ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >ཀུང་ཟི།

ཀུང་ཟི།

ཀུང་ཟི་ནི་བཅའ་ཁྲིམས་ལ་བརྟེན་ནས་གསར་འཛུགས་བྱས་པ་དང་། རང་ཚུགས་ཀྱི་ཁྲིམས་མིའི་རྒྱུ་ནོར་ཡོད་ཅིང་། ཁེ་བཟང་འཚོལ་བ་གཙོ་བོར་དམིགས་པའི་ཁེ་ལས་ཀྱི་ཁྲིམས་མི་ལ་གོ དེང་རབས་ཀྱི་ཀྲུང་གོ་ཀུང་ཟིའི་སྒྲིག་ཁྲིམས་ལྟར་ཀུང་ཟིའི་རྣམ་པ་གཙོ་བོ་གཉིས་ནི་ཚད་ཡོད་འགན་ལེན་ཀུང་ཟི་དང་མ་རྐང་ཚད་ཡོད་ཀུང་ཟི་གཉིས་ཡིན། ཀུང་ཟི་རིགས་འདི་གཉིས་ཁྲིམས་མི་ཡིན་ཞིང་། མ་དངུལ་འཇོག་པའི་མི་ལ་ཚད་ཡོད་འགན་ལེན་གྱི་སྲུང་སྐྱོབ་ཐོབ་ངེས་པ་ཡིན།

རིགས་དབྱེ།  

བརྡ་ཁྱབ་ཀུང་ཟི།

བརྡ་ཁྱབ་ཀུང་ཟི་ནི་ཆེད་དུ་བརྡ་ཁྱབ་ལས་རིགས་ཀྱི་བྱེད་སྒོ་གཙོ་བོ་གཉེར་བའི་ཁེ་ལས་ལ་གོ་ཞིང་། དེ་ནི་བརྡ་ཁྱབ་ལས་ཚབ་ཀུང་ཟི་ཡི་ཐ་སྙད་ཕལ་བའི་འབོད་སྟངས་ཤིག་ཡིན།

རིགས་དབྱེ།  

གྱོན་ཆས་བཟོ་གྲྭ།

གྱོན་ཆས་བཟོ་གྲྭ་ལ་དེང་རབས་ཅན་གྱི་གྱོན་ཆས་བཟོ་བའི་སྒྲིག་ཆས་ཁ་ཚང་དགོས་པ་དང་། དེའི་ཁོངས་སུ་འཚེམ་འཁོར་དང་དྲ་གྲི་སོགས་འཕྲུལ་ཆས་བརྒྱ་དང་ཉི་ཤུ་ལྷག་འདུ་བ་ཡིན། གྱོན་ཆས་བཟོ་གྲྭ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཐོན་སྐྱེད་དང་སློབ་སྦྱོང་ཟུང་འབྲེལ་བྱས་ནས་སྤྱོད་ཡོན་གཉིས་ལྡན་གྱི་མི་དང་སྒྲིག་ཆས་ལག་རྩལ་གྱི་ཁྱད་ནུས་འདོན་སྤེལ་བྱས་ཏེ། ཁེ་ལས་ལ་ལག་རྩལ་གྱི་ཕྱོགས་ནས་འདོན་སྤྲོད་དང་རྒྱབ་སྐྱོར་བྱས་ནས་འཁལ་འཐག་གྱོན་ཆས་ཁེ་ལས་ཏེ་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱེད་དགོས།

