ཧུང་ཡོན་རྫོང་ནང་བསྟན་མཐུན་ཚོགས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སྤྱི་ལོ1980ལོའི་ཟླ11པའི་ཚེས15ཉིན། ཧུང་ཡོན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འགོ་འཛིན་བྱས་ཏེ་ཧུང་ཡོན་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས། ཚོགས་འདུར་ཞུགས་མཁན་མི21ཡོད། དེ་ནས་བཟུང་ཧུང་ཡོན་རྫོང་གི་ནང་བསྟན་མཐུན་ཚོགས་དངོས་སུ་བཙུགས། ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་མི7བདམས། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ཤེར་བློ་ཚོགས་གཙོ་དང་། དཀོན་མཆོག་བཟང་བོ་དང་ཀླུ་སྒྲུབ་བསྟན་པའི་ཉི་མ་གཉིས་ཚོགས་གཙོ་གཞོན་པར་བསྐོས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
红原县佛教协会
བཙུགས་ལོ།
སྤྱི་ལོ1980ལོའི་ཟླ11པའི་ཚེས15ཉིན།
ཁོངས་གཏོགས།
ཁའོ་རིམ་པའི་ལས་ཁུངས།
1 ​ལས་ཁུངས།

སྤྱི་ལོ1980ལོའི་ཟླ11པའི་ཚེས15ཉིན། ཧུང་ཡོན་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་འགོ་འཛིན་བྱས་ཏེ་ཧུང་ཡོན་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་སྐབས་དང་པོ་འཚོགས། ཚོགས་འདུར་ཞུགས་མཁན་མི21ཡོད། དེ་ནས་བཟུང་ཧུང་ཡོན་རྫོང་གི་ནང་བསྟན་མཐུན་ཚོགས་དངོས་སུ་བཙུགས། ཚོགས་འདུའི་ཐོག་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ་མི7བདམས། རྫོང་སྲིད་གྲོས་ཀྱི་ཨུ་ཡོན་ཤེར་བློ་ཚོགས་གཙོ་དང་། དཀོན་མཆོག་བཟང་བོ་དང་ཀླུ་སྒྲུབ་བསྟན་པའི་ཉི་མ་གཉིས་ཚོགས་གཙོ་གཞོན་པར་བསྐོས། སྤྱི་ལོ2002ལོའི་ཟླ4བར་རྫོང་ཨུའི་གཞུང་ལས་ཁང་གིས《ཧུང་ཡོན་རྫོང་ནང་བསྟན་མཐུན་ཚོགས་འགན་ནུས་བཀོད་སྒྲིག་དང་ནང་ཁུལ་གྱི་སྒྲིག་གཞི་དང་མི་སྣའི་སྒྲིག་འཛུགས་འཆར་གཞི》བརྒྱུད་བསྒྲགས་བྱས། ཧུང་ཡོན་རྫོང་ནང་བསྟན་མཐུན་ཚོགས་ནི་ཁའོ་རིམ་པའི་ལས་ཁུངས་ཡིན། སྲིད་འཛིན་སྒྲིག་བཟོ2དང་འགོ་ཁྲིད་ལས་གནས2དང་། ཚོགས་གཙོ1ཡོད། ཚོགས་གཙོ་གཞོན་པ་ནི་སྒྲིག་སྲོལ་གཏན་འབེབས་ལྟར་བཀོད་སྒྲིག་བྱས། དེའི་ནང་ཆེད་གཉེར་ལས་འགན་ཁུར་མཁན་གྱི་ཚོགས་གཙོ་གཞོན་པ1དེས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་འགན་གཅིག་ལྩོགས་བྱེད་ཆོག ཀུའུ་རིམ་གྱི་ལས་གནས2བཅས་བཀོད་སྒྲིག་བྱས་ཡོད།

སྤྱི་ལོ2003ལོའི་ཟླ5བར། རྫོང་མི་དམངས་སྲིད་གཞུང་གིས་རྫོང་གྲོང་གསར་སྤེལ་ཁུལ་གསར་དུ་རིན་གླ་མི་དགོས་པར་རྫོང་ནང་བསྟན་མཐུན་ཚོགས་ས་ཆ་བཅད་སྤྲོད་བྱས། སྤྱི་ལོ2004ལོའི་ཟླ5བར་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་བྱེད་མགོ་ཚུགས། ཕྱོགས་བསྡུས་ཐོག་ཁང་གི་བྱ་འགུལ་ལྟེ་གནས་ཀྱི་བཟོ་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1303ཡོད་པ་དང་མ་དངུལ་སྒོར་ཁྲི161བཏང་། 

