ཆབ་སྲིད་སྒྲིག་ལམ་གྱི་འབྱུང་ཁུངས།གནའ་སྔ་མོའི་མིའི་རིགས་ཀྱི་དུས་རབས་ནས་ཧྥ་རན་སིའི་གསར་བརྗེ་ཆེན་པོའི་བར།

《ཆབ་སྲིད་སྒྲིག་ལམ་གྱི་འབྱུང་ཁུངས། གནའ་སྔ་མོའི་མིའི་རིགས་ཀྱི་དུས་རབས་ནས་ཧྥ་རན་སིའི་གསར་བརྗེ་ཆེན་པོའི་བར》ཞེས་པ་ནི་ཀོང་ཞི་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི་ཧྥུའུ་ལང་ཞི་སི·ཧྥུའུ་ཧྲན་ཡིན།

རིགས་དབྱེ།  

ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཉམས་རྒུད།

《ཆབ་སྲིད་ཀྱི་སྒྲིག་ལམ་དང་ཆབ་སྲིད་ཉམས་རྒུད》ཞེས་པའི་རྩོམ་པ་པོ་ནི་ཧྥུའུ་ལང་ཞི་སི·ཧྥུའུ་ཧྲན་ཡིན་པ་དང་། བསྒྱུར་མཁན་མའོ་ཅུན་ཅེ་ཡིན། སྤྱི་ལོ2015ལོའི་ཟླ9པའི་ཚེས1ཉིན་ཀོང་ཞི་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།

རིགས་དབྱེ།  

འགྱུར་ལྡོག་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་སྒྲིག་ལམ།

《འགྱུར་ལྡོག་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་སྒྲིག་ལམ》ནི་སྤྱི་ལོ2017ལོའི་ཧྲང་ཧའེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་སའེ་མིའུ་ཨེར·P.ཧེང་ཐིང་ཏུན་ཡིན་པ་དང་། དེབ་འདིའི་ནང་གཙོ་བོ་སྤྱི་ཚོགས་འགྱུར་ལྡོག་ཁྲོད་ཀྱི་ཆབ་སྲིད་འཕེལ་རྒྱས་དང་གནས་པའི་གནད་དོན་འགྲེལ་བཤད་གནང་ཡོད།

རིགས་དབྱེ།  

རིག་གནས་བཙན་དབང་།

དེ་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་ཁྲོད་རིག་གནས་ཀྱིས་གཙོ་ཁྲིད་སྟོབས་ཤུགས་བྱས་ཏེ། རྒྱལ་ཁབ་གཞན་དག་ལ་མགོ་གནོན་བྱས་ནས་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་འབྱོར་ལྡན་གྲལ་རིམ་གྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་རིགས་ཤིག་ཡིན་ལ། བཙན་དབང་ཆབ་སྲིད་ཀྱི་མཆེད་སྐྱེ་རྫས་ཤིག་ཡིན།

རིགས་དབྱེ།  

ཁ་ལེ་ལི་ཨ་དང་ཧྥིན་ལན་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ།

དེ་ནི་སུའུ་ལེན་མནའ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡ་གྱལ་ཞིག་ཡིན་ཞིང་། སྤྱི་ལོ1940ལོའི་ཟླ3པའི་ཚེས31ཉིན་བཙུགས། སྤྱི་ལོ1956ལོའི་ཟླ7པའི་ཚེས16ཉིན། སུའུ་ལེན་གྱིས་ཁ་ལེ་ལི་ཨ་དང་ཧྥུན་ལན་གྱི་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་གཞི་མེད་པར་བཟོ་བ་ཁྱབ་བསྒྲགས་བྱས་པར་མ་ཟད། དེ་སྔར་གྱི་སྲིད་འཛིན་རིམ་པ་གཅིག་པའི་ཨུ་རུ་སུའི་སུའུ་ཝེ་ཨེད་རྒྱལ་ཕྲན་མཉམ་འབྲེལ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཏུ་བསྒྱུར་ཏེ། ཁ་ལེ་ལི་ཨ་སུའུ་ཝེ་ཨེད་སྤྱི་ཚོགས་རིང་ལུགས་རང་སྐྱོང་སྤྱི་མཐུན་རྒྱལ་ཁབ་ཅེས་པར་བསྒྱུར།

རིགས་དབྱེ།  

སི་ལ་ཧྥུའུ་ཤར་མའི་རྒྱལ་ཁབ་གསུམ།

དེ་ནི་སི་ལ་ཧྥུའུ་ཤར་མའི་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དང་། ཡུག་རེན། བྷེ་ཨུ་རུ་སུ་བཅས་ཀྱི་སྤྱི་མཐུན་རྒྱལ་ཁབ་ལ་ཟེར། སི་ལ་ཧྥུའུ་ཤར་མའི་རྒྱལ་ཁབ་གསུམ་ནི་ས་ཁམས་ཐོག་ཡོ་རོབ་ཤར་མའི་ཁོངས་སུ་གཏོགས།

