ཆབ་སྲིད་ཚོགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆབ་སྲིད་ཚོགས་པ་ནི་སྲིད་ཏང་དང་རྒྱལ་ཁབ་ལས་ཁུངས་སོགས་དང་ཁྱད་པར་ཡོད་པ་ཞིག་ཡིན་ཞིང་། དམིགས་ཡུལ་ལྡན་པའི་ངང་ཆབ་སྲིད་སྒྲིག་རིམ་དང་སྲིད་གཞུང་གི་ཐབས་ཇུས་ལ་ཤན་ཤུགས་བཟོ་བའི་སྤྱི་ཚོགས་ཁེ་ཕན་ལ་དམིགས་པའི་ཚོགས་པ་ཞིག་ཡིན། ཆེད་བཙུགས་སྡེ་ཚོགས་ཀྱི་ཁེ་ཕན་འཐུས་ཚབ་ནི། ཆབ་སྲིད་ཚོགས་གནས་པའི་རྨང་གཞི་དང་། ཆབ་སྲིད་སྒྲིག་རིམ་ལ་ཚབ་ཞུགས་དང་ཤན་ཤུགས་བཟོ་བ་ཞིག་ཡིན། དེ་ཡི་ལས་འགན་གཙོ་བོ་ནི། ཁྲིམས་ལུགས་དང་སྲིད་ཇུས་གྱི་སྒྲིག་གཏན་ལ་ཤན་ཤུགས་བཟོས་པ་བརྒྱུད་ཚོགས་པའི་ཁེ་ཕན་མངོན་འགྱུར་བྱེད་པ་དེ་ཡིན་ལ། དེ་ནི་ཆབ་སྲིད་ཚོགས་པའི་རྨང་གཞིའི་ཆབ་སྲིད་ཀྱི་རང་བཞིན་དེ་ཡིན།
1 བརྡ་འགྲེལ།

2 ཁྱད་ཆོས།

(1) ཆབ་སྲིད་ཚོགས་པའི་སྤྱི་ཚོགས་ཀྱི་རྨང་གཞི་ནི། ལྟོས་འཇོག་གིས་བྱེ་བྲག་དང་། གཅིག་བསྡུས། གཅིག་རྐྱང་བཅས་ཀྱི་ཁེ་ཕན་དང་དམིགས་ཡུལ་ལྡན་པ་ཞིག་ཡིན།

(2) ཆབ་སྲིད་ཚོགས་པ་འཛུགས་པའི་དམིགས་ཡུལ་ནི། ཁྲིམས་འཛུགས་དང་སྲིད་ཇུས་ཀྱི་གཏན་འབེབ་ལ་ཤན་ཤུགས་བཟོ་བ་དེ་ཡིན།

(3) སྲིད་གཞུང་རྩ་འཛུགས་མ་ཡིན་པའི་ངོས་ནས། ཆབ་སྲིད་ཚོགས་པ་ནི་སྤྱི་ཚོགས་འཚོགས་པའི་ཁྱབ་ཁོངས་སུ་གཏོགས་པ་ཡིན།

3 བྱེད་ནུས་དང་གོ་ཐོབ།

ཆབ་སྲིད་ཚོགས་པའི་དེང་རབས་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་གོ་གནས་དང་བྱེད་ནུས་ནི་གཙོ་བོ། གཤམ་གྱི་ཕྱོགས་འགའ་ལས་མཚོན་ཐུབ་སྟེ།

(1) ཆབ་སྲིད་ཚོགས་པ་ནི་སྤྱི་དམངས་ཆབ་སྲིད་དུ་ཐེ་ཞུགས་བྱེད་པའི་ལག་ཆ་ཞིག་ཡིན།

(2) ཆབ་སྲིད་ཚོགས་པ་ནི་ཆབ་སྲིད་སྤྱི་ཚོགས་ཅན་གྱི་ནུས་ལྡན་གྱི་སྨྱན་རྫས་གསར་བ་ཞིག་ཡིན།

(3) ཆབ་སྲིད་ཚོགས་པ་དེ་ཆབ་སྲིད་དབང་སྒྱུར་དང་ཆབ་སྲིད་དོ་དམ། ཆབ་སྲིད་གཏན་འཇགས་བཅས་ལ་འབྲེལ་བ་ཟབ་མོ་ཡོད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།