ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >མཐུན་ཚོགས།

ཀྲུང་གོ་ནང་བསྟན་མཐུན་ཚོགས།

ཀྲུང་གོ་ནང་བསྟན་མཐུན་ཚོགས་ནི་ཀྲུང་གོའི་མི་རིགས་སོ་སོའི་ནང་བསྟན་སློབ་མ་རྣམས་མཉམ་འབྲེལ་བྱས་པའི་རྒྱལ་གཅེས་ཚོགས་པ་དང་སློབ་དོན་རྩ་འཛུགས་ཤིག་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་མི་རིགས་སོ་སོའི་ནང་བསྟན་སློབ་མ་རྣམས་མཐུན་སྒྲིལ་གྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ནང་དུ་ཞུགས་པ་དང་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པ། ནང་བསྟན་རིག་པའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ནང་བསྟན་རིག་གནས་སྲུང་སྐྱོང་དང་ལེགས་སྒྲིག་བྱེད་པ། ནང་བསྟན་གྱི་དགོན་པ་དང་མཛེས་ལྗོངས་སོགས་ཞིག་གསོ་བྱེད་པ་སོགས་ཡིན།

རིགས་དབྱེ།  

ཀྲུང་གོ་མི་འབོར་མཐུན་ཚོགས།

ཀྲུང་གོ་མི་འབོར་མཐུན་ཚོགས་ནི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཁྱབ་ཁོངས་ཀྱི་དོ་དམ་སྡེ་ཁག་དང་ལག་རྩལ་ཞབས་ཞུ་སྡེ་ཁག ཆེད་ལས་མཁས་པ། ལག་རྩལ་མི་སྣ། ཤེས་ལྡན་མི་སྣ་དང་འབྲེལ་ཡོད་ལས་རིགས་ཀྱི་མི་སྣ་རང་འཐད་ཀྱིས་ནང་དུ་ཞུགས་ནས་གྲུབ་པ་མ་ཟད། མི་འབོར་དང་འཆར་ལྡན་བུ་སྐྱེས་ཚན་རྩལ་བརྗེ་རེས་ཀྱི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། མཐུན་ཚོགས་ཀྱིས་མི་འབོར་གྱི་སྤུས་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ་སློབ་གསོ་བརྗེ་རེས་དང་རྣམ་གྲངས་མཉམ་ལས་སོགས་ཀྱི་བྱེད་སྒོ་གང་མང་སྤེལ་ནས་རང་རྒྱལ་གྱི་འཆར་ལྡན་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་ཡིན།

རིགས་དབྱེ།  

ཀྲུང་གོ་པར་ལེན་མཐུན་ཚོགས།

ཀྲུང་གོ་པར་ལེན་མཐུན་ཚོགས་ནི་སྤྱི་ལོ1956ལོའི་ཟླ12པར་གསར་འཛུགས་བྱས་པ་དང་དེ་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་སྟེང་རྒྱལ་ཡོངས་རང་བཞིན་གྱི་པར་ལེན་རྩ་འཛུགས་ཐོག་མ་ཡིན་ཞིང་། དེ་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་མཛད་ནས་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་པར་ལེན་མཁན་གྱིས་གྲུབ་པའི་ཆེད་ལས་རང་བཞིན་གྱི་ཚོགས་པ་ཞིག་ཡིན། དེ་ནི་ཀྲུང་གོའི་པར་ལེན་ལས་དོན་དར་རྒྱས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་འཛུགས་སྐྲུན་བྱེད་པའི་ནུས་ཤུགས་གཙོ་བོ་ཞིག་ཀྱང་ཡིན།

རིགས་དབྱེ།  

པེ་ཅིང་གསར་གཏོད་མཐུན་ཚོགས།

པེ་ཅིང་གསར་གཏོད་མཐུན་ཚོགས་ནི་པེ་ཅིང་གྲོང་ཁྱེར་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་དབུ་ཁྲིད་འོག་གི་པེ་ཅིང་ས་ཁུལ་གྱི་གསར་གཏོད་པ་དང་གསར་གཏོད་ཀྱི་བྱ་བ་གཉེར་བའི་འབྲེལ་ཡོད་ཀྱི་མི་སྣ། ཚོགས་པ་དང་རྩ་འཛུགས་བཅས་ཀྲུང་གོ་གསར་གཏོད་མཐུན་ཚོགས་ཀྱི་ཚོགས་པའི་ཚོགས་མི་ཡིན་ཞིང་། པེ་ཅིང་གྲོང་ཁྱེར་ཚོགས་པའི་སྲིད་འཛིན་གཙོ་གཉེར་ལས་ཁུངས་ཀྱིས་ཆོག་མཆན་གནང་ནས་གཞུང་སར་ཐོ་འགོད་བྱས་པའི་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ཡིན།

