ཐེབས་རྩ་ཚོགས་པ།

ཐེབས་རྩ་ཚོགས་པ་ནི་རང་བྱུང་མི་དང་ཁྲིམས་མི། ཡང་ན་དེ་ལས་གཞན་པའི་རྩ་འཛུགས་ཀྱིས་རོགས་སྐྱོར་བྱས་པའི་རྒྱུ་ནོར་བཀོལ་སྤྱོད་བྱས་ནས་སྤྱི་ཕན་ལས་དོན་བསྒྲུབ་པ་གཙོ་བོར་དམིགས་པའི་ཁེ་བཟང་འཚོལ་བ་མིན་པའི་ཁྲིམས་མི་ཞིག་ཡིན་ཞིང་། ཐེབས་རྩ་ཚོགས་པར་དབྱེ་ན་སྤྱི་དམངས་ལ་ཁ་ཕྱོགས་ནས་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་དང་སྤྱི་དམངས་ལ་ཁ་མི་ཕྱོགས་པའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་གཉིས་ཡོད། སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པར་ཞལ་འདེབས་བསྡུ་བའི་ས་གནས་ཁོངས་གཏོགས་ཀྱི་ཐད་ནས་དབྱེ་ན་རྒྱལ་ཡོངས་རང་བཞིན་གྱི་སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་དང་ས་གནས་རང་བཞིན་གྱི་སྤྱིའི་ཞལ་འདེབས་བསྡུ་བའི་ཐེབས་རྩ་ཚོགས་པ་གཉིས་ཡོད། 《ཐེབས་རྩ་ཚོགས་པའི་དོ་དམ་ཁྲིམས་སྲོལ》གྱི་སྒྲིག་ཁྲིམས་ལྟར་ན། ཐེབས་རྩ་ཚོགས་པ་ནི་ངེས་པར་དུ་དམངས་སྲིད་ལས་ཁུངས་སུ་ཐོ་འགོད་བྱས་རྗེས་ད་གཟོད་གཉེར་ན་ཆོག་པ་ཞིག་ཡིན་པ་དང་། དེའི་ངོ་བོ་ནི་དམངས་ཁྲོད་ཀྱི་ཁེ་བཟང་འཚོལ་བ་མ་ཡིན་པའི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

སྨན་བཅོས་འགན་བཅོལ་ཐེབས་རྩ།

སྨན་བཅོས་འགན་བཅོལ་ཐེབས་རྩ་ཞེས་པ་ནི་རྒྱལ་ཁབ་ཀྱིས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་བྱེད་ཆེད། སྨན་བཅོས་འགན་བཅོལ་གཉེར་སྐྱོང་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྡེ་ཚན་དང་མི་སྒེར་གྱི་ས་ནས་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་སྤྱོད་པའི་ཆེད་དམིགས་ཐེབས་རྩར་ཟེར། གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ནང་སྤྱི་ཚོགས་ཀྱི་གཅིག་གྱུར་འཆར་འགོད་ཐེབས་རྩ་དང་མི་སྒེར་གྱི་རྩིས་ཁྲ་ཁག་གཉིས་ཚུད་ཡོད་པ་དང་། མི་སྤྱོད་སྡེ་ཚན་དང་ལས་བཟོ་པ་སྒེར་གྱི་བར་གཏན་འཁེལ་བྱས་པའི་བསྡུར་ཚད་ལྟར་མཉམ་དུ་འཇལ་དགོས།

རིགས་དབྱེ།  

སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩ།

སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩ་ཞེས་པ་ནི་གཅིག་གྱུར་འཆར་འགོད་ས་ཁུལ་ག་གེ་མོའི་མི་སྤྱོད་སྡེ་ཚན་ཡོད་ཚད་ཀྱིས་ལས་བཟོ་པར་སྤྲད་པའི་སྨན་བཅོས་འགན་བཅོལ་གྲོན་དངུལ་ནང་ནས་མི་སྒེར་གྱི་ཐོ་ཁོངས་སུ་བཅུག་རྗེས་ཀྱི་ཆ་ཤས་ལྷག་མ་འཕྲི་འཐེན་བྱས་པ་ལ་ཟེར། སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩ་དེ་འགན་བཅོལ་ནང་ཞུགས་མཁན་ཡོངས་ཀྱི་ཁོངས་སུ་གཏོགས་པ་དང་། སྤྱི་ཚོགས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིས་གཅིག་སྡུད་དོ་དམ་བྱས་ནས་གཅིག་གྱུར་ཐོག་སྙོམས་སྒྲིག་བེད་སྤྱོད་བྱས་ཏེ་གཙོ་བོ་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བར་ཐོན་པའི་སྨན་བཅོས་འགྲོ་གྲོན་དང་། གཤགས་བཅོས་འགྲོ་གྲོན། ནད་གཡོག་འགྲོ་གྲོན་བཅས་ལ་སྤྲོད་རྒྱུར་སྤྱོད་པ་ཡིན། སྨན་བཅོས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཐེབས་རྩར་ཆེད་དོན་གསོག་ཉར་དང་ཆེད་དངུལ་ཆེད་སྤྱོད་བྱ་རྒྱུ་ལས་ཚན་པ་དང་མི་སྒེར་གང་རུང་གིས་ཀྱང་གཞན་སྤྱོད་བྱེད་མི་ཆོག

