ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >སྤྱི་ཚོགས།

མི་ཚེ་ཆོ་སྒྲུབ་ཀྱི་དམངས་སྲོལ།

འདིར་འབྲེལ་ཡོད་ཀྱི་ཡིག་ཆ་སྤྱི་དང་། བྱེ་བྲག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བགྱིས་པའི་གཞུང་ཡིག་རྨང་གཞི་བྱས་ཐོག་དམངས་སྲོལ་རིག་གནས་ཀྱི་རིགས་བགར་ཡོད་དེ། དཔེར་ན། སྐྱེས་གསོ་དམངས་སྲོལ། གཉེན་སྒྲིག་དམངས་སྲོལ། གཞོན་གཅེས་རྒན་བཀུར་དམངས་སྲོལ། འདས་མཆོད་དམངས་སྲོལ་བཅས་ཡོད། ཁོངས་གཏོགས། དམངས་སྲོལ་གྱི་ཤེས་བྱ། ངོ་སྤྲོད། འདིར་འབྲེལ་ཡོད་ཀྱི་ཡིག་ཆ་སྤྱི་དང་། བྱེ་བྲག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བགྱིས་པའི་གཞུང་ཡིག་རྨང་གཞི་བྱས་ཐོག་དམངས་སྲོལ་རིག་གནས་ཀྱི་རིགས་བགར་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་རིག་གནས་ཀྱི་ཐུན་མོང་གི་ཁྱད་ཆོས།

དམངས་སྲོལ་གྱི་ཁྱད་ཆོས་གཙོ་ཤོས་ཤིག་ནི་ཡུལ་དུས་ངེས་ཅན་དེ་ན་འཚོ་བའི་རྒྱ་ཆེ་བའི་མི་དམངས་མང་ཚོགས་དེ་ཀུན་པོས་ཁས་ལེན་ཞིང་། ཐུན་མོང་དང་སྤྱི་མཐུན་དུ་བེད་སྤྱོད་བྱེད་པའི་འཚོ་བའི་གོམས་གཤིས་དེ་ཡིན། དམངས་སྲོལ་ནི་གསར་གཏོད་བྱེད་མཁན་དང་རྒྱུན་འཛིན་བྱེད་མཁན། ཉམས་ལེན་བྱེད་མཁན་ཚང་མ་རྒྱ་ཆེ་བའི་མང་ཚོགས་ཡིན། སྒོས་སུ་དམངས་སྲོལ་ནི་ཐུན་མོང་གིས་གསར་གཏོད་དང་ཐུན་མོང་གིས་བེད་སྤྱོད། ཐུན་མོང་གིས་ཉམས་ལེན། ཐུན་མོང་གིས་རྒྱུན་འཛིན་བཅས་བྱ་བའི་འཚོ་བའི་རིག་གནས་ཤིག་ཡིན་སྟབས།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་གྱི་ཡུལ་ཁམས་ཀྱི་ཁྱད་ཆོས།

དམངས་སྲོལ་ལ་ཡུལ་ཁམས་ཀྱི་ཁྱད་ཆོས་འབྱུང་རྐྱེན་གཙོ་བོ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་སྟེ་ཕྱོགས་གཉིས་ལ་རག་ལས་པ་ཡིན། རང་བྱུང་ཁོར་ཡུག་ལ་རག་ལས་ཞེས་པ་ནི། སྡོད་གནས་བཟོ་སྐྲུན་དང་། གྱོན་ཆས་དང་གྱོན་ཆས་བཟོ་ཚུལ། བཟའ་བཏུང་། དེ་བཞིན་དུ་མི་རྣམས་ཀྱི་མཛེས་དཔྱོད་ལྟ་ཚུལ་སོགས་ལས་ཚུར་སྣང་ཐུབ་པ་རེད། སྤྱི་ཚོགས་ཁོར་ཡུག་ཀྱང་དམངས་སྲོལ་ཡུལ་ཁམས་ཅན་དུ་འགྱུར་བའི་རྒྱུ་གཙོ་བོ་ཤིག་ཡིན། དེ་ལ་ཆོས་ལུགས་ཀྱི་ཁྱབ་ཁོངས་དང་། སྐད་རིགས་ཀྱི་ཁྱབ་ཁོངས། རིག་གནས་ཀྱི་མུ་ཁྱུད། དཔལ་འབྱོར་གྱི་སྒྲིག་གཞི་བཅས་ཕྱོགས་མང་པོ་ཞིག་ལ་གོ་དགོས། ཆོས་ལུགས་དད་མོས་ནི་དམངས་སྲོལ་ས་གནས་ཅན་དུ་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ལ།