རིགས་དབྱེ།  

ཀྲུང་གོ་མཚོ་འགྲུལ་སློབ་ཚོགས།

ཀྲུང་གོ་མཚོ་འགྲུལ་སློབ་ཚོགས་ནི་མཚོ་འགྲུལ་ཚན་རྩལ་གྱི་བྱ་བ་གཉེར་མཁན་དང་འགྲིམ་འགྲུལ། མཚོ་དམག རྒྱ་མཚོ། ཉ་ལས་མ་ལག་ཁྲོད་ཀྱི་འབྲེལ་ཡོད་ཀྱི་ལས་ཁུངས་རྣམས་རང་འཐད་ཀྱིས་གྲུབ་པ་དང་ཁྲིམས་མཐུན་ལུགས་མཐུན་གྱིས་ཐོ་འགོད་གསར་འཛུགས་བྱས་པའི་སྤྱི་ཕན་རང་བཞིན་ལྡན་པ་དང་རིག་གཞུང་རང་བཞིན་ལྡན་པའི་ཁྲིམས་མིའི་སྤྱི་ཚོགས་ཚོགས་པ་ཞིག་ཡིན་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཟུར་རྟེན་བྱེད་པ་དང་ལས་སྒོའི་གཙོ་བདག་ནི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཡིན། སློབ་ཚོགས་འདི་སྤྱི་ལོ1988ལོར་རྒྱལ་སྤྱིའི་མཚོ་འགྲུལ་སློབ་ཚོགས་མཉམ་འབྲེལ་ཚོགས་པ་རུ་ཞུགས་པ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ས་ཁུལ་སོགས་སུ་ས་གནས་མཚོ་འགྲུལ་སློབ་ཚོགས་ཀྱི་རྩ་འཛུགས་ཉེར་གཉིས་ཡོད།

རིགས་དབྱེ།  

ཚན་རྩལ་མཐུན་ཚོགས།

ཚན་རྩལ་མཐུན་ཚོགས་ནི་ཚན་རིག་ལག་རྩལ་བྱ་བ་བསྒྲུབ་མཁན་གྱི་མང་ཚོགས་རྩ་འཛུགས་ཡིན། དེས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། དེ་བཞིན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་ཞིང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། མཐུན་སྒྲིལ་དང་སྐུལ་སློང་གིས་ཚན་རིག་ལག་རྩལ་བྱ་བ་བསྒྲུབ་མཁན་གྱིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་སློབ་གསོ་ཡིས་རྒྱལ་ཁབ་ཇེ་དར་དུ་གཏོང་བའི་ཐབས་ཇུས་དང་ཤེས་ལྡན་མི་སྣས་རྒྱལ་ཁབ་ཇེ་དྲག་ཏུ་གཏོང་བའི་ཐབས་ཇུས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ཇུས་སོགས་ལག་བསྟར་བྱས་ནས་གསར་གཏོད་རང་བཞིན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཚན་རིག་ཁྱབ་སྤེལ་བྱ་བའི་རབ་འབྱམས་པ་གསོ་སྦྱོང་བྱས་ཏེ་སྟོབས་ཤུགས་འབུལ་བ་ཡིན།

