ཇུས་འགོད་ཀུང་ཟི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཇུས་འགོད་ཀུང་ཟི།
ཇུས་འགོད་ཀུང་ཟི་ནི་ངོས་མཉམ་དང་བར་གསེང་། འགུལ་བརྙན། སྣོལ་རེས་རྣམ་པ། བཟོ་ལས། ཨར་ལས་སོགས་གསར་གཏོད་བྱེད་པའི་ཆེད་ལས་རང་བཞིན་གྱི་ཀུང་ཟི་ཞིག་ཡིན། ཇུས་འགོད་ཀུང་ཟི་ནི་འབྲེལ་ཡོད་ཀྱི་ཚོང་འགྲུལ་པར་ཇུས་འགོད་ཕྱོགས་ཀྱི་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་ཡིན་ཞིང་། ཆེད་ལས་ཀྱི་ཇུས་འགོད་དང་མངོན་འགྱུར་བྱུང་ཆོག་པའི་རང་བཞིན་གྱི་ཐད་ནས་ཚོང་འགྲུལ་པར་ཇུས་འགོད་ཕྱོགས་ཀྱི་ཞབས་ཞུ་ཐག་གཅོད་བྱེད་པའི་ཁེ་ལས་སྡེ་ཁག་ཅིག་ཡིན། ཁེ་ལས་འདིའི་རིགས་ལ་སྤྱིར་བཏང་དུ་ཚོང་ལས་དང་སྒྱུ་རྩལ་གྱི་རྣམ་པ་ཡོད་ཅིང་། ངེས་གཏན་གྱི་འགལ་ཟླའི་ངོ་བོའང་ཡོད་ལ། གཙོ་བོ་ཀུང་ཟིའི་ལས་སྒོ་ཡི་རང་བཞིན་དང་ཚོགས་པའི་གྲུབ་ཚུལ་གྱིས་ཀུང་ཟིའི་ངོ་བོ་མངོན་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
设计公司
ངོ་བོ།
ཁེ་བཟང་འཚོལ་བའི་རྣམ་པ།
གཉེར་སྐྱོང་གི་རྣམ་པ།
ཇུས་འགོད་དང་སྒྲིག་སྦྱོར་ཟུང་འབྲེལ།
བདག་གཉེར་ནང་དོན།
ཁང་བའི་ནང་གི་ཇུས་འགོད་དང་སྒྲིག་སྦྱོར། རྒྱུ་ཆ་སོགས།
1 ངོ་སྤྲོད།

ཇུས་འགོད་ཀུང་ཟི་ནི་ངོས་མཉམ་དང་བར་གསེང་། འགུལ་བརྙན། སྣོལ་རེས་རྣམ་པ། བཟོ་ལས། ཨར་ལས་སོགས་གསར་གཏོད་བྱེད་པའི་ཆེད་ལས་རང་བཞིན་གྱི་ཀུང་ཟི་ཞིག་ཡིན། ཇུས་འགོད་ཀུང་ཟི་ནི་འབྲེལ་ཡོད་ཀྱི་ཚོང་འགྲུལ་པར་ཇུས་འགོད་ཕྱོགས་ཀྱི་ལག་རྩལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་པ་ཡིན་ཞིང་།  ཆེད་ལས་ཀྱི་ཇུས་འགོད་དང་མངོན་འགྱུར་བྱུང་ཆོག་པའི་རང་བཞིན་གྱི་ཐད་ནས་ཚོང་འགྲུལ་པར་ཇུས་འགོད་ཕྱོགས་ཀྱི་ཞབས་ཞུ་ཐག་གཅོད་བྱེད་པའི་ཁེ་ལས་སྡེ་ཁག་ཅིག་ཡིན།  ཁེ་ལས་འདིའི་རིགས་ལ་སྤྱིར་བཏང་དུ་ཚོང་ལས་དང་སྒྱུ་རྩལ་གྱི་རྣམ་པ་ཡོད་ཅིང་།   ངེས་གཏན་གྱི་འགལ་ཟླའི་ངོ་བོའང་ཡོད་ལ།  གཙོ་བོ་ཀུང་ཟིའི་ལས་སྒོ་ཡི་རང་བཞིན་དང་ཚོགས་པའི་གྲུབ་ཚུལ་གྱིས་ཀུང་ཟིའི་ངོ་བོ་མངོན་པ་ཡིན།

2 འབྱུང་ཁུངས།

དེང་རབས་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། ཚོང་འགྲུལ་པས་འཚོ་བའི་སྤུས་ཚད་ཐད་ལ་བཟུང་བའི་རྣམ་འགྱུར་ཡང་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད།  དེ་བས།  དུས་ཡུན་རིང་བའི་སྡོད་ཁང་ནང་དུ་བག་ཕེབས་ཀྱི་ངང་ནས་འཚོ་བ་རོལ་འདོད་པ་ནི་མི་རྣམས་ཀྱི་རེ་བ་ཉག་ཅིག་ཡིན།  ཇུས་འགོད་ཀུང་ཟི་ནི་གནས་ཚུལ་འདི་ལ་དམིགས་ནས་ཞབས་ཞུ་རང་བཞིན་གྱི་ཁེ་ལས་སྡེ་ཁག་ཅིག་ཡིན།   ཚོང་འགྲུལ་པའི་མཁོ་འདོད་ཇེ་མཐོར་སོང་བའི་རྐྱེན་གྱིས།   ཇུས་འགོད་སྒྲིག་སྦྱོར་གྱི་ལས་རིགས་དར་བ་དང་།  དེར་བརྟེན་ཇུས་འགོད་ཀུང་ཟིའི་འཕེལ་རྒྱས་ལའང་སྐུལ་འདེད་བྱུང་བ་ཡིན།

3 དབྱེ་བ།

ཇུས་འགོད་ཀུང་ཟི་ལ་ངོས་སྙོམས་ཇུས་འགོད་ཀུང་ཟི་དང་གྱོན་ཆས་ཇུས་འགོད་ཀུང་ཟི། བཟོ་ལས་ཇུས་འགོད་ཀུང་ཟི། མཛེས་ལྗོངས་ཇུས་འགོད་ཀུང་ཟི།  ཁང་བའི་ནང་གི་ཇུས་འགོད་ཀུང་ཟི།  ཁྱིམ་ཆས་ཇུས་འགོད་ཀུང་ཟི་བཅས་རིགས་དྲུག་ཡོད་ཅིང་།  དེ་དག་རེ་རེའི་གཉེར་བའི་ལས་ཀ་གཅིག་མཚུངས་མིན་པ་དང་ཚོང་འགྲུལ་པའི་རེ་འདོད་ལྟར་མིག་ལ་མཛེས་པ་དང་སྤུས་ཀ་ལེགས་པ་ཞིག་ཇུས་འགོད་བྱེད་པ་ཡིན། 

4 དམིགས་ཡུལ།

ཇུས་འགོད་ཀུང་ཟིའི་དམིགས་ཡུལ་གཙོ་བོ་ནི་ཆེད་ལས་མི་སྣའི་ལག་རྩལ་ལ་བརྟེན་ནས་ཚོང་འགྲུལ་པའི་མིག་ལ་མཛེས་པ་དང་སྤུས་ཀ་ལེགས་པའི་དངོས་པོ་ཇུས་འགོད་བྱས་ཏེ་ཚོང་འགྲུལ་པའི་འཚོ་བ་སྔར་ལས་ཀྱང་མཚར་སྡུག་ལྡན་པར་གཏོང་བ་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-05

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།