རིགས་དབྱེ།   རིག་གནས།དམངས་སྲོལ།

སྡེ་གྲོང་དུད་ཁྱིམ་གྱི་དམངས་སྲོལ།

སྡེ་གྲོང་དུད་ཁྱིམ་གྱི་དམངས་སྲོལ་ལ་དབྱེ་ན། དུད་ཁྱིམ་དམངས་སྲོལ། ཁྱིམ་བརྒྱུད་དམངས་སྲོལ། ཕོ་མོའི་དམངས་སྲོལ། ཚོགས་པའི་དམངས་སྲོལ། ཚོ་སྡེ་དམངས་སྲོལ་བཅས་ལྔ་ཡོད་དོ། ། ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། 1.དུད་ཁྱིམ་དམངས་སྲོལ། དུད་ཁྱིམ་དམངས་སྲོལ་ནི་ཁྱིམ་ཚང་སོ་སོར་འགྲོ་འདུག་ཚུལ་ལུགས་དང་བྱ་ལས་སྤྱོད་སྟངས་མི་འདྲ་བ་རེ་ཡོད་པ་དེ་ཡོད་དོ་ཅོག་གོ། ། 2.ཁྱིམ་བརྒྱུད་དམངས་སྲོལ། ཁྱིམ་བརྒྱུད་དམངས་སྲོལ་ནི་རིགས་རུས་ཁྱིམ་བརྒྱུད་སྒྲིག་ཚུལ།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་ཁྲོད་སྒྱུ་རྩལ་གྱི་དམངས་སྲོལ།

དམངས་ཁྲོད་སྒྱུ་རྩལ་གྱི་དམངས་སྲོལ་ལ་དབྱེ་ནང་དོན་འདི་དག་ལྡན་ཏེ། དམངས་ཁྲོད་མཛེས་རིས། དམངས་ཁྲོད་རོལ་དབྱངས། དམངས་ཁྲོད་བྲོ་གར། དམངས་ཁྲོད་གྱེར་འདོན་བཅས་ཕྱོགས་བཞི་ཡི་ནང་དོན་འདི་དག་འདུའོ། ། རྒྱ་ཡིག་གི་མིང་། 民间艺术的民俗 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། དམངས་ཁྲོད་སྒྱུ་རྩལ་གྱི་དམངས་སྲོལ་ལ་དབྱེ་ན་གཤམ་གྱི་ནང་དོན་འདི་དག་ལྡན་ཏེ།  1.དམངས་ཁྲོད་མཛེས་རིས། དམངས་ཁྲོད་མཛེས་རིས་ནི་དམངས་ཁྲོད་ཀྱི་བཟོ་རྩལ་དང་མཛེས་རིས།

རིགས་དབྱེ།   རིག་གནས།དམངས་སྲོལ།

ངག་རྒྱུན་དམངས་སྲོལ།

འདི་ལ་བྱུང་བརྗོད་དམངས་སྲོལ་དང་། ཁ་རྒྱུན་དམངས་སྲོལ། དབྱངས་སྙན་དམངས་སྲོལ་བཅས་ཕྱོགས་གསུམ་ཡོད། དེའང་བྱུང་བརྗོད་དམངས་སྲོལ་གྱི་ནང་དུ་ལྷ་སྒྲུང་དང་ངག་རྒྱུན། དམངས་ཁྲོད་གཏམ་རྒྱུད་སོགས་འདུ་བ། ཁ་རྒྱུན་དམངས་སྲོལ་གྱི་ནང་དུ་གཏམ་དཔེ་དང་། ཁ་དཔེ། ཁ་མཚར། མནའ་ཚིག སྨོད་ཚིག བསྟོད་ཚིག འཚམས་ཞུ་གུས་ཚིག་ལ་སོགས་འདུ་བ་དང་། དབྱངས་སྙན་དམངས་སྲོལ་གྱི་ནང་དུ་དམངས་གླུ་དང་། གླུ་ཚིག གཏམ་རྒྱུད་གྱེར་ལེན། ངག་རྒྱུན་སྙན་ངག་རྩེད་འཇོའི་གླུ་ཚིག

རིགས་དབྱེ།   རིག་གནས།དམངས་སྲོལ།

མཆོད་རྟེན་དུར་འཇུག

མཆོད་རྟེན་དུར་འཇུག་ལ་རིགས་གཉིས་ཡོད་དེ། གཅིག་ནི་སྦྱིན་སྲེག་བཏང་བའི་གདུང་རུས་མཆོད་རྟེན་དུ་བཞག་ནས་མཆོད་འབུལ་བྱེད་པ་ཞིག་ཡིན། གཞན་ཞིག་ནི་བེམ་རོར་སྨན་རྫས་ཀྱིས་སྲུང་སྐྱོབ་བྱས་ཏེ་མཆོད་རྟེན་དུ་མཆོད་འབུལ་བྱེད་པ་ཞིག་ཡིན། ལྷག་པར་དུ་ཤ་ལུས་མཆོད་འབུལ་ལ་ཆོ་ག་དང་གོ་རིམ་ཧ་ཅང་མང་པོ་ཡོད། ཤ་ལུས་མཆོད་འབུལ་གྱི་དུར་འཇུག་གུས་སྲོལ་ནི་བླ་མ་སྤྲུལ་སྐུ། དགེ་བཤེས་སོགས་བསམ་སྤྱོད་བླ་ན་མེད་པའི་གང་ཟག་རྣམས་ལ་ལོངས་སུ་སྤྱོད་དབང་ཡོད་པ་ལས། མི་ཕལ་བ་ཞིག་ལ་ཚད་རིམ་འདི་འདྲ་མཐོ་བའི་དུར་འཇུག་གི་གུས་སྲོལ་མེད།