རིགས་དབྱེ།  

ཀྲུང་གོ་རོལ་མོ་བའི་མཐུན་ཚོགས།

ཀྲུང་གོ་རོལ་མོ་བའི་མཐུན་ཚོགས་ནི་རྒྱལ་ཡོངས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་རོལ་མོ་བའི་རྩ་འཛུགས་དང་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་དང་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་རོལ་མོ་བས་གྲུབ་པའི་ཆེད་ལས་རང་བཞིན་གྱི་མི་དམངས་ཚོགས་པ་ཞིག་ཡིན་ཞིང་། དེ་ནི་ཏང་དང་སྲིད་གཞུང་གིས་རྒྱ་ཆེ་རོལ་མོ་བ་དང་རོལ་མོའི་བྱ་བ་གཉེར་མཁན་ལ་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་རོལ་མོའི་ལས་དོན་འཕེལ་རྒྱས་གཏོང་བའི་ནུས་པ་གཙོ་བོ་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངའ་འོག་གིIMCཡི་ཁོངས་མི་གཅིག་ཡིན། སྤྱི་ལོ1949ལོའི་ཟླ་བདུན་པར་ཚོགས་པ་བཙུགས་པ་དང་མིང་ལ་ཀྲུང་ཧྭ་རྒྱལ་ཡོངས་རོལ་མོའི་བྱ་བ་བྱེད་པའི་མཐུན་ཚོགས་ཟེར་ཞིང་། ལས་ཐོག་ཀྲུའུ་ཞི་ཐོག་མ་ནི་རོལ་མོ་བ་ལུའི་ཅི་ཡིན།

རིགས་དབྱེ།  

ཀྲུང་གོ་རྒྱལ་བུན་མཐུན་ཚོགས།

ཀྲུང་གོ་རྒྱལ་བུན་མཐུན་ཚོགས་ནི་སྤྱི་ལོ1991ལོའི་ཟླ་བརྒྱད་པར་གསར་འཛུགས་བྱས་པ་དང་། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནོར་སྲིད་པུའུ་དང་། སྤྱི་ཚོགས་ཚོགས་པ་ཐོ་འགོད་དོ་དམ་ལས་ཁུངས་ཀྱི་ཆོག་མཆན་དང་ཐོ་འགོད་བྱས་པས་རྒྱལ་ཁབ་ཀྱི་བུན་འཛིན་ལས་རིགས་རང་གཅུན་རང་བཞིན་ལྡན་པའི་དོ་དམ་རྩ་འཛུགས་ཤིག་ཡིན་ཞིང་། ཁེ་བཟང་འཚོལ་བར་མི་དམིགས་པའི་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ཡིན།

རིགས་དབྱེ།  

ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས།

ཀྲུང་གོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ནི་སྤྱི་ལོ1981ལོའི་ཟླ9པར་གསར་འཛུགས་བྱས་ཤིང་། དེ་ནི་ཀྲུང་གོའི་ཚོགས་པ་སོ་སོ་དང་། སྲིད་ཏང་དང་ཕྱོགས་སོ་སོའི་ཤེས་ལྡན་མི་སྣ། མཁས་པ་སོགས་ཀྱིས་གྲུབ་པ་ཡིན་ལ། དེས་ཀྲུང་མོ་མི་དམངས་དང་འཛམ་གླིང་མི་དམངས་བར་གྱི་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་མཉམ་འབྲེལ་གྱི་འབྲེལ་བ་གོང་སྤེལ་དང་། འཛམ་གླིང་ཞེ་བདེ་ལ་སྲུང་སྐྱོང་དང་མཉམ་པོར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པ་དགོངས་དོན་དུ་འཛིན་པ། འཛམ་གླིང་གིས་ཀྲུང་གོར་རྒྱུས་མངའ་ལོན་པ་དང་ཀྲུང་གོས་འཛམ་གླིང་ལ་རྒྱུས་མངའ་ལོན་པ་དམིགས་ཡུལ་དུ་བཟུང་ནས། ཕྱི་ལ་དམངས་ཁྲོད་སྤེལ་རེས་དང་ཁ་བརྡའི་བྱ་འགུལ་ཁྱབ་ཆེ་བའི་ངང་ཧུར་ཐག་གིས་སྤེལ་བ་ཡིན། དེ་ནི་མང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་ལ། དམངས་ཁྲོད་ཕྱི་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།

