ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >རྩ་འཛུགས།

སྡེ་དམངས་ཨུ་ཡོན་ལྷན་ཁང་།

སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུང་གོ་སྐམ་སའི་ས་ཁུལ་གྱི་གྲོང་རྡལ་གྱི་ཁོངས་གཏོགས་སྲིད་འཛིན་གྲོང་སྡེ་ཡི་གྲོང་གསེབ་པའི་འདེམས་བསྐོ་བྱས་ནས་བྱུང་བའི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཤིག་ཡིན་ཞིང་། སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་གྲོང་གསེབ་པས་རང་ཉིད་དོ་དམ་དང་རང་གིས་རང་ལ་སློབ་གསོ་གཏོང་བ། རང་གིས་རང་ལ་ཞབས་ཞུ་སྒྲུབ་པའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན། སྡེ་དམངས་ཨུ་ཡོན་ལྷན་ཁང་ནི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཨུ་ཡོན་གསུམ་ནས་བདུན་བཅས་ཀྱིས་གྲུབ་པ་ཞིག་ཡིན་ལ། ལོ་གསུམ་གྱི་ནང་ནས་ཐེངས་གཅིག་ལ་འདེམས་བསྐོ་བྱེད་པ་ཡིན།

རིགས་དབྱེ།  

ཏང་ཨུ།

ཏང་ཨུ་ནི་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་བསྡུས་མིང་ཡིན། རང་རྒྱལ་དུ། ཏང་ཨུ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་ཡིན་ཞིང་། ཁྱད་དུ་ཀྲུང་གོ་གུང་ཁྲན་ཏང་གི་ས་གནས་རིམ་པ་ཁག་གི་ཨུ་ཡོན་ལྷན་ཁང་དང་གཞི་རིམ་ཨུ་ཡོན་ལྷན་ཁང་ལ་གོ་བ་ཡིན།

རིགས་དབྱེ།  

དཔེ་སྐྲུན་ཁང་།

དཔེ་སྐྲུན་ཁང་ནི་དཔེ་ཆ་དང་རི་མོ། ཚགས་པར། དུས་དེབ་དང་གློག་རྡུལ་དངོས་པོ་སོགས་པར་དབང་ཡོད་པའི་དངོས་པོ་དག་པར་སྐྲུན་བྱེད་པའི་རྩ་འཛུགས་ཤིག་ཡིན་ཞིང་། ཀྲུང་གོའི་སྐམ་ས་ཆེན་པོ་རུ་དཔེར་ན་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་། ཀྲུང་གོ་ནགས་ལས་དཔེ་སྐྲུན་ཁང་སོགས་ཡོད་ཅིང་། ཐའེ་ཝན་ས་ཁུལ་དུ་དཔེར་ན་ཏུང་ལི་དཔེ་སྐྲུན་ཁང་ཡོད་པ་དང་། འཇར་པན་དུ་ཅི་ཡིང་ཧྲེ(集英社)དང་ཞའོ་ཞུའེ་ཀོན(小学馆)སོགས་ཡོད།

རིགས་དབྱེ།  

ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག

ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་ནི་ཀྲུང་གོ་ན་ཆུང་བྱིས་པའི་མང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན་པ་དང་ན་ཆུང་བྱིས་པས་གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་སའི་གནས་ཡིན་ལ། སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་འཛུགས་སྐྲུན་བྱེད་པའི་གྲྭ་སྒྲིག་རུ་ཁག་ཡིན། སྤྱི་ལོ1949ལོའི་ཟླ10བའི་ཚེས13ཉིན་ནི་ཀྲུང་གོ་ན་ཆུང་གདོང་ལེན་རུ་ཁག་གསར་འཛུགས་བྱས་པའི་ཉིན་མོ་ཡིན་པ་དང་སློབ་གྲྭ་སོ་སོའི་གདོང་ལེན་རུ་མི་གསར་བ་འདེམས་སྒྲུག་བྱེད་པའི་ཉིན་མོའང་ཡིན།