རིགས་དབྱེ།   རིག་གནས།དམངས་སྲོལ།

དུར་སྦས།

དུར་སྦས་ནི་གོས་དཀར་པོའི་ནང་དུ་བེམ་པོ་གཅུད་ཅིང་། ཤིང་དང་ཟངས། དངུལ། ལྕགས། སྲོག་ཆགས་ཀྱི་པགས་པ་སོགས་ཀྱིས་བཟོས་པའི་སྒམ་ནང་དུ་བཞག་སྟེ། དུར་རྫོང་ཅ་ལག་དང་མཉམ་དུ་ས་འོག་ཏུ་སྦས་པ་ཞིག་ཡིན། རྒྱ་ཡིག་གི་མིང་། 土葬 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། གནའ་བོའི་བརྟག་དཔྱད་ཡིག་ཚགས་ལས་ཤེས་པ་ལྟར་ན། དུར་སྦས་ནི་གོས་དཀར་པོའི་ནང་དུ་བེམ་པོ་གཅུད་ཅིང་། ཤིང་དང་ཟངས། དངུལ། ལྕགས། སྲོག་ཆགས་ཀྱི་པགས་པ་སོགས་ཀྱིས་བཟོས་པའི་སྒམ་ནང་དུ་བཞག་སྟེ། དུར་རྫོང་ཅ་ལག་དང་མཉམ་དུ་ས་འོག་ཏུ་སྦས་པ་ཞིག་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཆའང་སྐད།

ཆའང་སྐད་ནི་བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས་པའི་སྐད་ཅིག་ཡིན་ལ། དུས་རབས་སྔོན་མའི་ལོ་རབས60པའི་དུས་འགོར། རང་རྒྱལ་གྱི་གྲངས་ཉུང་མི་རིགས་སྐད་ཆ་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཁ་ཤས་ཀྱིས་ཆའང་སྐད་ཀྱི་ཁོངས་གཏོགས་གནད་དོན་ཐག་གཅོད་བྱེད་ཆེད། སྐད་རིགས་དང་གཉེན་ཉེ་འབྲེལ་བའི་སྐད་ཆ་དང་བསྡུར་ནས། བོད་འབར་སྐད་རིགས་ཁྲོད་དུ་ཆའང་སྐད་བཀོད་པའི་བསམ་བློ་ཐོག་མར་བཏོན་པ་དང་། རྗེས་ནས་ཞིབ་འཇུག་ཟབ་འཇུག་བྱེད་པ་དང་བསྟུན། ལོ་རབས80པའི་དུས་འགོར། ཚད་ལྡན་ཡིག་ཆ་དང་བརྩམས་ཆོས་ལས་ཆའང་སྐད་རིགས་ཡན་ལག་ཞེས་པའི་བརྗོད་ཚུལ་དངོས་སུ་བེད་སྤྱོད་བྱས་པ་རེད།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཚོང་ལས་ཐོན་སྐྱེད་ཀྱི་དམངས་སྲོལ།

འདིར་འབྲེལ་ཡོད་ཀྱི་ཡིག་ཆ་སྤྱི་དང་། བྱེ་བྲག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བགྱིས་པའི་གཞུང་ཡིག་རྨང་གཞི་བྱས་ཐོག་དམངས་སྲོལ་རིག་གནས་ཀྱི་རིགས་བགར་ཡོད། དེ་ལ་རྔོན་ལས་དམངས་སྲོལ། ཕྱུགས་ལས་དམངས་སྲོལ། ཞིང་ལས་དམངས་སྲོལ་སོགས་ཡོད་དོ། ། རྒྱ་ཡིག་གི་མིང་། 商业生产的民俗 ཁོངས་གཏོགས། དམངས་སྲོལ་གྱི་ཤེས་བྱ། ངོ་སྤྲོད། འདིར་འབྲེལ་ཡོད་ཀྱི་ཡིག་ཆ་སྤྱི་དང་། བྱེ་བྲག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བགྱིས་པའི་གཞུང་ཡིག་རྨང་གཞི་བྱས་ཐོག་དམངས་སྲོལ་རིག་གནས་ཀྱི་རིགས་བགར་ཡོད།