རིགས་དབྱེ།  

ལས་རིགས་མཐུན་ཚོགས།

ལས་རིགས་མཐུན་ཚོགས་ནི་སྲིད་གཞུང་དང་ཁེ་ལས་བར། ཚོང་ཟོག་ཐོན་སྐྱེད་བྱེད་མཁན་དང་གཉེར་སྐྱོང་བྱེད་མཁན་གྱི་བར་ཞབས་ཞུ་དང་བློ་འདྲི་བ། འབྲེལ་ལམ་འཛུགས་པ། ལྟ་སྐུལ་དང་དྲང་བདེན་སོགས་ཀྱི་སྤྱི་ཚོགས་མཚམས་སྦྱོར་གྱི་རྩ་འཛུགས་ཤིག་ཡིན། ལས་རིགས་མཐུན་ཚོགས་ནི་དམངས་ཁྲོད་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན་ཞིང་། དེ་སྲིད་གཞུང་གི་དོ་དམ་རྩ་འཛུགས་ཀྱི་ཁོངས་སུ་མི་གཏོགས་པར་སྲིད་གཞུང་དང་ཁེ་ལས་བར་གྱི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཡིན། ལས་རིགས་མཐུན་ཚོགས་ནི་ཀྲུང་གོའི《དམངས་དོན་བཅའ་ཁྲིམས》ཀྱིས་ཐག་བཅད་པའི་སྤྱི་ཚོགས་ཚོགས་པའི་ཁྲིམས་མིའི་ཁོངས་སུ་གཏོགས་ཤིང་། དེ་ནི་ཀྲུང་གོའི་དམངས་ཁྲོད་རྩ་འཛུགས་ཀྱི་སྤྱི་ཚོགས་ཚོགས་པའི་རིགས་ཤིག་ཡིན་ལ། རྒྱལ་སྤྱིའི་ཐོག་གཅིག་གྱུར་གྱིས་འབོད་པའི་སྲིད་གཞུང་རང་བཞིན་མ་ཡིན་པའི་ལས་ཁུངས་ཡིན་པ་དང་། ཁེ་བཟང་འཚོལ་བ་མིན་པའི་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པ་ཡིན།

རིགས་དབྱེ།  

ཀྲུང་གོ་ལོ་ཙཱ་བའི་མཐུན་ཚོགས།

ཀྲུང་གོ་ལོ་ཙཱ་བའི་མཐུན་ཚོགས་ནི་སྤྱི་ལོ1982ལོར་གསར་འཛུགས་བྱས་པ་དང་རྒྱལ་ཡོངས་དང་ལོ་ཙཱའི་བྱ་བ་དང་འབྲེལ་ཡོད་ཀྱི་སྡེ་ཁག ཁེ་ལས་དང་ལས་དོན་སྡེ་ཁག སྤྱི་ཚོགས་ཚོགས་པ་དང་མི་སྒེར་གྱིས་རང་དབང་རང་འཐད་སྒོས་གྲུབ་པའི་རིག་གཞུང་རང་བཞིན་དང་ལས་རིགས་རང་བཞིན་གྱི་ཁེ་བཟང་འཚོལ་བ་མ་ཡིན་པའི་རྩ་འཛུགས་ཤིག་ཡིན་ཞིང་། ལོ་ཙཱའི་ཁྱབ་ཁོངས་ཁྲོད་རྒྱལ་ཡོངས་རང་བཞིན་གྱི་སྤྱི་ཚོགས་ཚོགས་པ་གཅིག་པུ་ཡིན།

རིགས་དབྱེ།  

ཀྲུང་གོ་ལོང་བའི་མཐུན་ཚོགས།

ཀྲུང་གོ་ལོང་བའི་མཐུན་ཚོགས་ནི་རྒྱལ་ཡོངས་དམུས་ལོང་དང་དམུས་ལོང་བྱ་བར་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཚོགས་པ། ཁེ་ལས་དང་ལས་དོན་ལས་རིགས། མི་སྒེར་སོགས་ཀྱིས་རང་འཐད་ཀྱིས་གྲུབ་པའི་ཁེ་བཟང་འཚོལ་བ་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་ཞིང་། ཀྲུང་གོ་དབང་བོ་སྐྱོན་ཅན་གྱི་མཉམ་འབྲེལ་ཚོགས་པའི་ཆེད་དམིགས་མཐུན་ཚོགས་ཤིག་ཡིན། ཀྲུང་གོ་ལོང་བའི་མཐུན་ཚོགས་དེ་སྔ་ཀྲུང་གོ་ལོང་བའི་ཕན་བདེ་ཁང་ཡིན་པ་དང་། དེ་སྤྱི་ལོ1953ལོར་གསར་འཛུགས་བྱས། སྤྱི་ལོ2006ལོའི་ཟླ12པར། དམངས་སྲིད་པུའུ་ཡིས་ཆོག་མཆན་བཀོད་ནས་ཀྲུང་གོ་ལོང་བའི་མཐུན་ཚོགས་དངོས་སུ་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ལས་ཁུངས་སུ་གྱུར་པ་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས།