རིགས་དབྱེ།  

ན་ཆུང་ཕོ་བྲང་།

ན་ཆུང་ཕོ་བྲང་ནི་སྲིད་གཞུང་གིས་ཁྲལ་འཇལ་མཁན་ལ་འདོན་སྤྲོད་བྱས་པའི་ན་གཞོན་སྤྱི་བའི་ཞབས་ཞུའི་རྣམ་པ་དང་གནས་གཞི་ཞིག་ཡིན་པ་མ་ཟད། དལ་གྱིས་འཕེལ་རྒྱས་སུ་སོང་ནས་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་ནུས་ཁུངས་སྣ་ཚོགས་གཅིག་གྱུར་འཆར་འགོད་བྱས་ནས་ན་གཞོན་རྣམས་ལ་ཞབས་ཞུ་སྒྲུབ་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད། ཅུང་སྟབས་བདེ་བའི་སྒོ་ནས་བཤད་ན། ན་ཆུང་ཕོ་བྲང་ནི་བྱིས་པ་རྣམས་ཀྱིས་ལྟད་མོར་བལྟ་ས་དང་རོལ་རྩེད་བྱེད་ས། ལུས་ཤེས་དང་ཚན་རིག་ལག་རྩལ་སོགས་སློབ་སའི་ས་གནས་ཤིག་ཡིན།

རིགས་དབྱེ།  

ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི།

ཕྱི་ཕྱོགས་ཉོ་ཚོང་ཀུང་ཟི་ནི་ཕྱི་ཕྱོགས་ཉོ་ཚོང་གཉེར་སྐྱོང་གི་ཐོབ་ཐང་ཡོད་པའི་ཉོ་ཚོང་ཀུང་ཟི་ལ་ཟེར་ཞིང་། དེའི་ལས་སྒོའི་ཐད་ཀྱི་འགྲོ་འོང་གཙོ་བོ་ཕྱིའི་རྒྱལ་ཁབ་ཏུ་ཡོད། ཁྲོམ་རར་ཞིབ་འཇུག་བརྟག་དཔྱད་བྱས་པ་བརྒྱུད་ནས་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཟོག་རྒྱལ་ནང་དུ་ནང་འདྲེན་བྱས་ནས་བཙོང་བའམ་ཡང་ན་རྒྱལ་ནང་གི་ཚོང་ཟོག་ཉོས་ནས་ཕྱིའི་རྒྱལ་ཁབ་ཏུ་བཙོང་ཏེ་བར་ནས་ཁེ་སྤོགས་ལེན་པ་ཞིག་ཡིན།

རིགས་དབྱེ།  

མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མིང་ཆ་ཚང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་ཟེར་ཞིང་། བསྡུས་མིང་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཞེས་བྱ། དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་གནས་ལས་ཁུངས་ཡིན།

རིགས་དབྱེ།  

ཡན་ལག་དངུལ་ཁང་།

ཡན་ལག་དངུལ་ཁང་ནི་དངུལ་ཁང་གི་ཡན་ལག་སྡེ་ཁག་ཅིག་ཡིན་ཞིང་། དེ་ནི་ས་གནས་དངུལ་ཁང་གི་གཙོ་གཉེར་སྡེ་ཁག་ཡིན། དེས་དངུལ་གསོག་ཁང་དང་ཡན་ལག་དངུལ་གཉེར་ཁང་གཉིས་དོ་དམ་བྱེད་ཐུབ། དངུལ་ཁང་ལ་སྤྱིའི་དངུལ་ཁང་དང་ཡན་ལག་དངུལ་ཁང་། ཡན་ལག་དངུལ་གཉེར་ཁང་དང་དངུལ་གསོག་ཁང་སོགས་ཀྱི་རིམ་པ་གསར་འཛུགས་བྱས་ཡོད།

རིགས་དབྱེ།  

ཡུལ་སྐོར་ལས་དོན་ཁང་།

འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་མཚན་ཉིད་བཀོད་པའི་ཡུལ་སྐོར་ལས་དོན་ཁང་ནི་སིལ་འཚོང་ལས་ཚབ་སྡེ་ཁག་གིས་མི་དམངས་ལ་ཡུལ་སྐོར། ཞག་སྡོད་དང་འབྲེལ་ཡོད་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ལས་རིགས་སྡེ་ཁག་ཅིག་ཡིན། རང་རྒྱལ་གྱི《ཡུལ་སྐོར་ལས་དོན་ཁང་གི་དོ་དམ་སྒྲིག་ཁྲིམས》ལྟར་ན། ཡུལ་སྐོར་ལས་དོན་ཁང་ནི་ཁེ་བཟང་འཚོལ་བར་དམིགས་ནས་ཡུལ་སྐོར་ལས་རིགས་ཀྱི་བྱ་བ་གཉེར་བའི་ཁེ་ལས་ཤིག་ཡིན།