རིགས་དབྱེ།  

ཇུས་འགོད་ཀུང་ཟི།

ཇུས་འགོད་ཀུང་ཟི་ནི་ངོས་མཉམ་དང་བར་གསེང་། འགུལ་བརྙན། སྣོལ་རེས་རྣམ་པ། བཟོ་ལས། ཨར་ལས་སོགས་གསར་གཏོད་བྱེད་པའི་ཆེད་ལས་རང་བཞིན་གྱི་ཀུང་ཟི་ཞིག་ཡིན། ཇུས་འགོད་ཀུང་ཟི་ནི་འབྲེལ་ཡོད་ཀྱི་ཚོང་འགྲུལ་པར་ཇུས་འགོད་ཕྱོགས་ཀྱི་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་ཡིན་ཞིང་། ཆེད་ལས་ཀྱི་ཇུས་འགོད་དང་མངོན་འགྱུར་བྱུང་ཆོག་པའི་རང་བཞིན་གྱི་ཐད་ནས་ཚོང་འགྲུལ་པར་ཇུས་འགོད་ཕྱོགས་ཀྱི་ཞབས་ཞུ་ཐག་གཅོད་བྱེད་པའི་ཁེ་ལས་སྡེ་ཁག་ཅིག་ཡིན། ཁེ་ལས་འདིའི་རིགས་ལ་སྤྱིར་བཏང་དུ་ཚོང་ལས་དང་སྒྱུ་རྩལ་གྱི་རྣམ་པ་ཡོད་ཅིང་། ངེས་གཏན་གྱི་འགལ་ཟླའི་ངོ་བོའང་ཡོད་ལ། གཙོ་བོ་ཀུང་ཟིའི་ལས་སྒོ་ཡི་རང་བཞིན་དང་ཚོགས་པའི་གྲུབ་ཚུལ་གྱིས་ཀུང་ཟིའི་ངོ་བོ་མངོན་པ་ཡིན།

རིགས་དབྱེ།  

ཚད་ཡོད་འགན་ལེན་ཀུང་ཟི།

ཚད་ཡོད་འགན་ལེན་ཀུང་ཟི་ཡི་བསྡུས་མིང་ལ་ཚད་ཡོད་ཀུང་ཟི་ཟེར་ཞིང་། དེ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀུང་ཟི་ཐོ་འགོད་དོ་དམ་ཁྲིམས་སྲོལ》ལྟར་གཞུང་སར་ཐོ་འགོད་བྱེད་པ་དང་མ་རྐང་ལྔ་བཅུ་ལྷག་གིས་མ་དངུལ་བཏང་ནས་གསར་འཛུགས་བྱེད་པ་ཡིན། མ་རྐང་རེ་རེས་རང་ཉིད་ཀྱིས་མ་དངུལ་བཏང་བའི་ཚད་གཞི་ལྟར་ཀུང་ཟི་ལ་ཚད་ཡོད་འགན་ལེན་ཁུར་དགོས། ཚད་ཡོད་འགན་ལེན་ཀུང་ཟི་ལ་རྒྱལ་ཁབ་ལ་དབང་བའི་ཁེར་རྐྱང་གིས་མ་དངུལ་བཏང་བའི་ཚད་ཡོད་ཀུང་ཟི་དང་གཞན་པའི་ཚད་ཡོད་འགན་ལེན་ཀུང་ཟི་འདུ་བ་ཡིན།

རིགས་དབྱེ།  

ཧུང་ཡོན་འབྲི་འོ་ལས་རིགས་འགན་འཁྲི་ཚད་ཡོད་ཀུང་སི།

འདི་ནི་སྔར་གྱི་ཧུང་ཡོན་འོ་ཕྱེ་བཟོ་གྲྭ་དེ་ཡིན་ལ། སྤྱི་ལོ1956ལོའི་ཟླ6པར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་བླ་མ་གུང་ཐང་ཚང་གཙོས་བླ་སེར་རྒྱལ་གཅེས་པ་དུ་མས་མ་དངུལ་བསྡུས་ཏེ་འོ་ལས་ཐོན་རྫས་བཟོ་གྲྭ་བཙུགས་པ་དང་། དུས་རབས་རིམ་ཅན་གྱི་ནང་ཉམས་གསོ་རྒྱ་བསྐྱེད་ཐེངས་མང་བོ་བྱས་ཏེ་ད་ལྟའི་གཞི་ཁྱོན་འདི་ཆགས་པ་རེད།

རིགས་དབྱེ།  

ཧུང་ཡོན་འབྲི་ཤ་ཟས་རིགས་འགན་འཁྲི་ཚད་ཡོད་ཀུང་སི།

ཧུང་ཡོན་འབྲི་ཤ་ཟས་རིགས་འགན་འཁྲི་ཚད་ཡོད་ཀུང་སི་ནི་སྤྱི་ལོ1974ལོར་ཀྲུང་གུང་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་རྒྱབ་སྐྱོར་བྱས་པའི་འོག་ཏུ། ཞིང་ཆེན་ཚོང་ལས་ཐིང་གིས་མ་དངུལ་བཏང་ནས། སྤྱི་ལོ1975ལོར་བསྐྲུན་པ་དང་། འདི་ནི་སྔར་གྱི་རྒྱལ་གཉེར་ཧུང་ཡོན་རྫོང་ཤ་རིགས་མཉམ་གཉེར་ལས་སྣོན་བཟོ་གྲྭ་དེ་ཡིན།