རྒྱལ་སྤྱིའི་ཞིང་ལས་དཔལ་འབྱོར་རིག་པ་བའི་མཐུན་ཚོགས་ནི་ཞིང་ལས་དཔལ་འབྱོར་ཐད་ཀྱི་རྒྱལ་སྤྱིའི་རིག་གཞུང་ཚོགས་པ་ཞིག་ཡིན་ལ། བསྡུས་མིང་ལIAAEཟེར། སྤྱི་ལོ1929ལོར་དབྱིན་ཇིར་བཙུགས་པ་དང་། སྐབས་དེར་རྒྱལ་ཁབ12ཀྱི་དཔལ་འབྱོར་རིག་པ་བ50ཞུགས་ཡོད། སྤྱི་ལོ1982ལོར་རྒྱལ་ཁབ95རུ་ཚོགས་མི་སྒེར་བ2 500ཡོད། མཐུན་ཚོགས་ཀྱི་གཞི་རྩའི་བྱེད་སྒོའི་རྣམ་པ་ནི་དུས་བཀག་ལྟར་རྒྱལ་སྤྱིའི་རིག་གཞུང་གྲོས་བསྡུར་ཚོགས་འདུ(ཧ་ལམ་ལོ་གཉིས་གསུམ་ནང་ཐེངས་གཅིག་ལ་འཚོགས)སྐོང་འཚོག་བྱ་རྒྱུ་དང་ཚོགས་མི་རྣམས་སྒེར་གྱི་ཐོབ་ཐང་ཐོག་ནས་ཞུགས་རྒྱུ་དེ་རེད། རྒྱལ་ཁབ་གཅིག་གམ་ས་ཁུལ་གཅིག་ལ་ཚོགས་མི་མང་ཙམ་ཡོད་ཚེ་དེ་གར་ཡན་ལག་མཐུན་ཚོགས་བཙུགས་ཆོག

རིགས་དབྱེ།  

APECའགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དགུ་པ།

APECའགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དགུ་པ་ནི་སྤྱི་ལོ2001ལོའི་ཟླ10པའི་ཚེས21ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི(APEC)འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དགུ་པ་ཧྲང་ཧའེ་ཚན་རྩལ་ཁང་དུ་འཚོགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མིན་གྱིས་གཙོ་སྐྱོང་གནང་བ་རེད།

རིགས་དབྱེ།  

ཀྲུང་གོའི་མཐོ་རིམ་ཚན་རིག་ལག་རྩལ་ལྟེ་གནས།

ཀྲུང་གོའི་མཐོ་རིམ་ཚན་རིག་ལག་རྩལ་ལྟེ་གནས་ནི་སྤྱི་ལོ1986ལོའི་ཟླ10པར་ཡོན་ཧྲི་ལི་ཀྲེང་ཏའོ་ཡིས་པེ་ཅིང་དུ་བཙུགས་པ་དང་འབྲེལ་ཀྲུའུ་རེན་གྱི་འགན་བཞེས་པ་དང་། ཡོན་ཧྲི་ཀྲོའུ་ཀོང་ཀྲའོ(ཀྲུང་གོའི་ཚན་རིག་ཁང་གི་དེ་སྔའི་ཡོན་ཀྲང)དང་ཡོན་ཧྲི་ལུའུ་ཡུང་ཞང(ཀྲུང་གོའི་ཚན་རིག་ཁང་གི་ཡོན་ཀྲང)གིས་ཀྲུའུ་རེན་གཞོན་པའི་འགན་བཞེས་པ་རེད། ལྟེ་གནས་དེ་པེ་ཅིང་ཀྲུང་ཀོན་གྲོང་ཚོའི་ཤར་ལམ་ཨང55པའི་ཀྲུང་གོ་ཚན་རིག་ཁང་གི་རྨང་གཞིའི་གླིང་ཁུལ་དུ་གནས་ཡོད།