རིགས་དབྱེ།  

རིག་གཞུང་ཨུ་ཡོན་ལྷན་ཁང་།

རིག་གཞུང་ཨུ་ཡོན་ལྷན་ཁང་ནི་རང་རྒྱལ་དུ་མཐོ་རིམ་སློབ་གྲྭ་དང་ཆེད་ལས་ཚན་རིག་ཞིབ་འཇུག་སྡེ་ཁག་དང་ཁེ་ལས། ལས་དོན་ལས་ཁུངས་སུ་གཏོགས་པའི་ཚན་རིག་ཞིབ་འཇུག་སྡེ་ཁག་ཁྲོད་གསར་འཛུགས་བྱས་པའི་རིག་གཞུང་དཔྱད་བསྡུར་དང་ཞིབ་བཤེར་ལས་ཁུངས་ལ་གོ་བ་ཡིན།

རིགས་དབྱེ།  

རིག་རྩལ་ཚོགས་པ།

རིག་རྩལ་ཚོགས་པའི་མིང་ཆ་ཚང་ནི་རིག་རྩལ་གྱི་བྱ་བའི་ཚོགས་པ་ཟེར་ཞིང་། དེ་ནི་གླུ་ལེན་པ་དང་བྲོ་འཁྲབ་པ། ཟློས་གར་འཁྲབ་པ་སོགས་རྣམ་པ་མང་པོའི་སྒོ་ནས་བྱེད་སྒོ་དྲིལ་བསྒྲགས་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་རྩལ་ཚོགས་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སློབ་ཚོགས།

ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་སློབ་ཚོགས་ནི་སྤྱི་ལོ1981ལོའི་ཟླ་བདུན་པར་པེ་ཅིང་ནས་གསར་འཛུགས་བྱས་ཤིང་། དེ་ནི་རང་རྒྱལ་གྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་གསར་འཛུགས་བྱས་པའི་ཐོག་དང་པོའི་སྤྱི་ཚོགས་ཁྲིམས་མིའི་གོ་གནས་ཡོད་པའི་རྒྱལ་ཡོངས་རང་བཞིན་གྱི་རྒྱལ་སྤྱིའི་ཉོ་ཚོང་རིག་གཞུང་ཚོགས་པ་ཞིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚོང་དོན་པུའུ་ཡི་ཐད་ཀར་དབུ་ཁྲིད་འོག སྲིད་གཞུང་དང་རིག་གཞུང་སློབ་ཚོགས། ཁེ་ལས་སོགས་ཕྱོགས་སོ་སོའི་ཆེད་མཁས་པ་དག་གིས་གྲུབ་པའི་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་གི་ཞིབ་འཇུག་དང་སྤེལ་རེས་ཀྱི་དབང་གྲགས་ལྡན་པའི་རིག་གཞུང་རྩ་འཛུགས་ཀྱི་བྱ་བ་གཉེར་བའི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

ཀྲུང་གོ་རྩི་ཤིང་སྲུང་སྐྱོང་སློབ་ཚོགས།

ཀྲུང་གོ་རྩི་ཤིང་སྲུང་སྐྱོང་སློབ་ཚོགས་ནི་ཀྲུང་གོ་རྩི་ཤིང་སྲུང་སྐྱོང་ཚན་རིག་ལག་རྩལ་གྱི་བྱ་བ་གཉེར་མཁན་དག་གིས་རང་འཐད་སྒོས་གྲུབ་པ་དང་། ཁྲིམས་དང་མཐུན་པའི་སྒོ་ནས་གསར་འཛུགས་ཐོ་འགོད་བྱས་པའི་སྤྱི་ཕན་རང་བཞིན་དང་རིག་གཞུང་རང་བཞིན། ཚན་རིག་ཁྱབ་སྤེལ་རང་བཞིན་ལྡན་པའི་ཁྲིམས་མིའི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། དེ་ནི་ཀྲུང་གོའི་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་གྲུབ་ཚུལ་ཆ་ཤས་ཤིག་ཡིན་ལ། སྤྱི་ལོ1962ལོའི་ཟླ་དྲུག་པར་རྒྱལ་ཁབ་ཚན་རིག་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་གནང་སྟེ་གསར་འཛུགས་བྱས། ལོ་དེའི་ཟླ་བདུན་པར་ཧེ་ལུང་ཅིང་ཞིང་ཆེན་ཧྭ་ཨེར་པིན་གྲོང་ཁྱེར་དུ་གསར་འཛུགས་ཀྱི་མཛད་སྒོ་སྤེལ་ནས་སྐབས་དང་པོའི་ལས་འཛིན་ལྷན་ཚོགས་གྲུབ་པ་ཡིན།

