དམངས་སྲོལ་ཞིབ་དཔྱོད་ཀྱི་ཐབས་ལམ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་སྲོལ་རིག་གནས་ཞིབ་དཔྱོད་བྱ་ཡུལ་ནི་མི་རྣམས་ཀྱི་ངག་ཐོག་དང་དུས་རྒྱུན་གྱི་འཚོ་བའི་རིག་གནས་དེ་ཡིན་ཕྱིན། ཡིག་ཐོག་ལ་འཁོད་ཟིན་པའི་རྒྱུ་ཆ་དེ་ཙམ་གྱིས་གཏན་ནས་མི་ཆོག་པར་ཞིབ་འཇུག་པ་རྣམས་སྐུ་དངོས་སུ་དམངས་ཁྲོད་དུ་ཕེབས་ནས། བདེན་པ་བདེན་ཐོག་གིས་དམངས་ཁྲོད་དུ་དར་མྱོང་བ་དང་དར་བཞིན་པའི་དམངས་སྲོལ་རིག་གནས་ཡོད་དོ་ཅོག་རྒྱུས་ལོན་དང་རྩད་གཅོད། ཆེས་ལེགས་པ་ནི་ཞིབ་འཇུག་པ་མི་རང་ཉིད་སྐུ་དངོས་སུ་དམངས་སྲོལ་གྱི་མཛད་སྒོ་དང་བྱ་འགུལ་དེའི་ནང་དུ་ཞུགས་ནས་མི་རང་ཉིད་ལ་ཐོབ་པའི་མྱོང་ཚོར་དང་། རང་སེམས་སུ་སྐྱེས་པའི་ཤེས་སྣང་དེ་གཞི་བྱས་ཏེ་ཇི་བཞིན་དུ་བྲིས་ན་ད་གཟོད་དམངས་སྲོལ་རིག་གནས་དེའི་ཕྱིའི་མཚོན་ཚུལ་དང་ནང་གི་དགོངས་སྙིང་བདེན་དངོས་སུ་རྟོགས་ཐུབ་པ་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
དམངས་སྲོལ་ཞིབ་འཇུག
1 ​ངོ་སྤྲོད།