2 འཐུས་མིའི་ཚོགས་ཆེན།

སྤྱི་ལོ1993ལོའི་ཟླ11པའི་ཚེས26ནས29བའི་བར་རྫོང་ནང་བསྟན་མཐུན་ཚོགས་ཀྱི་སྐབས་གསུམ་པའི་འཐུས་མི་ཚོགས་ཆེན་ཚོགས། ཚོགས་འདུའི་ཐོག་སྐབས་གཉིས་པའི་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀའི་སྙན་ཞུ་དང《ཧུང་ཡོན་རྫོང་ནང་བསྟན་མཐུན་ཚོགས་སྒྲིག་ཡིག》ལ་གྲོས་འཆམ་བྱུང་བ་དང་། སྐབས་གསུམ་པའི་ལས་འཛིན་ལྷན་ཚོགས་དང་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཁུངས་མི། ཚོགས་གཙོ། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་བཅས་བདམས།

སྤྱི་ལོ2002ལོའི་ཟླ8པའི་ཚེས20ནས22ཉིན་གྱི་བར། རྫོང་ནང་བསྟན་མཐུན་ཚོགས་ཀྱི་སྐབས་བཞི་བའི་འཐུས་མི་ཚོགས་ཆེན་ཚོགས། ཚོགས་འདུའི་ཐོག་སྐབས་གསུམ་པའི་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀའི་སྙན་ཞུ་ལ་གྲོས་འཆམ་བྱུང་བ་དང་། སྐབས་གསར་བའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་ཁྲིད་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། དྲུང་ཡིག་ཆེན་མོ་བཅས་བདམས།

3 ལས་ཀ་གཙོ་བོ།

1.ཚུལ་ཁྲིམས་ཀྱི་སློབ་གསོ།

སྤྱི་ལོ1992ལོའི་རྗེས་སུ་དུས་གཏན་དུ་ཚུལ་ཁྲིམས་ཀྱི་སློབ་གསོ་བྱེད་སྒོ་སྤེལ་ཏེ། རྒྱ་ཆེའི་གྲྭ་བཙུན་གྱིས་ཆོས་འདུལ་ཁྲིམས་དང་ཆོས་ལུགས་ཀྱི་ལམ་ལུགས་ཚད་གཞི་བརྩི་སྲུང་བྱ་རྒྱུར་སློབ་གསོ་དང་སྣེ་ཁྲིད་བྱས་ནས། སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་བཏང་སྟེ། དགོན་པའི་སྒྲིག་ལམ་ཚད་ལྡན་དུ་བཏང་བ་དང་གྲྭ་བཙུན་གྱི་དཔུང་ཁག་གཙང་བོར་བྱས།

སྤྱི་ལོ1999ལོའི་ཟླ5བར་དགོན་པའི་སློབ་གསོ་གཞུང་ལས་ཁང་ལ་རོགས་རམ་བྱས་ཏེ་རྫོང་ཡོངས་ཀྱི་དགོན་པ10ཡི《རྒྱལ་གཅེས་སྤྱི་ཆིངས》དང་། 《ནང་བསྟན་དགོན་པའི་སྒྲིག་སྲོལ་ལམ་ལུགས》དང《གྲྭ་བ་དགོན་པར་ཞུགས་པའི་དོ་དམ་ལམ་ལུགས》དང་། 《དགོན་པའི་རྒྱུ་ནོར་དོ་དམ་ལམ་ལུགས》དང《དགོན་པའི་རིག་རྫས་དོ་དམ་ལམ་ལུགས》དང་། 《དགོན་པའི་དམངས་གཙོ་དོ་དམ་ལམ་ལུགས》དང《གྲྭ་བཙུན་གྱི་བསྲུང་བྱ》དང《དགོན་པའི་གྲྭ་བཙུན་གྱི་སློབ་སྦྱོང་ལམ་ལུགས》སོགས་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་ཚང་དུ་བཏང་བར་མ་ཟད། ཤེལ་སྒྲོམ་བཟོས་ཏེ་དགོན་སྡེའི་འདུ་ཁང་མངོན་གསལ་དོད་སར་དཔྱང་ནས། དགེ་འདུན་པས་སློབ་སྦྱོང་བྱེད་པ་དང་རང་རྟོགས་ཀྱིས་བརྩི་སྲུང་བྱེད་པར་སྐུལ་འདེད་བཏང་།