རིགས་དབྱེ།  

སི་ཁྲོན་སྐར་དམར་ལིང་ཏི་ཆང་གཞིས་ཚད་ཡོད་ཀུང་སི།

སི་ཁྲོན་སྐར་དམར་ལིང་ཏི་ཆང་གཞིས་ཚད་ཡོད་ཀུང་སི་ནི་སྤྱི་ལོ2005ལོའི་ཟླ1པོའི་ཚེས26ཉིན་སི་ཁྲོན་མའོ་རྫོང་ནས་བཙུགས་ཤིང་། ཐོ་འགོད་མ་དངུལ་སྒོར་ཁྲི2000ཡིན་པ་རེད། གཙོ་བོ་ནི་རྒུན་ཆང་ཐོན་རྫས་ཐོན་སྐྱེད་དང་། བྲིན་འཚོང་། ཞིང་ཞོར་ཐོན་རྫས་དང་འབྲེལ་ཡོད་ཀྱི་ལག་རྩལ་གསར་སྤེལ་དང་། ཞབས་ཕྱི་ཞུ་བ། ཀུང་སིའི་རྒུན་ཆང་སྙོལ་བའི་རྒྱུ་ཆ་ནི་རྨིན་ཅང་གཙང་པོའི་ཐན་པ་ལུང་གཞུང་ཐོན་ཁུལ་ཡིན ། ཀུང་སི+ཞིང་དུད་ཅེས་པའི་བྱེད་སྟངས་བརྟེན་ནས་ཐོན་པའི་སྤུས་ལེགས་རྩ་ཆེན་རིགས་དང་། མིག་སྔར་ཀུང་སིའི་ཐོན་རྫས་གཙོ་བོ་ལིང་ཏི་གཞིས་ཀའི་རྒུན་ཆང་། ལིང་ཏི་ཁྲི་པུའུ་སུའུ་རོང་སའི་རྒུན་ཆང་། ལིང་ཏི་ཡ་ཏོ(ཁྱད་ནོར)རྒུན་ཆང་སོགས་རབ་དང་རིམ་པ་ཡོད།

རིགས་དབྱེ།  

འགན་བཅོལ་ལེན་མི།

དེ་ལ་ཁག་ཐེག་མཁན་ཡང་ཟེར། དེ་ནི་མིས་གན་རྒྱ་འཇོག་སྐབས་གན་རྒྱ་འཇོག་མཁན་ཕན་ཚུན་བར་དངུལ་སྤྲོད་ཐད་ནས་སྤྱོད་ལམ་ཚུལ་མཐུན་ཡོང་བ་དང་དངུལ་བུན་ཕྱིར་སྤྲོད་ལ་ཁག་ཐེག་བྱེད་པའམ་ཡིད་རྟོན་བྱེད་མཁན་གྱི་མི་དེའོ། །

རིགས་དབྱེ།  

ཨཱ་ལི་པ་པ།

ཨཱ་ལི་པ་པ་དྲ་རྒྱའི་ལག་རྩལ་ཚད་ཡོད་ཀུང་ཟི(བསྡུས་མིང་ལ་ཨཱ་ལི་པ་པ་པ་ཚོགས་པའམ་ཡང་ན་ཨཱ་ལི་པ་པ)ནི་དེ་སྔ་དབྱིན་ཡིག་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་མཱ་ཡུན་གཙོ་བྱས་པའི་མི18ཀྱིས་སྤྱི་ལོ1999ལོར་ཀྲེ་ཅང་ཧང་ཀྲོའུ་རུ་བཙུགས་པའི་ཀུང་ཟི་ཞིག་རེད། ཨཱ་ལི་པ་པ་ཚོགས་པས་ལས་སྒོ་མང་པོ་གཉེར་བཞིན་ཡོད་ཅིང་། གཞན་ཡང་ཀུང་ཟིའི་ལས་སྒོ་དང་ཞབས་ཞུའི་ཁྲོད་ནས་ཚོང་ལས་སྣོད་བཅུད་མ་ལག་ཐད་ཀྱི་རོགས་སྐྱོར་མང་པོ་ཐོབ་བཞིན་ཡོད། ལས་སྒོ་དང་འབྲེལ་བ་ཡོད་པའི་ཀུང་ཟིའི་ལས་སྒོའི་ནང་ཐའོ་པའོ་དྲ་བ་དང་ཐེན་མའོ་དྲ་བ། ཅའོ་ཧྭ་སེན་དང་གོ་ལ་ཧྲིལ་པོའི་མྱུར་ཚོང་ཐུང་། ཨཱ་ལི་པ་པ་རྒྱལ་སྤྱིའི་ཉོ་ཚོང་ཁྲོམ་ར་དང1688 ཨཱ་ལི་མ་མ། ཨཱ་ལི་ཡུན། གྲོག་མའི་གསེར་ལྭ་དང་མི་གསར་དྲ་རྒྱ་སོགས་ཚུད་ཡོད།