རིགས་དབྱེ།   རིག་གནས།དམངས་སྲོལ།

སྐྱེས་ཁམས་ཚན་རྩལ་གྱི་དམངས་སྲོལ།

སྐྱེས་ཁམས་ཚན་རྩལ་གྱི་དམངས་སྲོལ་ལ་དབྱེ་ན། སྐྱེས་ཁམས་དམངས་སྲོལ། དམངས་ཁྲོད་ཚན་རིག དམངས་ཁྲོད་རྩིས་རིག དམངས་ཁྲོད་སྨན་བཅོས་བཅས་ནང་དོན་ཕྱོགས་ལྔ་འདུས། ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། 1.སྐྱེས་ཁམས་དམངས་སྲོལ། སྐྱེས་ཁམས་དམངས་སྲོལ་ནི་གནམ་གཤིས་སྐྱེས་ཁམས་དམངས་སྲོལ། རི་ལུང་སྐྱེས་ཁམས་དམངས་སྲོལ། སྲོག་མེད་སྐྱེས་ཁམས་དམངས་སྲོལ། 2.དམངས་ཁྲོད་ཚན་རིག དམངས་ཁྲོད་ཚན་རིག་ནི་སྐར་རྩིས།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་གྱི་རྒྱུན་སྲུང་གི་ཁྱད་ཆོས།

རྒྱུན་སྲུང་ཞེས་བྱ་བ་ནི་དམངས་སྲོལ་གང་ཞིག་འཕེལ་འགྱུར་གྱི་བརྒྱུད་རིམ་ནང་དུ་སྔ་མ་སྔ་མའི་གོམས་གཤིས་དར་སྤེལ་དང་རྒྱུན་འཛིན་བྱེད་པའི་ཁྱད་ཆོས་དེར་གོ་དགོས་ཏེ། དམངས་སྲོལ་རིག་གནས་ལ་ལའི་འབྱུང་ཁུངས་ཆེས་ཆེར་སྔ་ཞིང་། ཡུན་རིང་གི་ལོ་རྒྱུས་ནང་དུ་མི་རབས་ནས་མི་རབས་སུ་ཁ་སྐོང་ཟུར་བརྒྱན། ཡང་ན། རྗེས་བྱུང་དམངས་སྲོལ་རིག་གནས་ཀྱིས་ཤུགས་རྐྱེན་སྣ་ཚོགས་ཤིག་ཐེབས་ནའང་། གནའ་སྔ་མོའི་དུས་ཀྱི་གཟུགས་རིས་རབ་དང་རིམ་པ་ཞིག་འཕོ་འགྱུར་བྱུང་ཟིན་པའི་དམངས་སྲོལ་ནང་དུ་མཐོང་ཐུབ་པ་རེད། རྒྱ་ཡིག་གི་མིང་། 民俗传承的特点 ཁོངས་གཏོགས།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་རིག་གནས་ཀྱི་ཚད་ལྡན་རང་བཞིན།

དམངས་སྲོལ་གང་ཞིག་ཚད་ལྡན་ཅན་དུ་འགྱུར་བ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་དགོས་ལ། ཡང་དུས་རབས་མི་འདྲ་བའི་ནང་དུ་དུས་རབས་དེའི་དམངས་སྲོལ་སྤྱོད་སྟངས་ཡོད་པ་དང་། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བ་ལ་དམངས་སྲོལ་སྤྱོད་སྟངས་མི་འདྲ་བ་རེ་ཡོད། ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། དམངས་སྲོལ་རིག་གནས་ཀྱི་ངོ་བོའི་ཆ་ནས་བཤད་ན། དེ་ནི་མི་རྣམས་ཀྱིས་ཡུན་རིང་གི་ཐོན་སྐྱེད་དང་འཚོ་བ་དངོས་ལས་གསོག་འཇོག་དང་ཉམས་མྱོང་བསྡུ་ལེན་བགྱིས་པ་ནས་ཐོན་པའི་འབྲས་བུ་ཡིན། ཡང་ན་དམངས་བྱིངས་ཀྱིས་ཐུན་མོང་དུ་གསར་གཏོད་དང་། ཐུན་མོང་དུ་རྒྱུན་སྲུང་ལས་ཐོན་པའི་རིག་གནས་སྣང་ཚུལ་ཞིག་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་རིག་གནས་ཀྱི་མཚན་མཚོན།

དམངས་སྲོལ་རིག་གནས་ནི་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་བློའི་འཚོ་བ་མཐུན་སྦྱོར་དང་། དམངས་ཁྲོད་ཀྱི་ཚོགས་པའམ་ཐུན་མོང་གི་རེ་འདུན་ཕྱིར་མངོན་པ་སྟེ། དེ་དག་གཙོ་བོ་ནི་མི་རྣམས་སྐྱེལ་མ་བྱས་ནས་མི་རབས་ནས་མི་རབས་ལ་སྲོལ་རྒྱུན་མ་ཆད་པར་རྒྱུན་སྤེལ་བའི་རིག་གནས་སྣང་ཚུལ་ཞིག་ཡིན་ཞིང་། འདི་ནི་ལོ་རྒྱུས་ཀྱིས་རྒྱུན་སྤེལ་ལས་ཐོན་ལ། དངོས་ཡོད་འཚོ་བའི་ནང་དུའང་སྲོལ་རྒྱུན་མ་ཆད་པར་གནས་གཤིས། ཐུན་མིན་གྱི་གོམས་སྲོལ་དང་ལུགས་སྲོལ། སེམས་ཁམས། ལམ་ལུགས་ལ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་པ་དང་ཁྱབ་ཡུལ་ཤིན་ཏུ་རྒྱ་ཆེ་བ།

