ཆབ་སྲིད་ཀྱི་འབྲེལ་བ།
སྤྱི་ཚོགས་ཀྱི་ཆབ་སྲིད་འབྲེལ་བ་ནི་རྒྱ་ཆེ་ལ་རྙོག་འཛིང་ལྡན་པའི་ཆབ་སྲིད་དྲ་བའི་མ་ལག་ཅིག་ཡིན་ཞིང་། རྙོག་འཛིང་མང་པོ་བསྣོལ་མར་སྡེབ་པ་ལས་ཆབ་སྲིད་ཀྱི་སྒྲོམ་རྒྱ་གྲུབ་པ་ཡིན། སྒྲོམ་རྒྱ་འདི་རུ་གྲལ་རིམ་གྱི་འབྲེལ་བ་དང་སྲིད་ཏང་འབྲེལ་བ། དམག་སྲིད་འབྲེལ་བ། ཀྲུང་དབྱང་དང་ས་ཁུལ་གྱི་འབྲེལ་བ། མི་སྒེར་དང་ཚོགས་པའི་འབྲེལ་བ། སྒེར་མི་དང་སྒེར་མིའི་བར་གྱི་འབྲེལ་བ། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བ་སོགས་ནི྇་ཆེས་གལ་ཆེ་བའི་འབྲེལ་བའི་རིགས་ཡིན།
ཆབ་སྲིད་འབྲེལ་བ་དེ་དཔལ་འབྱོར་འབྲེལ་བ་སོགས་གཞན་པའི་སྤྱི་ཚོགས་ཀྱི་འབྲེལ་བ་དང་བསྡུར་ན། ཁྱད་ཆོས་གསུམ་ལྡན་ཏེ།
(1) ཆབ་སྲིད་འབྲེལ་བ་ནི་ཆབ་སྲིད་གནས་བབ་མི་འདྲ་བའི་བར་གྱི་འབྲེལ་བ་དེ་ཡིན་ལ། འདི་ལྟ་བུའི་ཆབ་སྲིད་ཁོངས་གཏོགས་ནི་མི་ཡིན་ཏེ། དཔེར་ན། སྤྱི་དམངས་དང་ཆབ་སྲིད་རིག་པ་བ། སྲིད་གཞུང་དཔོན་རིགས་སོགས་ལས་གཞན། ད་དུང་ཚོགས་པ་ཡང་འདུ་སྟེ། དཔེར་ན། སྲིད་ཏང་དང་། ཆབ་སྲིད་ཚོགས་པ། སྲིད་གཞུང་ལས་ཁུངས། རྒྱལ་ཁབ་སོགས་ཡིན།
(2) ཆབ་སྲིད་འབྲེལ་བ་ནི་ཆབ་སྲིད་འཚོ་བའི་ཁྲོད་དུ་མི་སྒེར་དང་ཚོགས་པའི་འབྲེལ་བ་གྲུབ་པ་ཞིག་ཡིན་ཞིང་། སྤྱི་ཚོགས་ཆབ་སྲིད་འཚོ་བའི་ཕན་ཆད་དུ་བྱུང་བའི་འབྲེལ་བ་ཡོད་ཚད་ནི་ཆབ་སྲིད་ཀྱི་འབྲེལ་བ་མིན། རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ཡང་དེ་ལས་མ་འདས་སོ། ། དཔེར་ན། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཚོང་ཟོང་བརྗེ་རེས་ནི་ཆབ་སྲིད་འབྲེལ་བ་མ་ཡིན་པར། དེ་ནི་དཔལ་འབྱོར་འབྲེལ་བ་ཡིན།
(3) ཆབ་སྲིད་འབྲེལ་བ་འབྱུང་བའི་ཐད་ཀའི་སྒུལ་རྐྱེན་ནི་འདི་དང་དེ་ལྟ་བུའི་ཆབ་སྲིད་ཀྱི་ཁེ་ཕན་དེ་ཡིན་ནོ། །
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2015-11-10
གསར་སྤེལ་མཁན། :གངསསྨྱུག་སྲས།