ཀྲུང་གོ་ལོང་བའི་མཐུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོ་ལོང་བའི་མཐུན་ཚོགས།
ཀྲུང་གོ་ལོང་བའི་མཐུན་ཚོགས་ནི་རྒྱལ་ཡོངས་དམུས་ལོང་དང་དམུས་ལོང་བྱ་བར་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཚོགས་པ། ཁེ་ལས་དང་ལས་དོན་ལས་རིགས། མི་སྒེར་སོགས་ཀྱིས་རང་འཐད་ཀྱིས་གྲུབ་པའི་ཁེ་བཟང་འཚོལ་བ་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་ཞིང་། ཀྲུང་གོ་དབང་བོ་སྐྱོན་ཅན་གྱི་མཉམ་འབྲེལ་ཚོགས་པའི་ཆེད་དམིགས་མཐུན་ཚོགས་ཤིག་ཡིན། ཀྲུང་གོ་ལོང་བའི་མཐུན་ཚོགས་དེ་སྔ་ཀྲུང་གོ་ལོང་བའི་ཕན་བདེ་ཁང་ཡིན་པ་དང་། དེ་སྤྱི་ལོ1953ལོར་གསར་འཛུགས་བྱས། སྤྱི་ལོ2006ལོའི་ཟླ12པར། དམངས་སྲིད་པུའུ་ཡིས་ཆོག་མཆན་བཀོད་ནས་ཀྲུང་གོ་ལོང་བའི་མཐུན་ཚོགས་དངོས་སུ་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ལས་ཁུངས་སུ་གྱུར་པ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国盲人协会
ཕྱི་ཡིག་གི་མིང་།
China Association of the Blind
ངོ་བོ།
ཁེ་བཟང་འཚོལ་བ་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས།
གཙོ་གཉེར་ལས་ཁུངས།
ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཚོགས་པ།
1 ངོ་སྤྲོད།

ཀྲུང་གོ་ལོང་བའི་མཐུན་ཚོགས་ནི་རྒྱལ་ཡོངས་དམུས་ལོང་དང་དམུས་ལོང་བྱ་བར་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཚོགས་པ།  ཁེ་ལས་དང་ལས་དོན་ལས་རིགས།  མི་སྒེར་སོགས་ཀྱིས་རང་འཐད་ཀྱིས་གྲུབ་པའི་ཁེ་བཟང་འཚོལ་བ་མ་ཡིན་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་ཞིང་།  ཀྲུང་གོ་དབང་བོ་སྐྱོན་ཅན་གྱི་མཉམ་འབྲེལ་ཚོགས་པའི་ཆེད་དམིགས་མཐུན་ཚོགས་ཤིག་ཡིན།  ཀྲུང་གོ་ལོང་བའི་མཐུན་ཚོགས་དེ་སྔ་ཀྲུང་གོ་ལོང་བའི་ཕན་བདེ་ཁང་ཡིན་པ་དང་།  དེ་སྤྱི་ལོ1953ལོར་གསར་འཛུགས་བྱས།  སྤྱི་ལོ2006ལོའི་ཟླ12པར།  དམངས་སྲིད་པུའུ་ཡིས་ཆོག་མཆན་བཀོད་ནས་ཀྲུང་གོ་ལོང་བའི་མཐུན་ཚོགས་དངོས་སུ་སྤྱི་ཚོགས་ཚོགས་པའི་ཁྲིམས་མི་ལས་ཁུངས་སུ་གྱུར་པ་ཡིན།

