ཡོངས་འཛིན་རིག་མཛོད། >སྤྱི་ཚོགས། >ལས་ཁུངས། >དཔོན་གནས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང(ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱས་རྗེས་ཀྱི་ཀྲུང་དབྱང་མི་དམངས་སྲིད་གཞུང)གི་ཆེས་མཐོའི་འགོ་ཁྲིད་པ་ཡིན།

རིགས་དབྱེ།  

སྲིད་འཛིན་མགོ་གཙོ།

སྲིད་འཛིན་མགོ་གཙོ་ནི་སྲིད་འཛིན་གྱི་དབྱེ་གསུམ་ལམ་ལུགས(ཁྲིམས་འཛུགས་ཀྱི་དབང་ཆ། སྲིད་འཛིན་གྱི་དབང་ཆ། ཕྱི་ཕྱོགས་ཀྱི་དབང་ཆ་བཅས)ཁྲོད་སྲིད་འཛིན་གྱི་དབང་ཆ་ལོགས་སུ་ཕྱེ་ནས་དོ་དམ་བྱེད་མཁན་གྱི་མགོ་ཁྲིད་པ་ཞིག་ཡིན།

རིགས་དབྱེ།  

རྒྱལ་སྲུང་པུའུ་ཀྲང་།

རྒྱལ་སྲུང་པུའུ་ཀྲང(Minister of National Defence)ནི་རྒྱལ་ཁབ་མི་འདྲ་བར་འབོད་ཚུལ་མི་འདྲ་བ་ཡོད་དེ། རྒྱལ་སྲུང་པུའུ་ཀྲང་དང་རྒྱལ་སྲུང་བློན་ཆེན། རྒྱལ་སྲུང་དྲུང་ཡིག་སོགས་ལ་བསྒྱུར་ཆོག་པ་དང་། བསྡུས་མིང་ལ་འགོག་སྲུང་དམག་དཔོན་ནམ་འགོག་སྲུང་བློན་ཆེན་ཟེར། རྒྱལ་ཁབ་ཁག་གི་སྲིད་གཞུང་གི་རྒྱལ་སྲུང་པུའུ་ཡི་འགན་འཁུར་བར་ཟེར་བ་དང་།དེ་ནི་སྲིད་གཞུང་གི་གྲུབ་ཆར་གཏོགས་པ་ཡིན། རྒྱལ་ཁབ་ཉུང་ཤས་མ་གཏོགས་རྒྱལ་ཁབ་མང་ཆེ་བར་རྒྱལ་སྲུང་པུའུ་ཀྲང་བཙུགས་ཡོད། རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་མི་འདྲ་བའི་མི་སྣར་ཁྱད་པར་ཆེན་པོ་ཡོད་པའི་དབང་གིས་རྒྱལ་ཁབ་ཁ་ཤས་ཀྱི་འགོག་སྲུང་འགོ་འཛིན་གྱིས་སྤྱིར་བཏང་གི་སྔོན་རྩིས་དོན་ཚན་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་པའི་འགན་འཁུར་བཞིན་ཡོད་པ་དང་། རྒྱལ་ཁབ་ཁ་ཤས་སུ་དམག་དོན་བཀོད་འདོམས་དམག་འཐབ་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན།

རིགས་དབྱེ།  

རྩིས་བཤེར་མགོ་འཛིན།

རྩིས་བཤེར་མགོ་འཛིན་ཞེས་པ་ནི་རྩིས་བཤེར་ཧྲུའུ་ཡི་སྲིད་འཛིན་མགོ་གཙོ་ཡིན་པ་དང་། འགན་འཁྲི་གཙོ་བོ་རྒྱལ་ཡོངས་ཀྱི་རྩིས་བཤེར་ལས་དོན་ལ་གཙོ་གཉེར་བྱ་རྒྱུ་དེ་ཡིན། ད་ལྟའི་རྩིས་བཤེར་མགོ་འཛིན་ནི་ཧོའུ་ཁའེ་ཡིན།

རིགས་དབྱེ།