སྤྱི་ལ་དབང་བའི་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལ་དབང་བའི་ལམ་ལུགས་ནི་སྒེར་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ལམ་ལུགས་ལྟོས་འཇོག་གིས་གྲུབ་པ་ཞིག་ཡིན་ཞིང་། འདི་ལྟ་བུའི་ལམ་ལུགས་སུ་ཐོན་སྐྱེད་རྒྱུ་ཆ་དབང་བའི་ལམ་ལུགས་མི་མངོན་ཞིང་། ཐོན་སྐྱེད་རྒྱུ་ཆ་གཞན་ལ་མི་དབང་བའི་བདག་བཟུང་ལག་བསྟར་མི་བྱེད་པ་ཞིག་ཡིན། མིག་སྔར་ཀྲུང་གོའི་སྤྱི་ཚོགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་མཚོན་ཚུལ་རྣམ་པ་དེ་སྤྱིར་བཏང་དུ་རྒྱལ་ཁབ་ལ་དབང་བ་དང་ཐུན་མོང་ལ་དབང་བ་བ་སྟེ་རིགས་གཉིས་སུ་དབྱེ་ཆོག་པར་ངོས་འཛིན་བྱེད་ཀྱི་ཡོད།
1 གོ་གནས།

རྒྱལ་ཡོངས་ལ་མཚོན་ན། སྤྱི་ལ་དབང་བའི་རྒྱུ་ནོར་གྱིས་སྤྱི་ཚོགས་ཀྱི་རྒྱུ་ནོར་སྤྱིའི་ཁྲོད་དུ་གོ་གནས་གལ་ཆེ་ཤོས་དེ་བཟུང་ཡོད། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱིས་རྒྱལ་དམངས་ཀྱི་འཚོ་བའི་ལས་དབང་ལ་ཁ་ལོ་བསྒྱུར་བཞིན་ཡོད་ཅིང་། དེས་དཔལ་འབྱོར་འཕེལ་རྒྱས་ལ་གཙོ་ཁྲིད་ཀྱི་བྱེད་ནུས་འདོན་བཞིན་ཡོད། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱི་གཙོ་ཁྲིད་བྱེད་ནུས་དེ་གཙོ་བོ། ཚོད་འཛིན་གྱི་ནུས་པའི་སྟེང་མངོན་གྱི་ཡོད་ཏེ། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཚོད་འཛིན་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་སྤྱིའི་འགྲོ་ཕྱོགས་ལ་ཚོད་འཛིན་བྱེད་པ། དཀོན་པའི་ཐོན་ཁུངས་གལ་ཆེན་ཚོད་འཛིན་བྱེད་པའི་ནུས་པ་བཅས་ཀྱི་སྟེང་ནས་མངོན་ཡོད། རྒྱལ་དམངས་དཔལ་འབྱོར་གྱི་འབྲེལ་ཡོད་ལས་རིགས་དང་གནད་འགག་གི་ཁྱབ་ཁོངས་བཅས་ཀྱི་ཁྲོད་དུ། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱིས་ངེས་པར་དུ་གཙོ་ཁྲིད་ཀྱི་ནུས་པ་འདོན་དགོས།

ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་ལམ་ལུགས་ཞེས་པ་ནི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་གྱི་ཁྱད་རྟགས་གཙོ་བོ་ཡིན་ལ། དེ་ནི་སྤྱི་ཚོགས་རིང་ལུགས་དཔལ་འབྱོར་ལམ་ལུགས་ཀྱི་རྨང་གཞི་དང་། དཔལ་འབྱོར་སྐུལ་སྤེལ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྩ་བའི་སྟོབས་ཤུགས། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་ཕྱུག་འགྱུར་གྱི་གལ་ཆེའི་འགན་ལེན་དེ་ཡིན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གཙོ་གཞི་རྒྱུན་འཁྱོངས་དང་། རྒྱལ་ཁབ་ལ་དབང་བའི་དཔལ་འབྱོར་གྱིས་རྒྱལ་དམངས་དཔལ་འབྱོར་གྱི་གནས་བབ་ལ་ཁ་ལོ་བསྒྱུར་བ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་སྔོག་འདོན། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། རྒྱལ་སྲུང་སྟོབས་ཤུགས། མི་རིགས་གཅིག་སྡུད་ཀྱི་ནུས་པ་སོགས་ཇེ་ཆེར་གཏོང་བ། རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གོ་གནས་མཐོར་རུ་གཏོང་བ་བཅས་ལ་གནད་འགག་རང་བཞིན་གྱི་བྱེད་ནུས་ཐོན་ཡོད།

2 དོན་སྙིང་།

(1) ཚང་མས་ཤེས་གསལ་ལྟར། ཀྲུང་གོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཞིང་། ལམ་ལུགས་ནི་སྤྱི་ལ་དབང་བའི་ལམ་ལུགས་ནི་གཙོ་གཞི་ཡིན་པ་དང་། རྒྱལ་ཡོངས་མི་དམངས་ལ་རྒྱལ་ཁབ་ཐུན་མོང་ལ་མངའ་བའི་རྒྱུ་ནོར་གྱི་བདག་དབང་ཡོད། དེར་རྒྱལ་ཁབ་ལ་དབང་བའི་ཁེ་ལས་འབོར་ཆེན་དང་རྒྱལ་ཡོངས་ལ་དབང་བའི་ས་ཞིང་དང་རྒྱུ་ནོར་སོགས་འདུ་བ་ཡིན།

(2) སྤྱི་དབང་བའི་ལམ་ལུགས་དེ་རིགས་གཉིས་སུ་དབྱེ་ཡོད་དེ། དམངས་ཡོངས་ལ་དབང་བའི་ལམ་ལུགས་དང་རྒྱལ་དམངས་ཐུན་མོང་ལ་དབང་བའི་ལམ་ལུགས་གཉིས་ཡིན།

(3) དམངས་ཡོངས་ལ་དབང་བའི་ལམ་ལུགས་ནི་རྙོག་འཛིང་ལྡན་པ་ཞིག་ཡིན་ཞིང་། བགོ་འགྲེམ་བྱ་ཐབས་གཏན་འབེབ་བྱ་དཀའ་བ་ཞིག་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།