རིགས་དབྱེ།  

ཀྲུང་གོ་རྩི་ཤིང་སློབ་ཚོགས།

ཀྲུང་གོ་རྩི་ཤིང་སློབ་ཚོགས་ནི་སྤྱི་ལོ1933ལོར་གསར་འཛུགས་བྱས་པ་དང་། རྒྱལ་ཡོངས་རྩི་ཤིང་རིག་པའི་ཚན་རྩལ་གྱི་བྱ་བ་གཉེར་མཁན་དག་གིས་རང་འཐད་སྒོས་གྲུབ་པ་ཞིག་ཡིན། དེ་ནི་ཁྲིམས་མཐུན་ལུགས་མཐུན་གྱིས་ཐོ་འགོད་བྱས་པའི་སྤྱི་ཕན་རང་བཞིན་ལྡན་པ་དང་རིག་གཞུང་རང་བཞིན་ལྡན་པ། རྒྱལ་ཡོངས་རང་བཞིན་གྱི་ཁེ་ཕན་འཚོལ་བ་མ་ཡིན་པའི་ཁྲིམས་མིའི་སྤྱི་ཚོགས་ཚོགས་པ་ཞིག་ཡིན་ལ། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་གྲུབ་ཚུལ་ཆ་ཤས་ཤིག་ཡིན་ཞིང་། དེ་ནི་ཀྲུང་གོ་རྩི་ཤིང་རིག་པའི་ཚན་རིག་ལག་རྩལ་ལས་དོན་གོང་འཕེལ་དུ་གཏོང་བའི་སྤྱི་ཚོགས་ཀྱི་ནུས་ཤུགས་གཙོ་བོ་དང་ཆེས་མཐོའི་རིག་གཞུང་དབང་གྲགས་རང་བཞིན་གྱི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

ཀྲུང་གོ་ས་གཤིས་སློབ་ཚོགས།

ཀྲུང་གོ་ས་གཤིས་སློབ་ཚོགས་ནི་ཀྲུང་གོ་ས་གཤིས་ཚན་རྩལ་གྱི་ལས་ཀ་གཉེར་མཁན་གྱིས་གྲུབ་པའི་སློབ་ཚོགས་རང་བཞིན་གྱི་མང་ཚོགས་ཚོགས་པ་ཞིག་ཡིན། དེའི་གཙོ་གཉེར་ལས་ཁུངས་ནི་ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཡིན་ཞིང་། ཟུར་རྟེན་སྡེ་ཁག་ནི་རྒྱལ་ཁོངས་ཐོན་ཁུངས་པུའུ་ཡིན་པ་དང་ཀྲུང་གོ་ས་གཤིས་ཚན་རིག་གླིང་དུ་གསར་འཛུགས་བྱས་ཡོད། ཀྲུང་གོ་ས་གཤིས་སློབ་ཚོགས་ནི་སྤྱི་ལོ1922ལོའི་ཟླ2པའི་ཚེས3ཉིན་པེ་ཅིང་དུ་གསར་འཛུགས་བྱས་པ་ཡིན།

རིགས་དབྱེ།  

ས་ཁམས་སློབ་ཚོགས།

ས་ཁམས་སློབ་ཚོགས་ནི་ས་ཁམས་ཀྱི་བྱ་བ་གཉེར་མཁན་གྱི་མང་ཚོགས་རང་བཞིན་གྱི་རིག་གཞུང་ཚོགས་པ་ཞིག་ཡིན། དུས་རབས་ལྔ་བཅུའི་དུས་མགོར། ཀྲུང་གོ་ས་སློབ་ཚོགས་དང་ཀྲུང་གོ་ས་ཁམས་སློབ་ཚོགས་གཉིས་ཟླ་སྒྲིལ་བྱས་ནས། སྤྱི་ལོ1953ལོར་ཀྲུང་གོ་ས་ཁམས་སློབ་ཚོགས་གསར་བ་དངོས་སུ་གསར་འཛུགས་བྱས་པ་ཡིན།