རིགས་དབྱེ།   རིག་གནས།དམངས་སྲོལ།

དུས་ཚིགས་དགའ་སྟོན་གྱི་དམངས་སྲོལ།

དུས་ཚིགས་དགའ་སྟོན་གྱི་དམངས་སྲོལ་ནི་མི་རིགས་བྱིངས་ཀུན་ལ་དར་བའི་སྲོལ་རྒྱུན་གྱི་དུས་ཆེན་རབ་དང་རིམ་པ་དེ་ལ་གོ་བ་དང་། དེར་ཉིང་བསྡུས་ཀྱི་སྒོ་ནས་དབྱེ་ན། དུས་ཚིགས་དམངས་སྲོལ་དང་དུས་ཆེན་དམངས་སྲོལ་གཉིས་སུ་འདུ། རྒྱ་ཡིག་གི་མིང་། 节庆民俗 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། 1.དུས་ཚིགས་དམངས་སྲོལ། དུས་ཚིགས་དམངས་སྲོལ་ནི་ལས་ཀ་སྣ་ཚོགས་ཀྱི་མཛད་སྒོ། ཁྱིམ་ཚང་དང་མི་སོ་སོའི་དགའ་སྟོན་སྣ་ཚོགས་ལ་སོགས་ཡིན། 2.དུས་ཆེན་དམངས་སྲོལ། དུས་ཆེན་དམངས་སྲོལ་ནི་ལོ་གསར་དུས་སྟོན་རོལ་ཚུལ། སྤྲོ་བསང་ལ་ཞུགས་ཚུལ། སྡེ་བ་དང་ཚོ་བའི་དགའ་སྟོན་ལ་སོགས་ཡིན། 

རིགས་དབྱེ།   རིག་གནས།དམངས་སྲོལ།

བསམ་བློའི་དམངས་སྲོལ།

དེའི་ནང་དུ་ངག་རྒྱུན་སྐད་ཆའི་དམངས་སྲོལ། དེའི་ཆ་ཤས་སུ་ལྷ་སྒྲུང་དང་། ངག་རྒྱུན། གཏམ་རྒྱུད། དམངས་གླུ་དང་བྱུང་བརྗོད་སྙན་ངག གཏམ་དཔེ་དང་ཁེད་གསུམ་དང་། ཀུན་སྤྱོད་རྒྱུན་སྤེལ་དམངས་སྲོལ། དེའི་ཆ་ཤས་སུ་དམངས་ཁྲོད་སྒྱུ་རྩལ(གླུ་དབྱངས། རི་མོ། ཞབས་བྲོ)དམངས་ཁྲོད་རྩེད་འཇོ་དང་ལུས་རྩལ་གཉིས་དང་། བསམ་བློའི་དམངས་སྲོལ། དེའི་ཆ་ཤས་སུ་མཐུ་སྔགས། ཆོས་ལུགས། དད་མོས། འཛེམ་བྱ། ཀུན་སྤྱོད་དང་གུས་སྲོལ་བཅས་ཕྱོགས་ལྔ་རུ་བཀར་སྲོལ་ཡོད། ཁོངས་གཏོགས།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་རྩད་ཞིབ་ཀྱི་བྱང་ཚད།

རྩད་ཞིབ་བརྟག་དཔྱད་བྱ་རྒྱུ་འདི་ནི་ཆེད་ལས་ཁྱད་ཆོས་ཆེས་ཆེར་ཟབ་པའི་བྱ་གཞག་ཅིག་ཡིན་སྟབས། རྩད་ཞིབ་པ་ཞིག་ལ་མཚོན་ན་ཐོག་མར་ཆེད་ལས་སྐོར་གྱི་ཤེས་བྱ་གཟེངས་སུ་ཐོན་པ་ཞིག་དོན་གཉེར་བྱེད་དགོས། ཆེད་ལས་ཀྱི་ཤེས་རིག་ལེགས་པོ་ཞིག་མ་ལྡན་ན་བྱ་གཞག་འདི་བདེ་ལེགས་སུ་འགྲུབ་རྒྱུ་ཤིན་ཏུ་དཀའ་ཁག་ཆེ། དེས་རྩད་ཞིབ་པ་ཚད་ལྡན་ཅན་ཞིག་ཡིན་ན་ཆེད་ལས་ཤེས་བྱའི་སྐོར་གྱི་རྨང་གཞི་ཤེས་བྱ་གཏིང་ཟབ་མོ་ཞིག་ཆགས་ཡོད་པའི་ཁར་འབྲེལ་ཡོད་ཀྱི་རྩོམ་ཡིག་ཡོད་དོ་ཅོག་ལ་ལྟ་ཀློག་དང་ཞིབ་ལྟ། དེའི་ཕྱོགས་ལ་ཉམས་མྱོང་ལྡན་པའི་ཤེས་རབ་རྒན་པོ་ཅན་རྣམས་ལ་བློ་འདྲི་བྱ་རྒྱུ་ནི་སྔོན་འགྲོའི་ལས་སུ་འཇོག་དགོས།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་ཞིབ་དཔྱོད་ཀྱི་དམིགས་ཡུལ།