རིགས་དབྱེ།  

རྒྱལ་སྤྱིའི་འབྲེལ་བ་གསར་བ།

རྒྱལ་སྤྱིའི་འབྲེལ་བ་གསར་བ་ནི་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན་། མཉམ་ལས་གཉིས་ཕན་ལྟེ་བ་ཡིན་པའི་རྒྱལ་སྤྱིའི་ཕྱི་འབྲེལ་ཐད་ཀྱི་རྩ་དོན་ཞིག་ལ་བྱ།

རིགས་དབྱེ།  

16+1མཉམ་ལས།

ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ16གི་འགོ་ཁྲིད་མི་སྣའི་མཇལ་འཕྲད་ལམ་སྲོལ་ཞིག་ཡིན་པས16+1མཉམ་ལས་ཟེར་བ་ཡིན་ལ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཡང་ཟེར། སྤྱི་ལོ2019ལོའི་ཟླ4ཚེས12ཉིན་ཀེ་རི་སེ་དངོས་གཞིའི་ཁོངས་མིའི་མིང་ཐོག་ནས16+1མཉམ་ལས་ནང་ཞུགས་ཤིང་། དེ་ནས་བཟུང་ལས་སྟེགས་དེ17+1མཉམ་ལས་སུ་གྱུར། ཡོ་རོབ་དབུས་ཤར་གྱི་རྒྱལ་ཁབ17ནི། ཕོ་ལན་དང་། ཅེ་ཁེ། སི་ལོ་ཝ་ཁེ། ཧང་ག་རི། སི་ལོ་ཝེན་ནི་ཡ། ཀོ་རོ་ཏི་ཡ། བྷོ་ཧེར་དང་། སར་པི་ཡ། ཧེ་ཧྲན། རོ་མ་ནི་ཡ། པུར་ཀ་རི་ཡ། ཨར་པ་ནི་ཡ། མ་ཁེ་ཐེན་བྱང་མ། ཨེ་སོ་ནི་ཡ། ལི་ཐུ་ཝན་ནི་ཡ། ལ་ཐེ་ཝེ་ཡ། ཀེ་རི་སེ་བཅས་ཡིན།

རིགས་དབྱེ།  

དཔེ་མཚོན་བཞི།

“དཔེ་མཚོན་བཞི”ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ2019ལོའི་ཟླ6ཚེས14ཉིན་ཅིར་ཅི་སི་སི་ཐན་གྱི་པི་ཧྲི་ཁེ་ཁི་ཧྲང་ཧེའེ་མཉམ་ལས་རྩ་འཛུགས་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྐབས་བཅུ་དགུ་བར་ཞུགས་ཏེ《 སེམས་ཤུགས་གཅིག་སྒྲིལ་དང་དམ་པ་དོན་གཉེར་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་བསྐྲུན》ཞེས་པའི་གཏམ་བཤད་ཁྲོད་བཏོན་པ་ཡིན།

རིགས་དབྱེ།  

ཆབ་སྲིད་རྟོན་རེས།

ཆབ་སྲིད་ཀྱི་ཁྱབ་ཁོངས་ནས་ཕན་ཚུན་ལ་ཡིད་ཆེས་བྱེད་པར་གོ་ཞིང་། ཆབ་སྲིད་འབྲེལ་འདྲིས་ཁྲོད་ཀྱི་རྩ་བའི་གནད་ཅིག་ཡིན།

རིགས་དབྱེ།  

ཆབ་སྲིད་བདེ་འཇགས།

ཆབ་སྲིད་བདེ་འཇགས་ཞེས་པ་ནི་ཆབ་སྲིད་བྱེད་པོས་ཆབ་སྲིད་འདུ་ཤེས་དང་། ཆབ་སྲིད་དགོས་མཁོ། ཆབ་སྲིད་ནང་དོན། ཆབ་སྲིད་བྱ་འགུལ་བཅས་ཀྱི་རྐྱེན་སྣ་ཚོགས་ཀྱི་གནོད་པ་དང་འཇིགས་སྐུལ་དང་བྲལ་བས་བདེ་འཇགས་ཀྱི་ཚུལ་ན་གནས་པའི་རྣམ་པ་ཞིག་ལ་བྱ།