རིགས་དབྱེ།  

ཨུ་ཡོན་ལྷན་ཁང་།

ཨུ་ཡོན་ལྷན་ཁང་ནི་ཨུ་ཡོན་གྱིས་གྲུབ་པ་ཞིག་ཡིན།

རིགས་དབྱེ།  

ཀྲུང་གོའི་ཨོ་རྩལ་ལྷན་ཚོགས།

ཀྲུང་གོའི་ཨོ་རྩལ་ལྷན་ཚོགས་ནི་ལུས་རྩལ་འཕེལ་རྒྱས་དང་ཨོ་ལིན་ཕིག་ལུས་རྩལ་ལ་སྐུལ་འདེད་གཏོང་བའི་དམངས་ཚོགས་རང་བཞིན་དང་། ཁེ་ལས་མ་ཡིན་པའི་ལུས་རྩལ་གྱི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས།

རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ནི་ཨོ་ལིན་ཕིག་ལུས་རྩལ་ལ་དབུ་འཛིན་དང་དེའི་སྐོར་གྱི་གནད་དོན་ཐག་གཅོད་བྱེད་པའི་ཆེས་མཐོའི་དབང་འཛིན་ལས་ཁུངས་ཡིན་ཞིང་། རྒྱལ་སྤྱིའི་ངོས་ནས་སྲིད་གཞུང་མིན་པ་དང་། ཁེ་ཕན་ལ་མི་དམིགས་པ། དུས་ཡུན་ཚད་མེད་པའི་རྩ་འཛུགས་ཤིག་ཡིན།

རིགས་དབྱེ།  

རྔ་བ་ཁུལ་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་སྤེལ་ལེགས་བཅོས་ས་ཚིགས།

འདི་ནི་སྔར་གྱི་ཁུལ་སྒོ་ཕྱུགས་ལེགས་བཅོས་ལག་རྩལ་མཛུབ་སྟོན་ས་ཚིགས་ཞེས་པ་དེ་ཡིན་ཞིང་། ཁུལ་ཞིང་ཕྱུགས་ལས་ཅུས་ཀྱི་ཁོངས་སུ་གཏོགས་པ་དང་། ལས་ཁུངས་འདིས་ཁུལ་ཡོངས་ཀྱི་ཕྱུགས་རིགས་དང་ཁྱིམ་བྱའི་རྒྱུད་སྤེལ་ལེགས་བཅོས་ཀྱི་ཁྱབ་སྤེལ་ལས་ཀའི་འགན་ཁུར་ཡོད།

རིགས་དབྱེ།  

རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་།

རྒྱལ་ཁབ་དུག་འགོག་ཨུ་ཡོན་ལྷན་ཁང་ནི་སྤྱི་ལོ1990ལོར་བཙུགས་པའི་ཀྲུང་གོའི་ཆེས་མཐོ་བའི་དུག་འགོག་འགོ་ཁྲིད་ལས་ཁུངས་ཤིག་ཡིན་ཞིང་། དེས་གཙོ་བོ་དུག་འགོག་ཕྱོགས་ཀྱི་བྱེད་ཐབས་དང་སྲིད་ཇུས་གལ་ཆེན་རིགས་ལ་ཞིབ་འཇུག་དང་གཏན་འབེབས་གནང་སྟེ། དུག་རྫས་སྐོར་གྱི་གལ་ཆེའི་གནད་དོན་མཐུན་སྦྱོར་བྱེད་པ་དང་། རྒྱལ་ཡོངས་ཀྱི་དུག་འགོག་བྱ་བར་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པའི་འགན་ཁུར་ཡོད།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚན་ཆུང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚན་ཆུང་ནི། སྤྱི་ལོ2000ལོའི་ཟླ1པོའི་ཚེས16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནུབ་རྒྱུད་ས་ཁུལ་གསར་སྤེལ་འགོ་ཁྲིད་ཚན་ཆུང་འཛུགས་རྒྱུའི་སྐོར་གྱི་ཆོད་དོན》པར་འགྲེམས་བྱས།