སྤྱི་ལོ1992ལོ་ནས2005ལོའི་བར《ཚུལ་ཁྲིམས་སློབ་གསོའི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཏེ། རྫོང་གི་ཚུལ་ཁྲིམས་སློབ་གསོ་ལས་ཀའི་འགོ་ཁྲིད་ཙུའུ་བཙུགས་པ་དང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་དེས་ཙུའུ་ཀྲང་གི་འགན་བཞེས། དགོན་པ་སོ་སོའི་མཁན་པོ་དང་དགོན་པའི་དོ་དམ་ཁང་གི་ཁུངས་མིས་གྲུབ་པའི་རྫོང་ཚུལ་ཁྲིམས་དྲིལ་བསྒྲགས་མཛུབ་སྟོན་ཙུའུ་བཙུགས་ཏེ། ལོ་རེའི་ཟླ5བའི་ཚེས1ནས་ཟླ7པའི་ཚེས30ཡི་བར། ཁག་བགོས་ཏེ་རྫོང་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དགོན་པ10རུ་ཁག་བགོས་ནས་ཚུལ་ཁྲིམས་སློབ་གསོ་བྱས།

2.རང་དགོན་རང་གསོ་བྱས་ཏེ། དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་བཏང་།

སྤྱི་ལོ1992ལོའི་རྗེས་སུ་གྲྭ་བཙུན་རང་ཁ་རང་གསོ་བྱས་པར་སྐུལ་སློང་བྱས་ཏེ། དགོན་པའི་རང་གསོ་བྱེད་པའི་ནུས་པ་མུ་མཐུད་དུ་ཇེ་ཆེར་བཏང་སྟེ། དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་། རྫོང་ཡོངས་ཀྱི་དགོན་པ་སོ་སོ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་མཛུབ་སྟོན་འོག ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས་ཏེ། རང་ཉིད་ཀྱི་དངོས་གནས་དང་ཟུང་འབྲེལ་ནས་སོ་སོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཚོང་ཁང་དང་། སྐྱེལ་འདྲེན། ཡུལ་སྐོར་སོགས་ཐོན་སྐྱེད་ཞབས་ཞུའི་རང་བཞིན་གྱི་རྣམ་གྲངས་གསར་སྤེལ་བྱས།

3.པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་སྣེ་ལེན་བྱས་པ།

སྤྱི་ལོ2005ལོའི་ཟླ5བར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་ཧུང་ཡོན་དུ་ལྟ་ཞིབ་ཕེབས་སྐབས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཀོད་སྒྲིག་འོག མཐུན་ཚོགས་དང་འབྲེལ་ཡོད་སྡེ་ཁག་མཉམ་དུ་སྣེ་ལེན་གྱི་ལས་འགན་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་།

4.དགེ་སྒྲུབ་སྤྱི་ཕན་བྱ་གཞག

སྤྱི་ལོ1992ལོའི་རྗེས་སུ་མཐུན་ཚོགས་ཀྱིས་གྲྭ་བཙུན་རྣམས་ལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྤྱི་ཕན་དང་། དགེ་སྒྲུབ་བྱེད་སྒོའི་ལས་དོན་གཉེར་བར་སྣེ་ཁྲིད་བྱས་པ་དང་། ཆོས་ལུགས་ལས་རིགས་ཀྱིས་དགེ་ལས་མང་བོ་ལས་བར་སྐུལ་སློང་བྱས་ཏེ། བསམ་པ་དང་སྐད་ཆ། བྱ་སྤྱོད་བཟང་བོ་ལ་བརྟེན་ནས་སྤྱི་ཚོགས་ནང་ཚུད་པ་དང་། སྤྱི་ཚོགས་ལ་དྲིན་ལན་འཇལ་བ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ། དགོན་པ་སོ་སོ་དང་། ལྷག་པར་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་སྤྱི་ཚོགས་ཀྱི་སྤྱི་ཕན་དང་ཕན་བདེའི་ལས་དོན་དུ་ཧུར་ཐག་གིས་ཞུགས་པ་དང་། གེགས་སེལ་དབུལ་སྐྱོར་དང་། སློབ་སྐྱོར་ཞལ་འདེབས། ཤིང་འཛུགས་ནགས་བཟོ། རི་སྐྱེས་རྩི་ཤིང་དང་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོང་། ནགས་སྲུང་མེ་འགོག་བཅས་ཀྱི་བྱེད་སྒོ་སྤེལ།

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-01-09

གསར་སྤེལ་མཁན། :ཚེ་རིང་འབུམ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།