2 དགོངས་དོན། 

ཀྲུང་གོ་ལོང་བའི་མཐུན་ཚོགས་ཀྱི་དགོངས་དོན་གཙོ་བོ་ནི།  མི་ཆོས་རིང་ལུགས་ཀྱི་བསམ་བློ་དར་སྤེལ་གཏོང་བ་དང་དབང་བོ་སྐྱོན་ཅན་ལས་དོན་གོང་འཕེལ་གཏོང་བ།  དམུས་ལོང་གི་སྤྱི་བའི་ཁེ་ཕན་གྱི་ཚབ་བྱས་ཏེ་དམུས་ལོང་གི་ཁྱད་འཕགས་ཀྱི་རེ་འདུན་ཚུར་སྣང་བྱེད་པ།  དམུས་ལོང་ལ་ཞབས་ཞུ་སྒྲུབ་པ་དང་དམུས་ལོང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ།  དམུས་ལོང་གི་འདྲ་མཉམ་དང་སྤྱི་ཚོགས་འཚོ་བར་ཞུགས་པར་སྐུལ་འདེད་བྱེད་པ་བཅས་ཡིན། 

3 འོས་འགན།

གཅིག  དམུས་ལོང་གི་སྤྱི་བའི་ཁེ་ཕན་གྱི་ཚབ་བྱས་ཏེ་དམུས་ལོང་གི་བསམ་འཆར་དང་རེ་འདུན་ཚུར་སྣང་བྱེད་པ།  དམུས་ལོང་དང་སྤྱི་ཚོགས་བར་འབྲེལ་ལམ་འཛུགས་པ།  བློ་གཅིག་སེམས་གཅིག་གིས་དམུས་ལོང་ལ་ཞབས་ཞུ་སྒྲུབ་པ།  ཆབ་སྲིད་དང་དཔལ་འབྱོར།  རིག་གནས།  སྤྱི་ཚོགས་དང་ཁྱིམ་ཚང་འཚོ་བ་སོགས་ཀྱི་ཐད་ནས་སྤྱི་དམངས་གཞན་དང་འདྲ་མཉམ་ཡིན་པའི་དབང་ཆ་བརྩོན་ལེན་བྱེད་པ། 

གཉིས། དམུས་ལོང་ལ་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་བརྩི་སྲུང་བྱེད་དགོས་པ་དང་མཐུན་སྒྲིལ་བྱེད་དགོས་པའི་སློབ་གསོ་གཏོང་བ། 

གསུམ།  དམུས་ལོང་གི་སྙུན་གཞི་དྭངས་བ་དང་དབུལ་སྐྱོར།  སློབ་གསོ།  ངལ་རྩོལ་ལས་ཞུགས།  དབང་ཆ། རིག་གནས་སོགས་ཀྱི་བྱ་བར་སྐུལ་འདེད་གཏོང་བ། 

བཞི། འགལ་རྐྱེན་མེད་པའི་ཁོར་ཡུག་འཛུགས་སྐྲུན་བྱེད་པ། 

ལྔ།  དམུས་ལོང་དང་འབྲེལ་བ་ཡོད་པའི་གསོ་སྦྱོང་སྣ་མང་ལ་ཞུགས་པ་དང་སྤེལ་བ། 

དྲུག   དམུས་ལུང་གི་ལུས་སེམས་ཀྱི་བདེ་ཐང་ལ་ཕན་པའི་རིག་གནས་དང་རྩལ་སྦྱངས་སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ཏེ་སྤེལ་བ།

བདུན།   དམུས་ལོང་ཁྲོད་དབང་བོ་སྐྱོན་ཅན་གྱི་བྱ་བ་བྱེད་མཁན་འོས་སྦྱོར་བྱེད་པ།

བརྒྱད།  ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ཚོགས་པས་མངགས་བཅོལ་བྱས་པའི་བྱ་བ་སྒྲུབ་འགན་ཁས་ལེན་བྱེད་པ།

དགུ།  ཀྲུང་གོ་དམུས་ལོང་གི་ཚབ་བྱས་ཏེ་རྒྱལ་སྤྱིའི་བྱ་འགུལ་ལ་ཞུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་སྤེལ་རས་ལ་སྐུལ་འདེད་གཏོང་བ་བཅས་ཡིན།  


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-12

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།