དམངས་སྲོལ་རྩད་ཞིབ་བྱ་རྒྱུའི་དམིགས་ཡུལ་ནི་དམངས་སྲོལ་རིག་གནས་དེ་ཚོ་ཐོག་མར་ཅི་ལྟར་བྱུང་ཚུལ་དང་། བར་དུ་ཅི་ལྟར་འཕེལ་ཚུལ། ད་ལྟ་ཅི་ལྟར་གནས་ཚུལ་དང་། དེའི་འཕེལ་རྒྱས་བྱུང་ཚུལ་གྱི་ཆོས་ཉིད་གང་ཡིན་པ་སོགས་རྟོགས་རྒྱུ་དེ་ཡིན། ཁོངས་གཏོགས། དམངས་སྲོལ་ཞིབ་འཇུག ངོ་སྤྲོད། དམངས་སྲོལ་རྩད་ཞིབ་བྱ་རྒྱུའི་དམིགས་ཡུལ་ནི་དམངས་སྲོལ་རིག་གནས་དེ་ཚོ་ཐོག་མར་ཅི་ལྟར་བྱུང་ཚུལ་དང་། བར་དུ་ཅི་ལྟར་འཕེལ་ཚུལ། ད་ལྟ་ཅི་ལྟར་གནས་ཚུལ་དང་། དེའི་འཕེལ་རྒྱས་བྱུང་ཚུལ་གྱི་ཆོས་ཉིད་གང་ཡིན་པ་སོགས་རྟོགས་རྒྱུ་དེ་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

དུར་འཇུག་འཛེམ་བྱ།

མི་ཤི་རྗེས་ཁྱིམ་མི་དག་གིས་བེམ་རོ་སྒུལ་མི་རུང་བར། བླ་མས་ཕོ་ལོང་འཕངས་བར་མ་ཟད། ཆོས་བཏོན་ནས་བྱིན་གྱིས་བརླབས་པའི་མར་ཞུན་འདས་པོའི་དབང་བོའི་བུ་ག་བདུན་ལ་བྱུག་རྗེས་ད་གཟོད་བེམ་རོ་སྒུལ་བ་དང་འཁྲུ་བ། གོན་པ་བརྗེ་བ་སོགས་བྱས་ན་ཆོག འདས་པོ་ལ་ལྭ་སྣ་བརྒྱད་མན་གྱི་ཟུང་ལྡན་གོས་ལྭ་གསར་བ(རྒན་རབས་རྣམས་ཀྱིས་ཚེ་རིང་ལྭ་བ་ཟེར)འགེབས་དགོས་ལ། སྤུ་ཅན་དང་གསེག་རིས། དམར་པོ་བཅས་ཀྱི་གོས་ལྭ་འགེབས་མི་རུང་བ་སོགས་ཤིན་ཏུ་མང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

ཆུ་སྐྱུར།

ཆུ་སྐྱུར་བྱེད་སྐབས། ས་ཡི་ལྷ་ཅིག་ལ་ས་ཁུངས་སྟེར་བར་ཞུ་བ་བྱེད་དགོས་ལ། ཆུ་འདབས་དང་གཡས་གཡོན། སྔ་ཕྱི་བཅས་ཀྱི་ས་དབྱིབས་ལ་བརྟག་པར་གོ་རིམ་མང་པོ་ཞིག་ཡོད། ཆུ་སྐྱུར་གྱི་ཆོས་ཀྱི་ཆོ་ག་ཚང་མ་དུར་འཇུག་གཞན་དག་དང་ཨ་ན་མ་ན་ཡིན། རྒྱ་ཡིག་གི་མིང་། 水葬 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། སྤྱིར་བཤད་ན། ལྷ་འབྲུམ་དང་མཛེ་ནད་སོགས་འགོ་ནད་ཚབས་ཆེན་གྱིས་མནར་ནས་ཤི་ན། བེམ་རོ་བྱ་སྦྱིན་དང་ཆུ་སྐྱུར་མི་རུང་བར་དུར་སྦས་བྱེད་པ་རེད། མཚོན་ཆས་འོག་ནས་ཤི་ན།