རིགས་དབྱེ།  

ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་སྟོན་ཨུ་ཡོན་ལྷན་ཁང་།

སྤྱི་ལོ1997ལོའི་ཟླ4པའི་ཚེས21ཉིན། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་འཛུགས་པའི་སྐོར་གྱི་བརྡ་ཐོ》བཏང་། 《བརྡ་ཐོའི》ནང་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རུ། 《ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་གི་གྲོས་ཆོད》གྲོས་འཆམ་བྱུང་བ་གཞིར་བཟུང་། ཀྲུང་དབྱང་གིས་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གཏན་འབེབས་བྱས་པ་རེད། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་གྲོས་དོན་ལས་ཁུངས་ཤིག་རེད། དེའི་ལས་འགན་གཙོ་བོ་ནི། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཐད་ཀྱི་ཀྲུང་དབྱང་གི་འབྲེལ་ཡོད་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་སྔོན་ཐོན་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་གཏང་རྒྱུ་དེའོ།།

རིགས་དབྱེ།  

རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས།

རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་དབང་སྒྱུར་གྲལ་རིམ་གྱི་ཚབ་བྱས་ནས་དབང་སྒྱུར་དབང་ཆ་སྤྱོད་མཁན་གྱི་ལས་ཁུངས་ཡིན། ཁྲིམས་འཛུགས་དང་སྲིད་འཛིན། ཁྲིམས་འཛིན་བཅས་དབང་གསུམ་ལོགས་ཕྱེས་རྩ་དོན་ལག་ཏུ་བསྟར་བའི་རྒྱལ་ཁབ་ཁྲོད་དུ། གྲོས་ཁང་ནི་ཁྲིམས་འཛུགས་ལས་ཁུངས་གཅིག་པུ་དེ་ཡིན། གྲོས་ཁང་དང་སྲིད་འཛིན་དབང་ཆ་སྤྱོད་པའི་ཙུང་ཐུང་། ཁྲིམས་འཛིན་དབང་ཆ་སྤྱོད་པའི་ཁྲིམས་ཁང་གསུམ་ནི་ཕན་ཚུན་ཚོད་འཛིན་དང་དོ་སྙོམས་ཀྱི་གོ་གནས་སུ་ཡོད། གྲོས་ཁང་ལམ་ལུགས་ལག་བསྟར་བྱེད་པའི་རྒྱལ་ཁབ་ཏུ། གྲོས་ཁང་ལ་ནང་སྲིད་ལས་ཁུངས་ལ་སྟངས་འཛིན་བྱེད་དབང་ཡོད་པ་དང་། སྤྱིར་བཏང་ཁྲིམས་འཛིན་ལ་ཐེ་གཏོགས་བྱེད་མི་ཆོག རང་རྒྱལ་དུ། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན་པ་དང་། ས་གནས་རིམ་པ་སོ་སོའི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ནི་ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་ཡིན། དེ་དག་ཐམས་ཅད་ནི་མི་དམངས་ཀྱིས་འདེམས་བསྐོ་བྱས་ནས་བྱུང་བ་ཡིན་ལ། མི་དམངས་ལ་འགན་ཁུར་བ་དང་མི་དམངས་ཀྱིས་ལྟ་སྐུལ་བྱེད་པ་ཡིན། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་དང་འདྲི་གཅོད་ལས་ཁུངས། དམག་དོན་ལས་ཁུངས་ཐམས་ཅད་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ལས་བྱུང་བ་དང་། རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ལ་འགན་འཁུར་དགོས་ཤིང་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱིས་ལྟ་སྐུལ་བྱེད་པ་ཡིན།