རིགས་དབྱེ།  

ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་དང་ཀུང་སིའི་བཅོས་སྐྱོང་འཐུས་ཚང་གི་འབྲེལ་བ།

ཏང་གིས་རྒྱལ་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་པ་ནི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་ཞིག་དང་། ཁེ་ལས་ཀྱི་བཅོས་སྐྱོང་བྱེད་པོ་གཞན་དག་གིས་རང་རྟོགས་སྒོས་སྲོག་ཤིང་འདི་ཉིད་ལ་སྲུང་སྐྱོང་བྱ་དགོས།

རིགས་དབྱེ།  

རྒྱལ་ཁབ་ལ་དབང་བའི་མ་རྩ་ཁེར་འཇོག་ཀུང་སི།

རྒྱལ་ཁབ་ལ་དབང་བའི་མ་རྩ་ཁེར་འཇོག་ཀུང་སི་ཞེས་པ་ནི་རྒྱལ་ཁབ་ཀྱིས་མ་དངུལ་ཁེར་འཇོག་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ས་གནས་མི་དམངས་སྲིད་གཞུང་གིས་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ལས་ཁུངས་ལ་དབང་བསྐུར་ནས་མ་རྩ་འཇོག་མཁན་གྱི་འགན་འཁྲི་སྒྲུབ་པའི་འགན་འཁྲི་ཚད་ཡོད་ཀུང་སིར་ཟེར།

རིགས་དབྱེ།  

སི་ཁྲོན་ཆའང་སྡེའི་འཚེམ་དྲུབ་ཀྲོང་ཚད་ཡོད་འགན་འཁྲི་ཀུང་སི།

སི་ཁྲོན་ཆའང་སྡེ་འཚེམ་དྲུབ་ཀྲོང་ཚད་ཡོད་འགན་འཁྲི་ཀུང་སི་ནི་སྤྱི་ལོ2004ལོར་བཙུགས་ཤིང་། ཀུང་སི་འདི་ནི་བོད་ཆའང་མི་རིགས་ཀྱི་གོས་རྒྱན་དང་དེ་བཞིན་ཆའང་རིགས་ཀྱི་འཚེམ་དྲུབ་བཟོ་རྩལ་ཐོན་རྫས། ཡུལ་སྐོར་དྲན་རྟེན། ལག་རྟགས་ཀྱི་ཇུས་འགོད་དང་། གསར་སྤེལ། ཐོན་སྐྱེད་དང་གཉེར་སྐྱོང་བཅས་ཆེད་དུ་བསྒྲུབས་པའི་ཀུང་སི་ཞིག་རེད།

རིགས་དབྱེ།  

ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་།

ཀྲུང་གོའི་འཛུགས་སྐྲུན་དངུལ་ཁང་མ་རྐང་ཚད་ཡོད་ཀུང་ཟི་ནི་ཀྲུང་གོ་ན་གཞི་རྒྱ་ཆེས་ཆེ་བའི་མ་རྐང་ལམ་ལུགས་ཅན་གྱི་ཚོང་དོན་དངུལ་ཁང་ཞིག་ཡིན་ཞིང་། སྤྱི་ཁྱབ་ལས་ཁུངས་པེ་ཅིང་དུ་ཡོད། དངུལ་ཁང་འདི་ནི་སྤྱི་ལོ1954ལོའི་ཟླ10བར་བཙུགས།