རིགས་དབྱེ།   རིག་གནས།དམངས་སྲོལ།

དད་མོས་ཀྱི་དམངས་སྲོལ།

དད་མོས་དམངས་སྲོལ་ལ་དབྱེ་ན། བླ་མཆོད་ཀླུ་གསོལ་དང་དམངས་ཁྲོད་ཆོས་ལུགས། གཞི་ལྷ་དད་མཆོད་བཅས་ཀྱི་ནང་དོན་འདུས་ཡོད། ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། 1.བླ་མཆོད་ཀླུ་གསོལ། བླ་མཆོད་ཀླུ་གསོལ་ནི་བླ་མཆོད་དམངས་སྲོལ། ཀླུ་བཀུར་དམངས་སྲོལ། ལབ་ཙེ་བསྟོད་པ། དམངས་ཁྲོད་འཛེམ་བྱ་ལ་སོགས། 2.དམངས་ཁྲོད་ཆོས་ལུགས། དམངས་ཁྲོད་ཆོས་ལུགས་ནི་ལྷ་ཕབ་པ། མོ་འདེབས་པ། རྩིས་བྱེད་པ། ལྷ་མཆོད་པ། འདྲེ་འདུལ་བ། བསང་འབུལ་བ།

རིགས་དབྱེ།   རིག་གནས།དམངས་སྲོལ།

དངོས་པོའི་དམངས་སྲོལ།

དེ་ནི་གཟུགས་ཡོད་དང་། ཡང་ན་མིག་མཐོང་ལག་ཟིན་གྱི་ངང་དུ་རྒྱུན་བྱ་བཞིན་པའི་དམངས་སྲོལ་སྣང་ཚུལ་དེ་ལ་ཟེར་ཞིང་། དེའི་ནང་དུ་དམངས་ཁྲོད་ཀྱི་སྡོད་གནས། དམངས་ཁྲོད་ཀྱི་མཛེས་རིས་སྣ་ཚོགས། དམངས་ཁྲོད་ཀྱི་གྱོན་ཆས། དམངས་ཁྲོད་ཀྱི་བཟའ་བཏུང་ལ་སོགས་འདུའོ། ། རྒྱ་ཡིག་གི་མིང་། 物质民俗 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། དེ་ནི་གཟུགས་ཡོད་དང་། ཡང་ན་མིག་མཐོང་ལག་ཟིན་གྱི་ངང་དུ་རྒྱུན་བྱ་བཞིན་པའི་དམངས་སྲོལ་སྣང་ཚུལ་དེ་ལ་ཟེར་ཞིང་། དེའི་ནང་དུ་དམངས་ཁྲོད་ཀྱི་སྡོད་གནས། དམངས་ཁྲོད་ཀྱི་མཛེས་རིས་སྣ་ཚོགས།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་རིག་པའི་བརྡ་དོན།

དམངས་སྲོལ་རིག་པ་ནི་གསར་དར་གྱི་རིག་ཚན་ཞིག་ཡིན་ཞིང་། རིག་ཚན་འདིས་དམངས་སྲོལ་རིག་གནས་ཀྱི་དེ་ཉིད་བརྟག་ཅིང་དཔྱད་པར་བྱ་བ་དང་། དཔྱད་ཡུལ་གཙོ་བོ་ནི་ཚན་རིག་གི་སྒོ་ནས་ལོ་རྒྱུས་སྟེང་བྱུང་མྱོང་བ་དང་དེང་སང་དམངས་ཁྲོད་ན་གནས་པ་དང་འབྱུང་མུས་པའི་དམངས་སྲོལ་གོམས་གཤིས་དེ་ཡོད་ཚད་རྩད་གཅོད་དང་འཚོལ་བསྡུ་དང་། དག་སྒྲིག་དང་། མཚམས་སྦྱོར་དང་། དབྱེ་ཞིབ་བཅས་བྱས་ཏེ། དམངས་སྲོལ་རིག་གནས་ཀྱི་ངོ་བོ་དང་ཁྱད་ཆོས། བྱུང་ཚུལ་སོགས་ལ་བརྟག་པ། དེ་མིན་དམངས་སྲོལ་གྱི་སྒྲིག་གཞི་དང་། དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་བཅས་ཕྱོགས་མང་པོ་ཞིག་ལ་ཞིབ་འཇུག་བཟང་པོ་བྱེད་ཐུབ་པའི་རིག་ཚན་ཞིག་གམ་རིག་པའི་གཞུང་ལུགས་ཡིན། རྒྱ་ཡིག་གི་མིང་།

