི་ཁི་ཆང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་མཇལ་འཕྲད་གནང་།

རིགས་དབྱེ།  

སྤྱི་ལོ2002ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས།

སྤྱི་ལོ2002ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་ཚོགས་ཐེངས་ལྔ་པ་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་ལྔ་པ་སྤྱི་ལོ2002ལོའི་ཟླ3པའི་ཚེས5ཉིན་ནས་ཚེས15ཉིན་བར་པེ་ཅིང་དུ་འཚོགས་ཤིང་། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་གྲོས་ཚོགས་ཐེངས་ལྔ་པ་སྤྱི་ལོ2002ལོའི་ཟླ3པའི་ཚེས3ཉིན་ནས་ཚེས13ཉིན་བར་པེ་ཅིང་དུ་འཚོགས།

རིགས་དབྱེ།  

སྤྱི་ལོ2003ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས།

སྤྱི་ལོ2003ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོ་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོ་ཡིན་ལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོ་ནི་སྤྱི་ལོ2003ལོའི་ཟླ3པའི་ཚེས5ཉིན་པེ་ཅིང་དུ་འཚོགས་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་དང་པོ་སྤྱི་ལོ2003ལོའི3པའི་ཚེས3ཉིན་པེ་ཅིང་དུ་འཚོགས།

རིགས་དབྱེ།  

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བརྒྱད་པ་སྤྱི་ལོ2019ལོའི་ཟླ1པོའི་ཚེས29ནས་ཚེས30ཉིན་བར་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུ་དང་། བསྐོ་འཐེན་གྱི་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ།

རིགས་དབྱེ།  

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བདུན་པ།

སྤྱི་ལོ2018ལོའི་ཟླ12པའི་ཚེས23ཉིན་ནས་ཚེས29ཉིན་བར་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བདུན་པ་ནི། སྤྱི་ལོ2018ལོའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་མཐའ་མ་དེ་ཡིན་ཞིང་། དེར་གྲོས་རིམ་མང་ཞིང་ནང་དོན་གལ་འགངས་ཆེན་པོ་ཡོད།

རིགས་དབྱེ།  

སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

སྤྱི་ལོ2000ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གསུམ་པ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་སྐབས་དགུ་པའི་གྲོས་ཚོགས་ཐེངས་གསུམ་པར་ཟེར། སྤྱི་ལོ2000ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་གྲོས་ཚོགས་ཐེངས་གསུམ་པ་སྤྱི་ལོ2000ལོའི་ཟླ3པའི་ཚེས3ཉིན་པེ་ཅིང་དུ་འཚོགས་པ་རེད།

རིགས་དབྱེ།  

སྤྱི་ལོ1999ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

སྤྱི་ལོ1999ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པར་གོ། སྤྱི་ལོ1999ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་གྲོས་ཚོགས་ཐེངས་གཉིས་པ་སྤྱི་ལོ1999ལོའི་ཟླ3པའི་ཚེས3ཉིན་ནས་ཚེས12ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

རིགས་དབྱེ།  

སྤྱི་ལོ1998ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

སྤྱི་ལོ1998ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོར་གོ། སྤྱི་ལོ1998ལོའི་ཟླ3པའི་ཚེས5ཉིན་ནས་ཚེས19ཉིན་བར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་གྲོས་ཚོགས་ཐེངས་དང་པོ་སྤྱི་ལོ1998ལོའི་ཟླ3པའི་ཚེས3ཉིན་ནས་ཚེས14ཉིན་བར་པེ་ཅིང་དུ་འཚོགས་པ་རེད།

རིགས་དབྱེ།  

སྤྱི་ལོ1997ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

སྤྱི་ལོ1997ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པར་གོ། སྤྱི་ལོ1997ལོའི་ཟླ3པའི་ཚེས1ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་རེད། སྤྱི་ལོ1997ལོའི་ཟླ2པའི་ཚེས27ཉིན་ནས་ཟླ3པའི་ཚེས12ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་པ་རེད།

རིགས་དབྱེ།  

སྤྱི་ལོ1996ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

སྤྱི་ལོ1996ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པར་གོ། སྤྱི་ལོ1996ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ལོ1996ལོའི་ཟླ3པའི་ཚེས3ནས་ཚེས13ཉིན་བར་རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་བསྡུས།

རིགས་དབྱེ།  

སྤྱི་ལོ1995ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས།

སྤྱི་ལོ1995ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པར་གོ། སྤྱི་ལོ1995ལོའི་ཟླ3པའི་ཚེས5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། སྤྱི་ལོ1995ལོའི་ཟླ3པའི་ཚེས3ཉིན་རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ།(ཨང་ལྔ་པ)

སྤྱི་ལོ1983ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤེལ་བའི་ཡིག་ཆ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ(ཨང་ལྔ་པ)》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རིམ་བྱོན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་། དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལ་གཞིགས་ནས་མིང་རྟགས་བཀོད་པ་ཞིག་ཡིན་ལ། རྩ་ཁྲིམས་ཀྱི་ནུས་པ་ལས་ཆུང་བའི་བཀའ་རྒྱ་ཞིག་ཡིན།

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ།(ཨང་བཞི་པ)

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་རྒྱ(ཨང་བཞི་པ)》ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་རིམ་བྱོན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལྟར་མིང་རྟགས་བཀོད་པས་རྩ་ཁྲིམས་ཀྱི་ནུས་པ་ལས་ཆུང་བའི་བཀའ་རྒྱ་ཞིག་ཡིན།

རིགས་དབྱེ།