སྒེར་དབང་ལམ་ལུགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྒེར་དབང་ལམ་ལུགས་ལ་དབང་བའི་ལམ་ལུགས་ཀྱང་ཟེར་ཞིང་། དེ་ནི་སྤྱི་དབང་ལམ་ལུགས་ཀྱི་ལྟོས་ཟླར་གྱུར་བའི་དཔལ་འབྱོར་ལམ་ལུགས་ཤིག་ཡིན། འདི་ལྟ་བུའི་ལམ་ལུགས་སུ་ཐོན་སྐྱེད་རྒྱུ་ཆ་མི་སྒེར་གྱིས་བེད་སྤྱོད་གཏོང་བའམ་ཡང་ན་ཐུན་མོང་གཞན་འཕུད་ཀྱིས་བདག་བཟུང་བྱེད་པ་ཞིག་ཡིན། སྒེར་དབང་ལམ་ལུགས་ནི་སྤྱི་ཚོགས (བྲན་གཡོག་སྤྱི་ཚོགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས། མ་རྩ་རིང་ལུགས་སྤྱི་ཚོགས། ཁྱད་དབང་རིང་ལུགས། དབང་སྡོམ་སྤྱི་ཚོགས་བཅས་ཀྱིས་མཚོན་པ་ཡིན) ལ་བཤུ་གཞོག་བྱེད་པའི་རྩ་བའི་མཚོན་རྟགས་རིགས་ཤིག་ཡིན།
1 ལྟ་ཚུལ།

སྒེར་དབང་ལམ་ལུགས་ནི་སྤྱི་ཚོགས་ལ་བཤུ་གཞོག་བྱེད་པའི་རྩ་བའི་མཚོན་རྟགས་རིགས་ཤིག་ཡིན། ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ནི་སྒེར་དབང་ལམ་ལུགས་བྱུང་བའི་ཆེས་རྩ་བར་གྱུར་བའི་རྒྱུ་རྐྱེན་དེ་ཡིན།

གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ།ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་སྟེ། ལྕགས་རིགས་ཀྱི་ལག་ཆ་དང་། ས་ཞིང་གླང་རྨོད་སོགས་ཐོན་སྐྱེད་རྒྱུ་ཆ་གསར་བའི་ལག་ཆ་དང་ཡང་ན་ཐབས་ལམ་གསར་འདོན་གྱིས། ལྟོས་འཇོག་གི་ཐོན་རྫས་ལྷག་མ་བྱུང་བར་ཐད་ཀར་སྐུལ་སྤེལ་ཐེབས་ཏེ། ཐོན་རྫས་ལྷག་མའི་བགོ་འགྲེམ་འདྲ་མཉམ་མ་བྱུང་བ་ནི་སྒེར་དབང་ལམ་ལུགས་ཀྱི་ཐོག་མའི་རྣམ་པ་དེ་ཡིན།

2 དཔེ་མཚོན་གནས་ཚུལ།

དེང་རབས་ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་སྟེང་གི་གདན་མའི་མི་རིགས་ལ་རྟོགས་དཔྱོད་བྱས་པར་གཞིགས་ན། མི་རིགས་དེ་དག་ལ་ལྕགས་རིགས་ཀྱི་ལག་ཆ་དང་ས་ཞིང་གླང་རྨོད་སོགས་ཀྱི་ཐོན་སྐྱེད་ཐབས་ལམ་མེད་ལ། ཐོན་རྫས་ལྷག་མ་ཡང་མེད་པར། སྒེར་དབང་ལམ་ལུགས་མངོན་དུ་བྱ་བ་ཞིག་ཡིན། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2015-11-10

གསར་སྤེལ་མཁན། :གངསསྨྱུག་སྲས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།