ཀྲུང་གོ་མི་འབོར་མཐུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་མི་འབོར་མཐུན་ཚོགས།
ཀྲུང་གོ་མི་འབོར་མཐུན་ཚོགས་ནི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཁྱབ་ཁོངས་ཀྱི་དོ་དམ་སྡེ་ཁག་དང་ལག་རྩལ་ཞབས་ཞུ་སྡེ་ཁག ཆེད་ལས་མཁས་པ། ལག་རྩལ་མི་སྣ། ཤེས་ལྡན་མི་སྣ་དང་འབྲེལ་ཡོད་ལས་རིགས་ཀྱི་མི་སྣ་རང་འཐད་ཀྱིས་ནང་དུ་ཞུགས་ནས་གྲུབ་པ་མ་ཟད། མི་འབོར་དང་འཆར་ལྡན་བུ་སྐྱེས་ཚན་རྩལ་བརྗེ་རེས་ཀྱི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། མཐུན་ཚོགས་ཀྱིས་མི་འབོར་གྱི་སྤུས་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ་སློབ་གསོ་བརྗེ་རེས་དང་རྣམ་གྲངས་མཉམ་ལས་སོགས་ཀྱི་བྱེད་སྒོ་གང་མང་སྤེལ་ནས་རང་རྒྱལ་གྱི་འཆར་ལྡན་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国人口协会
ཕྱི་ཡིག་གི་མིང་།
The state organs authority
བརྡ་འཕྲིན།
ཀྲུང་གོ་མི་འབོར་མཐུན་ཚོགས།
ཁྱད་ཆོས།
རང་གིས་རང་ལ་དོ་དམ་དང་ཞབས་ཞུ་བྱ་བ།
1 ངོ་སྤྲོད།

ཀྲུང་གོ་མི་འབོར་མཐུན་ཚོགས་ནི་མི་འབོར་དང་འཆར་ལྡན་བུ་སྐྱེས་ཁྱབ་ཁོངས་ཀྱི་དོ་དམ་སྡེ་ཁག་དང་ལག་རྩལ་ཞབས་ཞུ་སྡེ་ཁག   ཆེད་ལས་མཁས་པ། ལག་རྩལ་མི་སྣ། ཤེས་ལྡན་མི་སྣ་དང་འབྲེལ་ཡོད་ལས་རིགས་ཀྱི་མི་སྣ་རང་འཐད་ཀྱིས་ནང་དུ་ཞུགས་ནས་གྲུབ་པ་མ་ཟད།  མི་འབོར་དང་འཆར་ལྡན་བུ་སྐྱེས་ཚན་རྩལ་བརྗེ་རེས་ཀྱི་སྤྱི་ཚོགས་ཚོགས་པ་ཞིག་ཡིན། མཐུན་ཚོགས་ཀྱིས་མི་འབོར་གྱི་སྤུས་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དམིགས་སུ་བཟུང་སྟེ་སློབ་གསོ་བརྗེ་རེས་དང་རྣམ་གྲངས་མཉམ་ལས་སོགས་ཀྱི་བྱེད་སྒོ་གང་མང་སྤེལ་ནས་རང་རྒྱལ་གྱི་འཆར་ལྡན་ལས་དོན་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་ཡིན།

2 འགན་འཁྲི།

ཀྲུང་གོ་མི་འབོར་མཐུན་ཚོགས་གསར་འཛུགས་བྱས་པ་ནས་བཟུང་། སྤྱི་ཚོགས་སྟེང་གི་ཤེས་ལྡན་མི་སྣ་དང་མང་ཚོགས་ཁྲོད་ཀྱི་ཧུར་བརྩོན་ཅན་དག་ལ་རྒྱ་ཆེར་འབྲེལ་གཏུགས་བྱས་ཏེ། 《ཀྲུང་གོ་མི་འབོར་མཐུན་ཚོགས་ཀྱི་སྲོལ་ཡིག》བརྩི་སྲུང་བྱེད་པའི་རྩ་དོན་འོག  རང་དབང་རང་འཐད་ཀྱིས་རྩ་འཛུགས་བྱས་ནས་མཐུན་ཚོགས་ཀྱི་ལས་བྱེད་མི་སྣར་རང་གིས་རང་ལ་སློབ་གསོ་དང་རང་གིས་རང་ལ་དོ་དམ། རང་གིས་རང་ལ་ཞབས་ཞུ་སྒྲུབ་པར་སྐུལ་སློང་བྱེད་པ་བཅས་ཡིན། 

