ཚན་རྩལ་མཐུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཚན་རྩལ་མཐུན་ཚོགས།
ཚན་རྩལ་མཐུན་ཚོགས་ནི་ཚན་རིག་ལག་རྩལ་བྱ་བ་བསྒྲུབ་མཁན་གྱི་མང་ཚོགས་རྩ་འཛུགས་ཡིན། དེས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། དེ་བཞིན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་ཞིང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་། མཐུན་སྒྲིལ་དང་སྐུལ་སློང་གིས་ཚན་རིག་ལག་རྩལ་བྱ་བ་བསྒྲུབ་མཁན་གྱིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་སློབ་གསོ་ཡིས་རྒྱལ་ཁབ་ཇེ་དར་དུ་གཏོང་བའི་ཐབས་ཇུས་དང་ཤེས་ལྡན་མི་སྣས་རྒྱལ་ཁབ་ཇེ་དྲག་ཏུ་གཏོང་བའི་ཐབས་ཇུས། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ཇུས་སོགས་ལག་བསྟར་བྱས་ནས་གསར་གཏོད་རང་བཞིན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཚན་རིག་ཁྱབ་སྤེལ་བྱ་བའི་རབ་འབྱམས་པ་གསོ་སྦྱོང་བྱས་ཏེ་སྟོབས་ཤུགས་འབུལ་བ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
科学技术协会
ཕྱི་ཡིག་གི་མིང་།
Science and Technology Association
ཁོངས་གཏོགས།
ཀྲུང་གོ་གུང་ཁྲན་ཏང་།
1 ངོ་སྤྲོད།

ཚན་རྩལ་མཐུན་ཚོགས་ནི་ཚན་རིག་ལག་རྩལ་བྱ་བ་བསྒྲུབ་མཁན་གྱི་མང་ཚོགས་རྩ་འཛུགས་ཡིན།  དེས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།  དེ་བཞིན་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་འཛིན་ཞིང་།  ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་དང་།  མཐུན་སྒྲིལ་དང་སྐུལ་སློང་གིས་ཚན་རིག་ལག་རྩལ་བྱ་བ་བསྒྲུབ་མཁན་གྱིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་པ་དང་།  ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ།   ཚན་རིག་སློབ་གསོ་ཡིས་རྒྱལ་ཁབ་ཇེ་དར་དུ་གཏོང་བའི་ཐབས་ཇུས་དང་ཤེས་ལྡན་མི་སྣས་རྒྱལ་ཁབ་ཇེ་དྲག་ཏུ་གཏོང་བའི་ཐབས་ཇུས།   རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ཇུས་སོགས་ལག་བསྟར་བྱས་ནས་གསར་གཏོད་རང་བཞིན་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ཚན་རིག་ཁྱབ་སྤེལ་བྱ་བའི་རབ་འབྱམས་པ་གསོ་སྦྱོང་བྱས་ཏེ་སྟོབས་ཤུགས་འབུལ་བ་ཡིན།

2 ངོ་བོ།

ཚན་རྩལ་མཐུན་ཚོགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་མི་རིགས་ཀྱི་ཚོགས་པ་ཞིག་ཡིན་པ་དང་ཏང་དང་སྲིད་གཞུང་གིས་ཚན་རིག་ལག་རྩལ་ལས་དོན་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ནུས་ཤུགས་གལ་ཆེན་ཞིག་ཡིན།

3 འོས་འགན།

གཅིག རིག་གཞུང་སྤེལ་རས་ཁྱབ་སྤེལ་གཏོང་བ་དང་རིག་གཞུང་བསམ་བློ་གསོན་ཉམས་དོད་པོ་ཡོང་བར་བྱེད་པ།  རིག་གཞུང་ཚན་ཁག་གི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་དང་རང་བདག་གསར་གཏོད་བྱེད་པར་སྐུལ་འདེད་བྱེད་པ། 

གཉིས། ཚན་རིག་ལག་རྩལ་གྱི་བྱ་བ་བསྒྲུབ་མཁན་གྱིས་ཁེ་ལས་གཙོ་བོར་བཟུང་ནས་ལག་རྩལ་གསར་གཏོད་མ་ལག་འཛུགས་སྐྲུན་བྱེད་པར་རྩ་འཛུགས་བྱེད་པ་དང་ཕྱོགས་ཡོངས་ནས་ཁེ་ལས་ཀྱི་རང་བདག་གསར་གཏོད་ནུས་པ་མཐོར་འདེགས་སུ་བཏང་ནས་བྱས་རྗེས་འཇོག་པ།

གསུམ། ཚན་རིག་གི་སྙིང་སྟོབས་དར་སྤེལ་དང་ཚན་རིག་གི་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ། 

བཞི། ཚན་རིག་ལག་རྩལ་གྱི་བྱ་བ་བསྒྲུབ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་རིག་གཞུང་ཀུན་སྤྱོད་འཛུགས་སྐྲུན།  སློབ་སྲོལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། 

ལྔ།  ཚན་རིག་ལག་རྩལ་གྱི་ལས་བྱེད་མི་སྣར་རྒྱལ་ཁབ་ཀྱི་ཚན་རྩལ་སྲིད་ཇུས་དང་སྒྲིག་ཁྲིམས།  རྒྱལ་དོན་ལས་རིགས་ཀྱི་ཆབ་སྲིད་གྲོས་མོལ།  ཚན་རིག་ཐབས་ཇུས། དམངས་གཙོ་ལྟ་སྐུལ་གྱི་བྱ་བར་ཞུགས་པར་རྩ་འཛུགས་བྱེད་པ། 

དྲུག  ཚན་རྩལ་གྱི་བྱ་བ་བསྒྲུབ་མཁན་གྱི་ཕུལ་བྱུང་ལས་བྱེད་པར་བྱ་དགའ་གནང་བ། 

བདུན།  ཚན་རིག་རིགས་པས་ཁུངས་སྐྱེལ་དང་བློ་འདོན་ཞབས་འདེགས་སྤེལ་བ་དང་།   སྲིད་ཇུས་བསམ་འཆར་བཏོན་ནས་ཚན་རྩལ་གྱི་འབྲས་བུའི་འགྱུར་ལྡོག་ལ་སྐུལ་འདེད་བྱེད་པ།

བརྒྱད།  དམངས་ཁྲོད་རྒྱལ་སྤྱིའི་ཚན་རིག་ལག་རྩལ་སྤེལ་རྒྱུག་གི་བྱེད་སྒོ་སྤེལ་བ། 

དགུ། རྒྱུན་མཐུད་སློབ་གསོ་དང་གསབ་སྦྱོང་ལས་དོན་སྤེལ་བ། 

བཅུ།  ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་དགོངས་དོན་དང་མཐུན་པའི་སྤྱི་ཚོགས་སྤྱི་ཕན་རང་བཞིན་གྱི་ལས་དོན་གསར་སྤེལ་བྱེད་པ་བཅས་ཡིན།


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2016-03-09

གསར་སྤེལ་མཁན། :ཨ་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།