རིགས་དབྱེ།  

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་།

རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་ལས་ཁང་ནི་སྤྱི་ལོ1988ལོའི་ཟླ9པའི་ཚེས9ཉིན་གྱི་ཐེངས21པའི་རྒྱུན་ལས་གྲོས་ཚོགས་སུ་འཛུགས་རྒྱུ་གཏན་འཁེལ་བྱས་ཏེ་བཙུགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་སྒྲུབ་ལས་ཁུངས་ཡིན་ལ། ཐད་ཀར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཏོགས་པའི་བྱ་ལས་ལས་ཁུངས་ཡིན། སྤྱི་ལོ1991ལོའི་ཟླ3པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུའི་གྲོས་ཐག་བཅད་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་ལས་ཁང་དང་ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ལས་ཁུངས་གཅིག་ལ་སྒོ་བྱང་གཉིས་བཀལ་ནས་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་ཀྱི་གྲས་སུ་བཅུག་པ་རེད། གཞུང་ལས་ཁང་དེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འབེབས་བྱས་པའི་བྱེད་ཕྱོགས་སྲིད་ཇུས་གཞིར་བཟུང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་དང་། ཞིང་ཆེན། གྲོང་ཁྱེར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱི་དཔལ་འབྱོར་དང་། ཚན་རྩལ། སློབ་གསོ། རིག་གནས་བཅས་ཀྱི་ཐད་ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་ལ་དོ་དམ་དང་། མཛུབ་ཁྲིད། མཐུན་སྦྱོར་བཅས་བྱེད་པ་དང་། སྡེ་ཁག་ཁག་དང་ས་ཁུལ་ཁག་གིས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་དང་སྲིད་ཇུས་ལག་ལེན་མཐར་ཕྱིན་བསྟར་ཚུལ་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་ནས། ཐའེ་ཝན་དང་འབྲེལ་བ་ཡོད་པའི་ལས་དོན་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་དང་གཏན་འབེབས་སྒྲིག་འཛུགས་བྱེད་པ་བཅས་སོ།།

རིགས་དབྱེ།  

ཞིབ་དཔྱོད་ལས་ཁུངས།

ཞིབ་དཔྱོད་ལས་ཁུངས་ནི་རྒྱལ་ཁབ་ཀྱི་ཚབ་བྱས་ནས་ཁྲིམས་ལྟར་ཞིབ་དཔྱོད་དབང་ཆ་སྤྱོད་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན། དེའི་འགན་ལས་འགན་གཙོ་བོ་ནི། ཉེས་དོན་འགན་འཁྲི་བདའ་འདེད་གཏོང་བ་དང་། གཞུང་གཏུག་ཁྲིམས་སྦྱོར་དང་བཅའ་ཁྲིམས་ལྟ་སྐུལ་ལག་བསྟར་བྱེད་དོ།། མ་རྩ་རིང་ལུགས་རྒྱལ་ཁབ་ཀྱི་ཞིབ་དཔྱོད་ལས་ཁུངས་འགའ་ཞིག་ནི་ཁྲིམས་ལུགས་མ་ལག་ཏུ་གཏོགས་ཤིང་། འགའ་ཞིག་ཁེར་ཚུགས་སུ་བཙུགས་ཡོད། ཀྲུང་གོ་རུ། མི་དམངས་ཞིབ་དཔྱོད་ཁང་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟ་སྐུལ་ལས་ཁུངས་ཡིན། དེ་ནི་རིམ་པ་གཅིག་པའི་དམངས་ཆེན་འཐུས་ཚོགས་ལས་བྱུང་བ་ཡིན་ལ། དམངས་ཆེན་འཐུས་ཚོགས་ལ་འགན་ཁུར་ཏེ་བྱ་བའི་སྙན་ཞུ་འབུལ་དགོས། ཞིབ་དཔྱོད་ཁང་དང་མི་དམངས་ཁྲིམས་ཁང་། སྲིད་གཞུང་བཅས་ནི་འདྲ་གཤིབ་ཡིན་ལ། གཞུང་གཅིག་དང་ཁང་གཉིས་ཞེས་བརྗོད། དེའི་འགན་དབང་གཙོ་བོར། འཛིན་བཟུང་ལ་ཆོག་མཆན་ཞིབ་བཤེར་བྱེད་པ་དང་། ཞུ་གཏུག་ཐག་གཅོད་དང་ཁྲིམས་ཁང་ནས་གཞུང་གཏུག་ལ་རྒྱབ་སྐྱོར་བྱེད་པའི་འགན་ནུས་ལྡན། ཀྲུང་གོས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་ས་གནས་རིམ་པ་སོ་སོའི་ཞིབ་དཔྱོད་ཁང་དང་དམག་དོན་ཞིབ་དཔྱོད་ཁང་། ཆེད་དམིགས་མི་དམངས་ཞིབ་དཔྱོད་ཁང་བཅས་བཙུགས་ཡོད།