རིགས་དབྱེ།  

བྷང་ག་ལའི་ཞིང་གྲོང་དངུལ་ཁང་།

བྷང་ག་ལའི་ཞིང་གྲོང་དངུལ་ཁང་ནི་དངུལ་བུན་ཕྲན་ཚེགས་ཀྱི་གཏོང་བའི་སྒྲིག་གཞི་ཞིག་ཡིན་པ་དང། རྩ་འཛུགས་དེ་དང་དེའི་སྲོལ་གཏོད་མཁན་ཡོའུ་ནུའུ་སི་དང་མཉམ་དུ་སྤྱི་ལོ2006ལོའི་ནོ་པེར་ཞི་བདེའི་བྱ་དགའ་ཐོབ་པ་རེད།

རིགས་དབྱེ།  

ཀྲུང་གོའི་ཞི་ཐུའུ་ཚོགས་པ་ཚད་ཡོད་ཀུང་སི།

དེ་ནི་སྤྱི་ལོ2021ལོའི་ཟླ12པའི་ཚེས23ཉིན་བཙུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོའི་ཧ་ཡང་ལས་རིགས་ཚོགས་པ་ཚད་ཡོད་ཀུང་སི། ཀྲུང་གོའི་གཏེར་ལྔ་མ་རྐང་ཚད་ཡོད་ཀུང་སི། ཀྲུང་གོའི་ངར་ལྕགས་ཞིབ་འཇུག་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཞིབ་འཇུག་ཚན་རྩལ་ཚོགས་པ་ཚད་ཡོད་ཀུང་སི། ཀན་ཀྲོའུ་ཞི་ཐུའུ་ཚོགས་པ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་མ་རྩ་བཏང་ནས་བཙུགས་ཤིང་། སྤྱི་ཁྱབ་པུའུ་ཅང་ཞི་ཀན་ཀྲོའུ་ན་ཡོད།

རིགས་དབྱེ།  

ཧྥེང་ཧོང་མ་རྐང་ཀུང་སི།

ཧྥེང་ཧོང་མ་རྐང་ཀུང་སི་ནི་དེ་སྔའི་ཧྲང་ཧའེ་ཧྥེང་ཧོང་རྐང་འཁོར་ཀུང་སི་ནས་སྒྱུར་བཀོད་བྱས་པ་ཞིག་ཡིན་པ་དང་། ཀུང་སིའི་ལོ་རྒྱུས་དེ་སྤྱི་ལོ1958ལོ་ནས་འཕེལ་རྒྱས་བཏང་བ་བརྒྱུད་སྤྱི་ལོ1992ལོར་ཧྲང་ཧའེ་ཧྥེང་ཧོང་རྐང་འཁོར་ཀུང་སི་བཙུགས་པའི་བར་འཕེལ་རྒྱས་བྱུང་བ་དང་། ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར12.7ཟིན་ནས་རྒྱལ་ཡོངས་ཀྱི་ཡང་བའི་བཟོ་ལས་ཁོངས་གཏོགས་ཀྱི་ཨང་དང་པོར་སླེབས་ཡོད། ཕྱིར་འཚོང་ཡོང་འབབ་ཀྱི་སྤྱི་འབོར་ལ་ཧྲང་ཧའེ་ཡི་ཁེ་ལས500ཡི་ནང་ནས་ཨང15པར་སླེབས་པ་དང་། སྤྱི་ལོ1992ལོར་ཕྱིར་གཏོང་ཕྱི་དངུལ་ཨ་སྒོར་ཁྲི6000ལྷག་ཙམ་ཟིན་ཡོད། ཀུང་སིའི་ཐོན་རྫས་ཀྱི་སྤུས་ཚད་ལེགས་པ་དང་ཧྥེང་ཧོང་རྐང་འཁོར་ཚོང་རྟགས་རྒྱལ་ཡོངས་ཀྱི་གྲགས་ཅན་ཚོང་རྟགས་ཆེ་གྲས་བཅུའི་ཨང་གཉིས་པར་བཞག་ཡོད། ཐོན་རྫས་གཞི་ཁྱོན་ཆེན་པོས་རྒྱལ་སྤྱིའི་ཁྲོམ་རར་བཏོན་པ་དང་། ཀུང་སིས་ཚན་རྩལ་ཡར་ཐོན་དང་ལག་རྩལ་སྒྱུར་བཀོད་ལ་དམ་འཛིན་ཤུགས་ཆེན་བྱས་པས། དེས་བཟོས་པའི་བཟོ་ལྟ་ཅན་གྱི་སྒྲིག་ཆས་ལུང་མོན་རྣམ་པའི་འཁོར་རིགས་འཕྲུལ་འཁོར་གྱི་ནུས་པ་དེ་ཧྥ་རན་སེའིCPMརིགས་གཅིག་པའི་ཐོན་རྫས་ལས་ལྷག་པའི་ནུས་པ་དེ་རྒྱལ་སྤྱིའི་ཆུ་ཚད་དུ་སླེབས་ཡོད་པ་རེད།