རིགས་དབྱེ།  

དམངས་ཁྲོད་གཅེས་སེམས་སྤྱི་ཕན།

དམངས་ཁྲོད་གཅེས་སེམས་སྤྱི་ཕན་ནི་སྤྱི་ཕན་བྱ་གཞག་ལ་དགའ་ཞེན་ཆེ་བའི་ཀྲུང་གོའི་སྤྱི་དམངས་དང་ཁེ་ལས། ལས་དོན་ལས་ཁུངས། དམངས་ཁྲོད་རྩ་འཛུགས་བཅས་ཀྱིས་རང་མོས་ངང་ཞུགས་པའི་ཁེ་གཉེར་མིན་པའི་སྤྱི་ཕན་རྩ་འཛུགས་ཤིག་ལ་ཟེར།

རིགས་དབྱེ།  

དམངས་ཡོངས་སྤྱི་ཕན།

དམངས་ཡོངས་སྤྱི་ཕན་ནི་མི་ཚང་མ་ཞུགས་པའི་སྤྱི་ཕན་ཡིན་ཞིང་། མི་སྒེར་དང་ཐུན་མོང་གང་ཡིན་རུང་མི་རྣམས་ཀྱིས་སྤྱི་ཕན་བྱེད་སྒོ་དང་། སྤྱི་ཕན་ཐེབས་རྩ། སྤྱི་ཕན་དྲ་ཚིགས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ཐད་ཀར་ཞུགས་པ་དང་། ཞལ་འདེབས་འབུལ་བ། སྤྱི་ཕན་བརྡ་ཁྱབ། སྤྱི་ཕན་གླུ་གཞས་སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཕན་བྱ་བཞག་ལ་ཞུགས་ཀྱིན་ཡོད། དེའི་དོན་ནི“སྤྱི་པའི་ཁེ་ཕན”དང་། “སྤྱི་ཕན”ནི་དེའི་བསྡུས་འབྲི་ཡིན།

རིགས་དབྱེ།  

ཐེབས་རྩ་ཚོགས་པའི་ཁྲིམས་མི།

ཐེབས་རྩ་ཚོགས་པའི་ཁྲིམས་མི་ཞེས་པ་ནི་རང་བྱུང་མི་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་པས་ཞལ་འདེབས་སུ་ཕུལ་བའི་རྒྱུ་ནོར་བེད་སྤྱད་དེ། སྤྱི་ཕན་ལས་དོན་བསྒྲུབ་རྒྱུ་དམིགས་ཡུལ་དུ་བཟུང་ནས། སྲོལ་ཡིག་འདིའི་གཏན་འབེབས་ལྟར་བཙུགས་པའི་ཁེ་གཉེར་མིན་པའི་ཁྲིམས་མི་ལ་ཟེར།

རིགས་དབྱེ།  

འཛམ་གླིང་མཉམ་འབྲེལ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས།

ཧའེ་ནན་འཛམ་གླིང་མཉམ་འབྲེལ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ནི་ཧའེ་ནན་ཞིང་ཆེན་དམངས་སྲིད་ཐིང་གིས་ཐད་ཀར་ཐོ་འགོད་ཆོག་མཆན་སྤྲད་པའི་ཡོངས་བསྒྲགས་ཞལ་འདེབས་ཐེབས་རྩ་ལྷན་ཚོགས་ཐོག་མ་དེ་ཡིན། ཧའེ་ནན་འཛམ་གླིང་མཉམ་འབྲེལ་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ནི་གསར་གཏོད་རང་བཞིན་ལྡན་པའི་གོ་ལ་ཧྲིལ་པོ་ཅན་གྱི་སྤྱི་ཕན་རྒྱལ་སྤྱིའི་ཐེབས་རྩ་ལྷན་ཚོགས་ཤིག་ཡིན་པ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་དབང་དང་སྤྱི་ཕན་མི་སྣ་བཅས་ཁག་གཅིག་གིས་མཉམ་དུ་གྲོས་གཞི་བཏོན་པ་དང་སྤྱི་ལོ2013ལོར་ཀྲུང་གོའི་ཧའེ་ནན་དུ་བཙུགས་པ་རེད།

རིགས་དབྱེ།