རིགས་དབྱེ།  

G20འགོ་གཙོའི་ཚོགས་འདུ།

G20འགོ་གཙོའི་ཚོགས་འདུ་ནི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་གྱི་གླེང་རྟགས་ཤིག་ཡིན་ལ། སྤྱི་ལོ1999ལོའི་ཟླ12པའི་ཚེས16ཉིན་འཇར་མན་གྱི་པོ་ལིན་ནས་དབུ་ཚུགས་པ་དང་། པུའུ་ལེ་ཏུན་ནགས་ཚལ་མ་ལག་སྒྲིག་གཞིའི་ནང་གི་དོན་དངོས་མ་ཡིན་པའི་གླེང་མོལ་གྱི་སྒྲིག་གཞི་ཞིག་ཡིན། དེ་ཡང་མཉམ་འབྲེལ་རྒྱལ་ཁབ་བརྒྱད་དང་ལྷག་མ་རྒྱལ་ཁབ་བཅུ་གཉིས་ཀྱིས་རྩ་འཛུགས་སྒོས་གྲུབ་པ་ཞིག་ཡིན། G20འགོ་གཙོའི་ཚོགས་འདུའི་བཟོ་ལས་ཅན་གྱི་སྔོན་ཐོན་རྒྱལ་ཁབ་དང་ཚོང་ར་གསར་བའི་རྒྱལ་ཁབ་ཕན་ཚུན་དབར་ལ་དངོས་ཡོད་རང་བཞིན་གྱི་གནད་དོན་ལ་སྦ་གསང་མེད་པ་དང་འཛུགས་སྐྲུན་རང་བཞིན་གྱི་རྣམ་པས་དཔྱད་གླེང་དང་ཞིབ་འཇུག་བྱེད་པ་ཞིག་ཀྱང་ཡིན་ལ། མཉམ་འབྲེལ་སྒོས་རྒྱལ་སྤྱིའི་དངུལ་ལོར་བརྟན་འཇགས་དང་མུ་མཐུད་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད་པ་ཡིན། རྒྱུན་སྲོལ་ལྟར་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་འཛམ་གླིང་དངུལ་ཁང་ཡང་ཚོགས་འདུར་ཞུགས་སྲོལ་ཡོད། 2012ལོའི་ཟླ6པར། མོ་ཞི་ཀུ་ནས་ཚོགས་པའིG20འགོ་གཙོའི་ཚོགས་འདུའི་སྟེང་། ཀྲུང་གོས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ལ་རོགས་སྐྱོར་དང་ཟབ་ཞུགས་བྱེད་པ་ཁྱབ་བསྒྲགས་བྱས་པར་མ་ཟད། མ་དངུལ་ཨ་སྒོར་དུང་ཕྱུར430བཏང་བ་ཡིན།

རིགས་དབྱེ།  

ཁྲེན་ཏུའུ་ཧུང་ཡོན་ཚོང་ཚོགས།

སྤྱི་ལོ2013ལོའི་ཟླ5པའི་ཚེས27ཉིན་ཁྲེན་ཏུའུ་ཧུང་ཡོན་ཚོང་ལས་མཐུན་ཚོགས་དེ་ཁྲེན་ཏུའུ་ཅིང་ཉིའུ་མགྲོན་ཁང་དུ་དངོས་སུ་བཙུགས། ཚོང་ལས་མཐུན་ཚོགས་ནི་ཧུང་ཡོན་རྫོང་གི་ཁྲེན་ཏུའུ་ནས་བདག་གཉེར་དང་མ་དངུལ་བཏང་སྟེ་ཁྲིམས་ལྟར་དེབ་སྐྱེལ་ཐོ་འགོད་བྱས་པའི་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད། དེ་མིན་མི་སྣ་གཞན་དག་རྣམས་རང་མོས་ཀྱིས་སྒྲིག་འཛུགས་བྱས་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་ཡིན། ཧུང་ཡོན་རྫོང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཁྲེན་ཏུའུ་རྔ་བ་ཁུལ་ཚོང་ལས་མཐུན་ཚོགས་ཀྱིས་འགོ་ཁྲིད་འོག་བཟོ་ཚོང་ལས་རིགས་ཀྱི་མི་སྣས་གྲུབ་པའི་དམངས་ཁྲོད་ཀྱི་ཚོང་ལས་མཐུན་ཚོགས་ཡིན།