རིགས་དབྱེ།  

རྒྱལ་ཁབ་མ་རྐང་ཚོད་འཛིན་ཀུང་སི།

རྒྱལ་ཁབ་མ་རྐང་ཚོད་འཛིན་ཀུང་སི་ནི་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་བཙུགས་པའི་ཁྲིམས་མིའི་གོ་གནས་ལྡན་པའི་དཔལ་འབྱོར་དངོས་གཞི་ཞིག་ཡིན། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་མ་རྩར་བརྟེན་ནས་ཁེ་ལས་ལ་མ་དངུལ་འཇོག་པ་དང་མ་རྐང་འཇོག་པར་ཚོད་འཛིན་གྱི་རང་བཞིན་ལྡན་པའི་མ་རྐང་འཛིན་དབང་ཐོབ་པ་དང་། ལས་འཛིན་ལྷན་ཚོགས་ལ་ཞུགས་པ་བརྒྱུད་ཁེ་ལས་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་གནད་ཆེ་བ་གཏན་འབེབས་བྱ་དགོས་མོད། འོན་ཀྱང་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་སྒོར་ཐད་ཀར་མི་ཞུགས། སྤྱིར་བཏང་དུ་བཤད་ན། རྒྱལ་ཁབ་ཀྱི་མ་རྐང་ཚོད་འཛིན་ཀུང་སི་ནི་ཚོང་ཟོག་ཐོན་སྐྱེད་དང་། ཚོང་ཟོག་འགྲོ་རྒྱུག དངུལ་རྩ་བཅས་གཉེར་སྐྱོང་བྱེད་པའི་ཁེ་ལས་ཤིག་མིན་པར། གཉེར་སྐྱོང་གི་མ་རྐང་བདག་དབང་ཁྱད་ཆོས་སུ་བྱེད་པའི་ཁེ་ལས་ཀྱི་གཉེར་སྐྱོང་ཁེ་ལས་ཤིག་ཡིན།

རིགས་དབྱེ།  

རྒྱལ་ཁབ་ཀྱི་རྐང་དངུལ།

རྒྱལ་ཁབ་ཀྱི་རྐང་དངུལ་ནི་རྒྱལ་ཁབ་གཞུང་ནས་མ་དངུལ་འཇོག་དབང་བསྐུར་བའི་ལས་ཁུངས་སམ་རྒྱལ་ཁབ་གཞུང་ནས་མ་དངུལ་འཇོག་དབང་བསྐུར་བའི་སྡེ་ཁག་གིས་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་གྱིས་ཀུང་སིར་མ་དངུལ་བཞག་སྟེ་གྲུབ་པའི་མ་རྐང་ལ་ཟེར། རྒྱལ་ཁབ་ལ་དབང་བའི་ཁྲིམས་ལུགས་ཀྱི་མ་རྐང་ནི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་ཁྲིམས་མི་དང་། རྒྱལ་ཁབ་ལ་དབང་བའི་བྱ་གཞག སྤྱི་ཚོགས་ཀྱི་ཚོགས་པ་བཅས་ཀྱི་ཁྲིམས་མིས་ཁྲིམས་ལྟར་བཀོལ་སྤྱོད་བྱས་ཆོག་པའི་རྒྱུ་ནོར་དེ་རང་ཉིད་ཀྱི་ཀུང་སིར་མ་དངུལ་བཞག་ནས་གྲུབ་པའི་མ་རྐང་ལ་ཟེར།