རིགས་དབྱེ།  

ཁྲིམས་འཛུགས་ལས་ཁུངས།

ཁྲིམས་འཛུགས་ལས་ཁུངས་ནི་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས། རྩིས་མེད་དུ་གཏོང་བའི་རྒྱལ་ཁབ་ཀྱི་ལས་ཁུངས་ཡིན། མ་རྩ་རིང་ལུགས་ཀྱི་ཁྲིམས་འཛུགས་ལས་ཁུངས་ནི་གྲོས་ཁང་ཡིན། ཀྲུང་གོའི་ཁྲིམས་འཛུགས་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཡིན། སྒྲ་ཡངས་འཇུག་གི་“ཁྲིམས”ལྟར་ན། ཁྲིམས་འཛུགས་ཀྱི་ཁྱབ་ཁོངས་ཀྱང་དེ་བཞིན་ཆེ་རུ་འགྲོ། དཔེར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྲིད་འཛིན་ཁྲིམས་སྲོལ་གཏན་ལ་འབེབ་ཆོག་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཏན་འབེབས་བྱེད་ཆོག མི་རིགས་རང་སྐྱོང་ས་ཁུལ་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་རང་སྐྱོང་ཁྲིམས་སྲོལ་གཏན་ལ་འབེབ་ཆོག་གོ །

རིགས་དབྱེ།  

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་པུའུ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་པུའུ་ནི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལྟ་ཞིབ་བཅའ་ཁྲིམས》ཀྱིས་བསྩལ་བའི་སྲིད་འཛིན་ལྟ་ཞིབ་དབང་ཆ་སྤྱོད་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ལས་ཁུངས་ཡིན་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་ཅིག་ཀྱང་ཡིན། སྤྱི་ལོ1993ལོའི་ཟླ2པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐག་གཅོད་ལྟར། ལྟ་ཞིབ་པུའུ་དང་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གཉིས་མཉམ་དུ་བསྒྲིལ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་ཀྱི་གྲས་སུ་བསྡུས་ཏེ་སྒྲིགས་བཅད་ནི་ཀྲུང་གུང་ཀྲུང་དབྱང་གི་ཐད་གཏོགས་ལས་ཁུངས་སུ་བཅུག རྒྱལ་ཁབ་རུལ་སུངས་སྔོན་འགོག་ཅུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་སུ་བསྡུས་པ་དང་ལྟ་ཞིབ་ཁང་དུ་སྒོ་བྱང་བསྣན་ཡོད། སྤྱི་ལོ2018ལོའི་ཟླ3པར། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་རྩ་ཁྲིམས་བསྒྱུར་བཅོས་ཀྱི་རྩ་གནད་ལ་གྲོས་འཆམ་བྱུང་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་བཙུགས་པ་དང་། ལྟ་ཞིབ་པུའུ་སོར་འཇོག་མི་བྱེད་པར་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་སུ་བཅུག

རིགས་དབྱེ།  

ཀྲུང་དབྱང་སྲིད་འཛིན་ལས་ཁུངས།

རང་རྒྱལ་གྱི་ཀྲུང་དབྱང་སྲིད་འཛིན་ལས་ཁུངས་ནི། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་གཏོགས་པའི་བྱ་བའི་ཚན་ཁག་སོ་སོར་བརྗོད་ཅིང་། སྲིད་འཛིན་ལས་ཁུངས་ཀྱི་གོ་རིམ་དུ་གོ་གནས་ཆེས་མཐོ་ཤོས་ཡིན།

རིགས་དབྱེ།  

ཀྲུང་དབྱང་ཕྱི་འབྲེལ་གཞུང་ལས་ཁང་།

ཀྲུང་དབྱང་ཕྱི་འབྲེལ་གཞུང་ལས་ཁང་ནི་ཀྲུང་དབྱང་ཕྱི་འབྲེལ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་རྒྱུན་བཙུགས་ལས་སྒྲུབ་ལས་ཁུངས་ཡིན་ལ། ཐད་ཀར་ཀྲུང་གུང་ཀྲུང་དབྱང་ལ་གཏོགས་པའི་ལས་ཁུངས་ཤིག་ཀྱང་ཡིན།

རིགས་དབྱེ།