རིགས་དབྱེ།  

ཧུང་ཡོན་རྫོང་ནང་བསྟན་མཐུན་ཚོགས།

སྤྱི་ལོ1980ལོའི་ཟླ11པའི་ཚེས15ཉིན། ཧུང་ཡོན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འགོ་འཛིན་བྱས་ཏེ་ཧུང་ཡོན་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས། ཚོགས་འདུར་ཞུགས་མཁན་མི21ཡོད། དེ་ནས་བཟུང་ཧུང་ཡོན་རྫོང་གི་ནང་བསྟན་མཐུན་ཚོགས་དངོས་སུ་བཙུགས། ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་མི7བདམས། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ཤེར་བློ་ཚོགས་གཙོ་དང་། དཀོན་མཆོག་བཟང་བོ་དང་ཀླུ་སྒྲུབ་བསྟན་པའི་ཉི་མ་གཉིས་ཚོགས་གཙོ་གཞོན་པར་བསྐོས།

རིགས་དབྱེ།  

མའོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས།

མའོ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ས་གནས་རྩ་འཛུགས་དང་། རྫོང་ཨུའི་འགོ་ཁྲིད་འོག་གི་རྫོང་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་སོ་སོའི་བུད་མེད་མང་ཚོགས་ཀྱི་ཚོགས་པ་ཞིག་ཡིན། འདི་ནི་ཏང་དང་སྲིད་གཞུང་གིས་བུད་མེད་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་དང་། རྒྱལ་ཁབ་སྲིད་དབང་གི་སྤྱི་ཚོགས་ཀྱི་རྒྱབ་རྟེན་གལ་ཆེན་གྱི་གྲས་ཤིག་ཡིན།

རིགས་དབྱེ།  

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས།

མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་ནི་བོད་ཀྱི་བཅུ་ཕྲག་རིག་གནས་ཀྱིས་མཚོན་པའི་སྲོལ་རྒྱུན་གྱི་རིག་གནས་སྤྱི་དང་བྱེ་བྲག་ཚད་མ་རིག་པ་འདི་ཉིད་ཆོས་སྲིད་རིག་གནས་གང་ལའང་རྣམ་པར་དཔྱོད་པའི་བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་དང་། ཚིག་དོན་གྱི་འཁྲུལ་བ་ཚར་གཅོད་པའི་རལ་གྲི་ཉིད་ཡིན་པས་འདི་ཉིད་མི་ཉམས་རྒྱུན་འཛིན་གོང་སྤེལ་དང་ཉམས་པ་སོར་ཆུད་ཡོང་བ་སོགས་ལ་དམིགས་ནས། ཐེངས་གང་མང་ལ་འབྲེལ་ཡོད་འགོ་ཁྲིད་དང་སྲིད་གཞུང་ལས་ཁུངས་ཁག་ལ་སྙན་ཞུ་རབས་དང་རིམ་པ་ཕུལ་བ་བརྒྱུད། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་སོགས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་དམིགས་སུ་མཐོང་ཆེན་དང་ཆོག་མཆན་ཐོབ་པར་ལ་བརྟེན། སྤྱི་ལོ2016ལོའི་ཟླ11ཚེས5ཉིན་དངོས་སུ་མཚོ་སྔོན་ཞིང་ཆེན་ཚད་རིག་ལྷན་ཚོགས་འཛུགས་ཐུབ་པ་བྱུང་།