རིགས་དབྱེ།  

ཁྲིམས་ཚན་མ་རྐང་།

ཁྲིམས་ཚན་མ་རྐང་ནི་ཁེ་ལས་ཁྲིམས་ཚན་ནམ་ཡང་ན་ཁྲིམས་ཚན་གྱི་ཐོབ་ཐང་ཡོད་པའི་བྱ་གཞག་ཚན་པ་དང་སྤྱི་ཚོགས་ཚོགས་པས་ཁྲིམས་བཞིན་བཀོལ་སྤྱོད་ཆོག་པའི་རྒྱུ་ནོར་ལ་བརྟེན་ནས་མ་རྐང་ཚད་ཡོད་ཀུང་སིས་ཁྲོམ་འགྲེམས་བྱེད་རྒྱུ་མིན་པའི་རྐང་དབང་གི་ཆ་ཤས་ཤིག་ལ་མ་འཇོག་བྱས་ནས་གྲུབ་པའི་མ་རྐང་ལ་ཟེར། གལ་ཏེ་ཁྲིམས་མི་དེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་དང་། བྱ་གཞག སྡེ་ཚན་གཞན་དག་བཅས་ཡིན་ན། བཅའ་ཁྲིམས་ཀྱི་མ་རྐང་དེ་རྒྱལ་ཁབ་ལ་དབང་བའི་ཁྲིམས་མིའི་མ་རྐང་ཡིན་པ་དང་། གལ་ཏེ་རྒྱལ་ཁབ་ལ་དབང་བ་མིན་པའི་ཁྲིམས་མིའི་རྒྱུ་ནོར་ཁྲོམ་འགྲེམས་ཀུང་སིར་མ་འཇོག་བྱས་ནས་གྲུབ་པའི་མ་རྐང་ཡིན་ཚེ་སྤྱི་ཚོགས་ཁྲིམས་མིའི་མ་རྐང་ཡིན།

རིགས་དབྱེ།  

སྤྱི་དམངས་མ་རྐང་།

སྤྱི་དམངས་མ་རྐང་ནི་མི་སྒེར་རམ་མ་རྐང་ཀུང་སིའི་ནང་ཁུལ་གྱི་ལས་བཟོ་པས་མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ཀུང་སིར་བཏང་ནས་གྲུབ་པའི་མ་རྐང་ལ་གོ་དགོས། སྤྱི་དམངས་ཀྱི་མ་རྐང་ལ་རྩ་བའི་རྣམ་པ་གཉིས་ཡོད་དེ། ཀུང་སིའི་ལས་བཟོ་བའི་མ་རྐང་དང་སྤྱི་ཚོགས་ཀྱི་མ་རྐང་བཅས་ཡིན།

རིགས་དབྱེ།  

ཕྱི་རྒྱལ་མ་རྩའི་རྐང་དངུལ།

ཕྱི་རྒྱལ་མ་རྩའི་རྐང་དངུལ་ནི་སྤྱིར་བཏང་དུ་ཕྱི་རྒྱལ་གྱི་དངུལ་ལོར་གྱིས་རྐང་དངུལ་ཉོ་རྒྱུ་ཁས་ལེན་དང་ཉོ་ཚོང་བྱེད་པའི་རྐང་དངུལ་ལ་ཟེར། ཕྱི་རྒྱལ་མ་དངུལ་གྱི་རྐང་དངུལ་ལ་གཙོ་བོར་རྒྱལ་ནང་གི་ཚོང་རར་འགྲེམས་པའི་ཕྱི་རྒྱལ་མ་དངུལ་གྱི་རྐང་དངུལ་ཡོད་པ་དང་། རྒྱལ་ནང་གི་ཚོང་རར་འགྲེམས་པའི་ཕྱི་རྒྱལ་མ་དངུལ་གྱི་རྐང་དངུལ་ལ་སྤྱིར་བཏང་མ་རྐངBཟེར། ཕྱི་རྒྱལ་མ་དངུལ་གྱི་རྐང་དངུལ་ལ་ཕྱི་རྒྱལ་གྱི་ཚོང་རར་འགྲེམས་པའི་རྐང་དངུལ་དང་ཕྱི་རྒྱལ་མ་དངུལ་གྱི་རྐང་དངུལ་ཡོད།