དམངས་སྲོལ་རིག་གནས་ཞིབ་དཔྱོད་བྱ་ཡུལ་ནི་མི་རྣམས་ཀྱི་ངག་ཐོག་དང་དུས་རྒྱུན་གྱི་འཚོ་བའི་རིག་གནས་དེ་ཡིན་ཕྱིན། ཡིག་ཐོག་ལ་འཁོད་ཟིན་པའི་རྒྱུ་ཆ་དེ་ཙམ་གྱིས་གཏན་ནས་མི་ཆོག་པར་ཞིབ་འཇུག་པ་རྣམས་སྐུ་དངོས་སུ་དམངས་ཁྲོད་དུ་ཕེབས་ནས། བདེན་པ་བདེན་ཐོག་གིས་དམངས་ཁྲོད་དུ་དར་མྱོང་བ་དང་དར་བཞིན་པའི་དམངས་སྲོལ་རིག་གནས་ཡོད་དོ་ཅོག་རྒྱུས་ལོན་དང་རྩད་གཅོད། ཆེས་ལེགས་པ་ནི་ཞིབ་འཇུག་པ་མི་རང་ཉིད་སྐུ་དངོས་སུ་དམངས་སྲོལ་གྱི་མཛད་སྒོ་དང་བྱ་འགུལ་དེའི་ནང་དུ་ཞུགས་ནས་མི་རང་ཉིད་ལ་ཐོབ་པའི་མྱོང་ཚོར་དང་། རང་སེམས་སུ་སྐྱེས་པའི་ཤེས་སྣང་དེ་གཞི་བྱས་ཏེ་ཇི་བཞིན་དུ་བྲིས་ན་ད་གཟོད་དམངས་སྲོལ་རིག་གནས་དེའི་ཕྱིའི་མཚོན་ཚུལ་དང་ནང་གི་དགོངས་སྙིང་བདེན་དངོས་སུ་རྟོགས་ཐུབ་པ་ཡིན། ཡང་རང་རེའི་བོད་ཁམས་ལྟ་བུར་ཆ་མཚོན་ནས་བཤད་ན། མདོ་དབུས་ཁམས་གསུམ་སྟེ་བོད་མི་རྣམས་སྡོད་པའི་ས་རྒྱ་ཆེ་བ་དང་། རྫ་རི་དང་བྲག་རི་མང་བ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་ཡུལ་སྐད་ཕན་ཚུན་བར་དུ་སྐད་བརྡ་འཕྲོད་དཀའ་བ། སྒོས་སུ་ཡུལ་ཁུལ་སོ་སོར་ས་གནས་ཀྱི་ཁྱད་ཆོས་དང་ལྡན་པའི་གོམས་སྲོལ་མི་འདྲ་བ་རེ་ཆགས་ཡོད་པས། འཆར་བཀོད་ལེགས་པོ་ཅན་ཞིག་དང་། མ་དངུལ་འགྲོ་གྲོན་འཛོམས་པོ་ཅན་ཞིག་ཡིན། དེ་མིན་ཞིབ་འཇུག་གི་དཔུང་ཁག་ཆ་ཚང་དང་སྟོབས་མཉམ་པོ་ཅན་ཞིག་མེད་ན། མི་རེ་གཉིས་ཀྱིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་བོད་ཁམས་ཡོངས་ཀྱི་དམངས་སྲོལ་རིག་གནས་ལ་རྩད་ཞིབ་བྱ་རྒྱུ་ནི་ལས་གཞི་སླ་མོ་ཞིག་གཏན་ནས་མ་ཡིན། སྤྱིར་བོད་པ་རྣམས་ལ་དམངས་སྲོལ་རིག་གནས་སྤྱི་མཐུན་ཞིག་ཡོད་ཀྱང་ངག་རྒྱུན་དུ། ས་ཆ་རེར་དཔེ་དང་སྡེ་བ་རེར་སྲོལ་རེ་ཞེས་པ་ལྟར། ས་ཁུལ་སོ་སོའི་གོམས་སྲོལ་མི་འདྲ་ས་དང་མི་གཅིག་ས་མང་བས། དམངས་སྲོལ་རིག་གནས་ལ་རྩད་ཞིབ་མཁན་རྣམས་ཀྱིས་རང་གི་ནུས་ཚོད་ལྟར་དུ། སྤྱི་དང་བྱེ་བྲག་གི་དབྱེ་བ་ལེགས་པར་བརྟག་སྟེ། བོད་རིགས་ཐུན་མོང་གི་ཁྱད་ཆོས་ཡོད་པའི་དམངས་སྲོལ་དང་ས་ཁུལ་གྱི་ཁྱད་ཆོས་ཡོད་པའི་དམངས་སྲོལ་སོ་སོར་བཀར་ནས། ཁྱད་ཆོས་ལྡན་པའི་ས་ཁུལ་ལ་ཕེབས་ནས་རྩད་ཞིབ་བརྟག་དཔྱོད་བྱེད་པ་དང་། ཡང་ན་ཁྱད་འཕགས་ལྡན་པའི་དམངས་སྲོལ་རེ་གཉིས་རྩད་ཞིབ་བྱེད་པ། གཞན་ཡང་རང་ལ་མཐུན་རྐྱེན་ཅི་འཛོམས་པ་དང་ནུས་ཚོད་ཅི་ལྡན་ལྟར། དམངས་སྲོལ་གང་ཞིག་ལ་ཁྱོན་ཡོངས་དང་ཕྱོགས་ཀུན་ནས་རྩད་ཞིབ་ཕུ་ཐག་ཆོད་པ་ཞིག་དང་། ཡང་ན་ཕྱོགས་དང་སྣ་རེ་ལ་རྩད་ཞིབ་། དེ་མིན་ཞིབ་འཇུག་པ་མང་པོ་ཞིག་གིས་མཉམ་འབྲེལ་གྱི་རྩད་ཞིབ་བྱེད་པ། ཡང་ན་མི་གཅིག་པུས་རྩད་ཞིབ་བྱེད་པ་བཅས་ཐབས་གང་བདེ་སྤྱད་ན་མི་ཆོག་པ་མེད་དོ། ། 


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། ཞིབ་འཇུག བྱེད་ཐབས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-16

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།