རིགས་དབྱེ།  

ཏ་ཝོ་སི་གྲོས་རིམ།

འཛམ་གླིང་དཔལ་འབྱོར་གླེང་སྟེགས“ཏ་ཝོ་སི་གྲོས་རིམ”གླེང་མོལ་ཚོགས་འདུ་ཞེས་པ་སྤྱི་ལོ2021ལོའི་ཟླ1པོའི་ཚེས25ཉིན་བརྙན་ལམ་ནས་བསྡུས། སྤྱི་ལོ2021ལོའི“ཏ་ཝོ་སི་གྲོས་རིམ”ཡི་དགོངས་དོན་གཙོ་བོ་ནི་རྒྱལ་སྤྱིའི་འགོ་ཁྲིད་མི་སྣ་ཐུན་མོང་གིས“གནད་འགག་གི་ལོ་འདི་དམ་འཛིན་གྱིས། ཕྱོགས་སོ་སོའི་ཡིད་རྟོན་གསར་དུ་འཛུགས་རྒྱུ་དེ་ཡིན” ཉིན་ལྔའི་རིང་གི་ཏ་ཝོ་སི་གྲོས་རིམ་གྱིས་པྲོག་གསར་གློ་ཚད་རིམས་ནད་དང་། གནམ་གཤིས་འགྱུར་ལྡོག མཉམ་ལས་བཅས་བརྗོད་གཞི་ཆེན་མོ་གསུམ་གྱི་ཕྱོགས་ནས་གྲོས་ཁ་མཛད།

རིགས་དབྱེ།  

རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས།

《རྒྱལ་སྤྱིའི་འབྲེལ་བའི་རིགས་པའི་གཞུང་ལུགས》ནི་སྤྱི་ཚོགས་ཚན་རིག་ཡིག་ཚང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་དཔེ་དེབ་ཅིག་ཡིན་པ་དང་། རྩོམ་པ་པོ་ནི་ཏཱ་ལི་ཨའོ•པཱ་ཏི་སི་ཐུ་ལཱ(DarioBattistella)ཡིན།

རིགས་དབྱེ།  

ཡོ་རོབ་མནའ་འབྲེལ།

ཡོ་རོབ་མནའ་འབྲེལ་གྱིEurop ische Unionསྤྱི་ཁྱབ་པུའུ་པི་ལི་ཧྲིའི་རྒྱལ་ས་པུ་རུ་སེར(Brussels)བཙུགས་ཡོད་པ་དང་། དེ་ནི་ཡོ་རོབ་ཀྱི་ཐུན་མོང་ཚོགས་པ་འཕེལ་རྒྱས་བྱུང་བ་ཞིག་ཡིན་པ་དང་། ཐོག་མར་གསར་གཏོད་ཀྱི་རྒྱལ་ཁབ་དྲུག་ཡོད་པ་དེ་དག་ནི་འཇར་མན་དང་ཧྥ་རན་སེ། དབྱི་ཐ་ལི། ཧོ་ལན། པི་ལི་ཧྲི། ལུའུ་སེན་པོ་བཅས་ཡིན། དེང་སྐབས་ཚོགས་མིའི་རྒྱལ་ཁབ27ཡོད་པ་དང་། གཞུང་ཕྱོགས་ཀྱི་སྐད་རིགས24ཡོད། སྤྱི་ལོ1993ལོའི་ཟླ11པའི་ཚེས1ཉིན《མཱ་སི་ཐུ་ལི་ཧོ་ཐུ་ཆིངས་ཡིག》དངོས་སུ་གོ་ཆོད་བྱུང་བ་དང་། ཡོ་རོབ་མནའ་འབྲེལ་དངོས་སུ་དབུ་བརྙེས་པ་རེད། སྤྱི་ལོ2012ལོར་ཡོ་རོབ་མནའ་འབྲེལ་ལ་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་ཡོད།

རིགས་དབྱེ།  

ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས།

ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གསར་འགྱུར་ལྟེ་གནས་ནི་ཧྲའན་ཞི་ཞི་ཨན་དུ་ཡོད་པའི་གསར་འགྱུར་ལྟེ་གནས་ཤིག་ཡིན་པ་དང་། གསར་འགོད་པའི་གཞུང་ལས་མ་ཡིག་དང། ཐད་གཏོང་སྦྲེལ་མཐུད། བཅར་འདྲི་སྔོན་མངག གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་སོགས་ཀྱི་དགོས་མཁོ་སྣ་ཚོགས་སྐོང་ཐུབ།

རིགས་དབྱེ།  

ཀྲུང་གོ—ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གྲུབ་འབྲས་གསལ་ཐོ།

“ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ཀྱི་གྲུབ་འབྲས་གསལ་ཐོ”ནི་སྤྱི་ལོ2023ལོའི་ཟླ5པར་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ལྔ་པོས། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་ལ་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་བ་ཞིག་རེད།

རིགས་དབྱེ།  

རྒྱལ་སྤྱིའི་སྡོང་དམར་ནགས་ཚལ་ལྟེ་གནས།

དེ་ནི་གོ་ལ་ཧྲིལ་བོའི་སྡོང་དམར་ནགས་ཚལ་སྲུང་སྐྱོབ་སྤེལ་རེས་མཉམ་ལས་ལྟེ་གནས་ཐོག་མ་དེ་ཡིན་པ་དང་། ཆིངས་བཞག་རྒྱལ་ཁབ་ཁག་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་ལ་ཞབས་ཞུ་དང་རོགས་རམ་བྱེད་བཞིན་ཡོད།

རིགས་དབྱེ།