རིགས་དབྱེ།  

རྒྱལ་ཁབ་ཀྱི་མ་རྐང་འཇོག་མཁན།

རྒྱལ་ཁབ་ཀྱི་མ་རྐང་འཇོག་མཁན་ལ་སྲིད་གཞུང་གི་མ་རྐང་འཇོག་མཁན་ཀྱང་ཟེར། རྒྱལ་ཁབ་བམ་ས་གནས་སྲིད་གཞུང་རིམ་པ་ཁག་ནི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དབང་མཁན་ཡིན་པའི་ཆ་ནས། མ་རྐང་ལམ་ལུགས་ཀྱི་ཁེ་ལས་ཁྲོད་མ་རྐང་འཇོག་མཁན་གི་མཚོན་ཚུལ་ཡིན། རྒྱལ་ཁབ་ཀྱི་མ་རྐང་འཇོག་མཁན་ནི་སྤྱིར་བཏང་དུ་རྒྱལ་ཁབ་དང་ས་གནས་ཀྱི་སྲིད་གཞུང་རིམ་པ་ཁག་གིས་མངགས་པའི་འཐུས་ཚབ་ཀྱིས་འགན་འཁུར་དགོས།

རིགས་དབྱེ།  

སྤྱི་ཚོགས་རིང་ལུགས་ཀྱི་མ་རྐང་ལམ་ལུགས།

སྤྱི་ཚོགས་རིང་ལུགས་ཀྱི་མ་རྐང་ལམ་ལུགས་ནི་སྤྱི་ལ་དབང་བའི་མ་རྐང་གིས་གཙོ་བོ་བྱས་ཏེ། མ་རྐང་ལམ་ལུགས་ཀྱི་སྤྱིར་བཏང་གི་སྒྲིག་སྲོལ་ལྟར་འཁོར་སྐྱོད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁེ་ལས་རྩ་འཛུགས་ཀྱི་རྣམ་པར་བསྟན་པ་ཡིན། ཀྲུང་གོའི་དཔལ་འབྱོར་གྱི་ཁོར་ཡུག་དངོས་ཀྱི་ནང་དུ་རྩ་བ་ཚུགས་པ་ཞིག་རེད།

རིགས་དབྱེ།  

ལས་གྲྭ་ལྟ་སྐུལ་དོ་དམ་ཀུང་སི།

ལས་གྲྭ་ལྟ་སྐུལ་དོ་དམ་ཀུང་སི་ཞེས་པ་ནི་ལོ་འཁོར་མོར་གྲོང་ཁྱེར་དོ་དམ་དང་། སྡོད་ཁང་འཛུགས་སྐྲུན། གཞུང་ལམ། ཆུ་བེད་ཆུ་གློག གཏེར་རི་སོགས་ལས་གྲྭའི་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་འབྲེལ་དེ་མཚུངས་ཀྱི་ལས་གྲྭའི་ལྟ་སྐུལ་དོ་དམ་ལས་རིགས་ཀྱི་ལག་ཁྱེར་ཐོབ་པའི་ཚན་པའམ་ཡང་ན་སྒྲིག་གཞི་ལ་ཟེར། དེའི་ཐོབ་ཐང་དེ་ངེས་པར་དུ《ལས་གྲྭ་འཛུགས་སྐྲུན་ལྟ་སྐུལ་དོ་དམ་ཚན་པའི་ཐོབ་ཐང་དོ་དམ་ཚོད་ལྟའི་ལག་བསྟར་བྱེད་ཐབས》ཀྱི་གཏན་འབེབས་དང་མཐུན་དགོས། ཨར་ལས་ལྟ་སྐུལ་དོ་དམ་ཀུང་སི་ཞེས་པ་ནི་ཨར་ལས་བྱེད་རིང་རང་ཚུགས་ཀྱི་ཕྱོགས་གསུམ་པར་ཟེར་བ་མ་ཟད། དེས་འགན་འཁུར་བའི་ཨར་ལས་རྣམ་གྲངས་ལ་དཔལ་འབྱོར་དང་ལག་རྩལ་གྱི་འགན་འཁྲི་འཁུར་དགོས།

རིགས་དབྱེ།  

ཞིན་ཅང་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི།

ཞིན་ཅང་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི་དེ་སྤྱི་ལོ1988ལོའི་ཟླ7པའི་ཚེས06ཉིན་བཙུགས་ཤིང་། ཁྲིམས་བཀོད་འཐུས་ཚབ་པ་ལིའུ་མིང་ཡིན།

རིགས་དབྱེ།