རིགས་དབྱེ།  

ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས།

ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་ཅིང་ཀྲུང་གོའི་མི་རིགས་ཁག་གི་རྩོམ་པ་པོས་རང་མོས་ངང་ཟུང་འབྲེལ་བྱས་པའི་ཆེད་ལས་རང་བཞིན་གྱི་མི་དམངས་ཚོགས་པ་ཞིག་ཡིན་པ་དང་། ཏང་དང་སྲིད་གཞུང་གིས་རྒྱ་ཆེའི་རྩོམ་པ་པོ་དང་རྩོམ་རིག་ལས་དོན་པར་འབྲེལ་བ་བྱེད་པའི་ཟམ་པ་དང་འབྲེལ་ཐག་ལྟ་བུ་ཞིག་ཡིན་ལ། རྩོམ་རིག་བྱ་གཞག་དར་རྒྱས་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་སྤྱི་ཚོགས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཀྱང་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས།

རྒྱལ་སྤྱིའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ནི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་དབྱིང་ཅེས་གྲོས་འགོ་བཏོན་ནས་བཙུགས་པ་ཞིག་ཡིན། རྒྱལ་སྤྱིའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ལ་ཀྲུང་གོ་དང་ཧན་གོ འཇར་པན། སིང་ཀ་ཕོར། ཧྥེ་ལི་པིན། ཨ་རི། དབྱིན་ཇི་སོགས་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་གྱི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་དེ་ཚོགས་པའི་ཚོགས་མིར་བྱས་ཡོད། རྒྱལ་སྤྱིའི་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་ཀྲུའུ་དབྱིང་ཅེ་ཡིས་བཞེས་ཡོད། 《ཀྲུང་གོའི་ཡིག་གཟུགས་ཕྱོགས་བསྒྲིགས》ཀྱི་གཙོ་སྒྲིག་པ་ལིའུ་ཀྲེང་ཁྲེང་གིས་དབུ་བཞུགས་ཀྲུའུ་ཞིའི་འགན་ཁུར་བ་དང་ཧན་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཨུ་ཡོན་ཀྲང་ལི་ཏུན་ཞིང་དང་འཇར་པན་ཡོངས་ཀྱི་ཡིག་གཟུགས་མནའ་འབྲེལ་གྱི་རྒྱུན་ལས་ལས་འཛིན་པ་ཙུན་པིན་ཧྲུའུ་ཚོན་གྱིས་ཀྲུའུ་ཞིའི་འགན་ཁུར་ཡོད།

རིགས་དབྱེ།  

ཀོང་ཏུང་ཞིང་ཆེན་ཞིང་བའི་མཐུན་ཚོགས།

ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་བྱེད་སྐབས་སུ་ཀོང་ཏུང་དུ་བཙུགས་པའི་ཞིང་ཆེན་རིམ་པའི་ཞིང་སྡེ་ཚོགས་པའི་རྩ་འཛུགས་ཤིག་ཡིན། སྤྱི་ལོ1925ལོའི་ཟླ1པར། ཀོང་ཏུང་ཞིང་ཆེན་ཞིང་བའི་མཐུན་ཚོགས་བཙུགས་ཏེ། ཞིང་ཆེན་ཡོངས་ཀྱི་ཞིང་བའི་ལས་འགུལ་ལ་གཅིག་གྱུར་གྱིས་མགོ་ཁྲིད་བྱས།

རིགས་དབྱེ།  

རྒྱལ་སྤྱིའི་སློབ་ཆེན་ཡིག་སྒྱུར་སློབ་གླིང་མཉམ་འབྲེལ་ལྷན་ཚོགས།

རྒྱལ་སྤྱིའི་སློབ་ཆེན་ཡིག་སྒྱུར་སློབ་གླིང་མཉམ་འབྲེལ་ལྷན་ཚོགས(Conf erence Internationale permanente dInstituts Universitaires de Traducteurs et Interprètesབསྡུས་མིང་ལ་CIUTI)ནི་སྤྱི་ལོ1961ལོར་བཙུགས་པ་དང་། དེ་ནི་རྒྱལ་སྤྱིའི་དབང་གྲགས་ལྡན་པའི་ཡིག་སྒྱུར་སློབ་གསོའི་ཁས་ལེན་རྩ་འཛུགས་ཤིག་ཡིན་ཞིང་། སྤུས་ཚད་མཐོ་བའི་ལས་རིགས་ཀྱི་ངག་ཐོག་ཡིག་སྒྱུར་ལས་དོན་འགན་ལེན་བྱ་རྒྱུར་གཞོལ་ཡོད།

རིགས་དབྱེ།