3 དགོངས་དོན།

ཀྲུང་གོ་མི་འབོར་མཐུན་ཚོགས་ཀྱི་དགོངས་དོན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས།  སྒྲིག་ཁྲིམས།  སྲིད་ཇུས་ལ་བརྩི་སྲུང་བྱས་ཏེ་མི་གཞི་གཙོ་ཡིན་པ་དང་མིའི་ཕྱོགས་ཡོངས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ།  ཕྱོགས་སོ་སོའི་ཤེས་ལྡན་མི་སྣ་ལ་འབྲེལ་འདྲིས་དང་མཉམ་ལས་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཆར་ལྡན་ལག་རྩལ་ཞབས་ཞུ་སྡེ་ཁག་དང་ལག་རྩལ་མི་སྣར་ལག་རྩལ་བརྗེ་རེས་ཀྱི་སྟེགས་བུ་འདོན་སྤྲོད་བྱེད་པ། སྐྱེ་འཕེལ་བདེ་ཐང་ཐོན་ལས་ཀྱི་འཕེལ་རྒྱས་སྐུལ་འདེད་དུ་བཏང་ནས་ཕྲུ་གུ་སྐྱེ་བའི་ཚད་དམའ་རུ་གཏོང་བ།   སྐྱེ་བའི་མི་འབོར་གྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་ཧ་ཅང་ལེགས་པའི་ཞབས་ཞུ་མཁོ་འདོན་བྱ་བ་ཡིན།

དུས་མཚུངས་སུ་ལས་བྱེད་མི་སྣའི་ཆེད་ལས་ལག་རྩལ་མཐོར་འདེགས་སུ་གཏོང་བ་དང་རང་སྟེང་གི་ནུས་པ་མཐོར་འདེགས་སུ་གཏོང་ཆེད་གསོ་སྦྱོང་འཛིན་གྲྭ་དང་དཔྱད་གླེང་ཚོགས་འདུ་བསྡུ་བ།  དུས་ཚད་བཀག་གི་ནང་དུ་བྱ་བའི་དཔྱད་གླེང་ཚོགས་འདུ་བསྡུས་ནས་ཕན་ཚུན་མཉམ་མྱོང་བརྗེ་རེས་དང་ཕན་ཚུན་སློབ་སྦྱོང་བྱས་ནས་དགེ་ལེན་སྐྱོན་སེལ་བྱེད་དགོས།  ཀྲུང་གོའི་མི་གྲངས་དང་ཐོན་ཁུངས། ཁོར་ཡུག་སོགས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱུང་ཆེད་བབ་བསྟུན་གྱིས་བྱས་རྗེས་འཇོག་པ་སོགས་ཡིན། 

4 ལས་སྒོའི་ཁྱབ་ཁོངས།

གཅིག མཐུན་ཚོགས་ཀྱི་ཚོགས་མི་ལ་རྩ་འཛུགས་དང་དབུ་ཁྲིད། སྐུལ་སློང་བྱས་ནས་མི་འབོར་གཞུང་ལུགས་ལ་ཞིབ་འཇུག་དང་མི་འབོར་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་བྱེད་སྒོ་སྤེལ་བ། 

གཉིས། རྣམ་པ་མི་གཅིག་པ་དང་གཞི་ཁྱོན་མི་གཅིག་པའི་འབྲེལ་ཡོད་ཀྱི་རིག་གཞུང་ཚོགས་འདུ་བསྡུ་བ། 

གསུམ།  མི་འབོར་ལས་རིགས་འཕལེ་རྒྱས་ལ་མཁོ་བའི་བརྡ་འཕྲིན་དང་བློ་འདྲིའི་ཞབས་འདེགས་སྤེལ་བ། 

བཞི།  རྒྱལ་ནང་དང་རྒྱལ་སྤྱིའི་བར་གྱི་རིག་གཞུང་སྤེལ་རེས་དང་རྟོག་ཞིབ། གསོ་སྦྱོང་སོགས་སྤེལ་བ།  

ལྔ། སྐྱེ་འཕེལ་བདེ་ཐང་སོགས་ཀྱི་ཚན་རིག་དང་མུ་འགྲམ་རིག་ཚན་ཞིབ་འཇུག  རང་བྱུང་ཚན་རིག་དང་སྤྱི་ཚོགས་ཚན་རིག་བར་གྱི་བརྗེ་རེས་དང་མཉམ་འབྲེལ་སྤེལ་བ། 

དྲུག  སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་བརྒྱུད་ལེགས་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་འདེམས་པ་དང་།  འབྲེལ་ཡོད་ཆེད་རྩོམ་གྱི་དཔེ་སྐྲུན་དང་སྤེལ་རེས་འོས་སྦྱོར་བྱེད་པ།

བདུན། ཚོགས་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་ཚོགས་མི་ལ་མཁོ་བའི་བྱེད་སྒོ་སྣ་ཚོགས་སྤེལ་བ། འབྲེལ་ཡོད་སྲིད་གཞུང་ལ་ཚོགས་མིའི་བསམ་འཆར་སྙན་ཞུ་བྱེད་པ།

བརྒྱད།  སྲིད་གཞུང་གི་མངགས་བཅོལ་བྱས་པའི་གཞན་པའི་འོས་འགན་སྒྲུབ་འགན་ཁས་ལེན་བྱེད་པ།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-03

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།