རིགས་དབྱེ།   རིག་གནས།དམངས་སྲོལ།

དམངས་སྲོལ་ཞིབ་དཔྱོད་ཀྱི་ཐབས་ལམ།

དམངས་སྲོལ་རིག་གནས་ཞིབ་དཔྱོད་བྱ་ཡུལ་ནི་མི་རྣམས་ཀྱི་ངག་ཐོག་དང་དུས་རྒྱུན་གྱི་འཚོ་བའི་རིག་གནས་དེ་ཡིན་ཕྱིན། ཡིག་ཐོག་ལ་འཁོད་ཟིན་པའི་རྒྱུ་ཆ་དེ་ཙམ་གྱིས་གཏན་ནས་མི་ཆོག་པར་ཞིབ་འཇུག་པ་རྣམས་སྐུ་དངོས་སུ་དམངས་ཁྲོད་དུ་ཕེབས་ནས། བདེན་པ་བདེན་ཐོག་གིས་དམངས་ཁྲོད་དུ་དར་མྱོང་བ་དང་དར་བཞིན་པའི་དམངས་སྲོལ་རིག་གནས་ཡོད་དོ་ཅོག་རྒྱུས་ལོན་དང་རྩད་གཅོད། ཆེས་ལེགས་པ་ནི་ཞིབ་འཇུག་པ་མི་རང་ཉིད་སྐུ་དངོས་སུ་དམངས་སྲོལ་གྱི་མཛད་སྒོ་དང་བྱ་འགུལ་དེའི་ནང་དུ་ཞུགས་ནས་མི་རང་ཉིད་ལ་ཐོབ་པའི་མྱོང་ཚོར་དང་། རང་སེམས་སུ་སྐྱེས་པའི་ཤེས་སྣང་དེ་གཞི་བྱས་ཏེ་ཇི་བཞིན་དུ་བྲིས་ན་ད་གཟོད་དམངས་སྲོལ་རིག་གནས་དེའི་ཕྱིའི་མཚོན་ཚུལ་དང་ནང་གི་དགོངས་སྙིང་བདེན་དངོས་སུ་རྟོགས་ཐུབ་པ་ཡིན།

རིགས་དབྱེ།   རིག་གནས།དམངས་སྲོལ།

མཆོད་འབུལ་གུས་སྲོལ།

བོད་ཀྱི་ཕ་མེས་ཡང་མེས་རྣམས་ཀྱིས་གནམ་ན་ལྷ་ཡོད་པས་གནམ་ལ་མཆོད་པ་དང་། ས་ལ་གཉན་ཡོད་པས་ས་ལ་མཆོད། ས་འོག་ཏུ་ཀླུ་ཡོད་པས་ཆུ་ལ་མཆོད་དགོས་པར་འདོད་ཡོད། དེ་དག་ལ་མཆོད་འབུལ་བྱས་ན་ཐད་ཀར་མཆོད་འབུལ(ཁྲག་མཆོད་དང་སྲོག་གཅོད་མཆོད་འབུལ་ཡང་ཟེར)དང་བར་བརྒྱུད་མཆོད་འབུལ(ཚབ་ནོར་གྱིས་མཆོད་འབུལ་བྱེད་པ)བཅས་རིགས་གཉིས་ཡོད། རྒྱ་ཡིག་གི་མིང་། 祭祀 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། བོད་ཀྱི་མཆོད་འབུལ་ཏེ། བོད་ཀྱི་ཕ་མེས་ཡང་མེས་རྣམས་རང་བྱུང་ཁམས་ཀྱིས་ཚེ་སྲོག་དང་འཚོ་བར་བཟོས་པའི་གནོད་འཚེ་དང་འབྲལ་ཐབས་ཡེ་ནས་མེད་ལ། གནོད་འཚེ་བཟོ་བའི་རྒྱུ་རྐྱེན་ཡང་གསལ་བོར་མ་ཤེས་པས།

རིགས་དབྱེ།   རིག་གནས།དམངས་སྲོལ།

བྱ་སྦྱིན།

བྱ་སྦྱིན་ནི་བོད་ཀྱི་སྲོལ་རྒྱུན་གྱི་དུར་འཇུག་ཐབས་ལམ་ཞིག་ཡིན་ལ། དེའི་སྙིང་པོ་ནི་རྣམ་ཤེས་ཉམས་པ་མེད་པར་འཁོར་བར་ཡང་ཡང་འཁོར་བཞིན་པ་དེ་ཡིན། རྒྱ་ཡིག་གི་མིང་། 天葬 ཁོངས་གཏོགས། དམངས་སྲོལ་རིག་གནས། ངོ་སྤྲོད། བོད་མི་རིགས་ཀྱི་དུར་འཇུག་གུས་སྲོལ་ནི། འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཕན་ཚུན་འགྲོ་འོང་། མཛའ་འབྲེལ་ཇེ་ཟབ། རང་བྱུང་ཁམས་ལ་རྒོལ་ནུས་ཇེ་མཐོར་སོང་བ། རང་ངོ་ངོས་འཛིན་དང་ཆགས་སྡང་གི་བསམ་བློ་མུ་མཐུད་དུ་ཇེ་དྲག་ཏུ་སོང་བ་བཅས་ལ་བསྟུན་ནས་བྱུང་བའི་ཐོན་དངོས་ཤིག་ཡིན་ལ།

རིགས་དབྱེ།   རིག་གནས།དམངས་སྲོལ།