ཚོང་ལས་ཐོན་སྐྱེད་ཀྱི་དམངས་སྲོལ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

འདིར་འབྲེལ་ཡོད་ཀྱི་ཡིག་ཆ་སྤྱི་དང་། བྱེ་བྲག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བགྱིས་པའི་གཞུང་ཡིག་རྨང་གཞི་བྱས་ཐོག་དམངས་སྲོལ་རིག་གནས་ཀྱི་རིགས་བགར་ཡོད། དེ་ལ་རྔོན་ལས་དམངས་སྲོལ། ཕྱུགས་ལས་དམངས་སྲོལ། ཞིང་ལས་དམངས་སྲོལ་སོགས་ཡོད་དོ། །
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
商业生产的民俗
ཁོངས་གཏོགས།
དམངས་སྲོལ་གྱི་ཤེས་བྱ།
1 ​ངོ་སྤྲོད།

འདིར་འབྲེལ་ཡོད་ཀྱི་ཡིག་ཆ་སྤྱི་དང་། བྱེ་བྲག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བགྱིས་པའི་གཞུང་ཡིག་རྨང་གཞི་བྱས་ཐོག་དམངས་སྲོལ་རིག་གནས་ཀྱི་རིགས་བགར་ཡོད།

1.རྔོན་ལས་དམངས་སྲོལ། རྔོན་ལས་དམངས་སྲོལ་ནི་རྔོན་བྱེད་མཚོན་ཆ་བཟོ་བ་དང་རི་དྭགས་བདའ་ཚུལ། བསད་པའི་རི་དྭགས་ཀྱི་སྐལ་བགོ་ཚུལ་ལ་སོགས་ཏེ། དཔེར་ན། རྙི་འཛུགས་པ། དུག་རྫས་འཕེན་པ། དུ་བ་གཏོང་བ། རྐང་རྗེས་འདེད་པ་ལ་སོགས་པ་ལྟ་བུ།

2.ཕྱུགས་ལས་དམངས་སྲོལ། ནོར་ལུག་འཚོ་སྲོལ། སྒོ་ཕྱུགས་སྐྱོང་ཚུལ། ཁྱིམ་གྱི་བྱ་ཕག་གསོ་ཚུལ། དབྱར་དགུན་མཚེར་སར་གནས་སྤོར་ཚུལ་ལ་སོགས་པ།

3.ཞིང་ལས་དམངས་སྲོལ། ཞིང་ལས་ལག་ཆ་བཟོ་ཚུལ། དོ་དམ་བྱེད་སྟངས། མཛད་སྒོ་སྣ་ཚོགས་སྤེལ་སྲོལ། རོང་མ་འབྲོག་གི་ལས་ཀ་ལས་སྲོལ་ལ་སོགས།

4.ཉ་ལས་དམངས་སྲོལ། ཉ་ལས་དམངས་སྲོལ་ནི་ཉ་འཛིན་ཚུལ། ཉ་གསོ་སྲོལ།

5 .གཏེར་ལས་དམངས་སྲོལ། གསེར་དངུལ་ཟངས་ལྕགས་དང་རྡོ་སྣུམ་ལ་སོགས་ས་འོག་གི་གཏེར་རྫས་སྣ་ཚོགས་ལེན་ཚུལ།

6.ནགས་ལས་དམངས་སྲོལ། ནགས་འཛུགས་པ་དང་ནགས་གཅོད་ཚུལ། ནགས་སྲུང་ཚུལ།

7.བཟོ་ལས་དམངས་སྲོལ་ནི། བཟོ་ལས་དང་མགར་ལས་སྣ་ཚོགས། དཔེར་ན། འཐག་ཐག་པ། རྡོ་བཟོ་བ། ཤིང་བཟོ་བ་ལ་སོགས་པ་ལྟ་བུ།

8.ཚོང་ལས་དམངས་སྲོལ། དེ་ནི་ཁྲོམ་རའི་དམངས་སྲོལ། ཚོང་གཏམ་ཚུལ། ཚོང་རྒྱག་ཚུལ། དངོས་རྫས་བརྗེ་རེས་བྱེད་སྟངས་ལ་སོགས་འདུའོ། །

9.དངུལ་བསྐྱི་གཏོང་སྲོལ་ནི། དངུལ་སྒོར་བསྐྱི་སྟངས། དཔྱ་ཁྲལ་འཇོག་ལེན། དངོས་རྫས་གཡོར་ལེན་ལ་སོགས་སོ། །  


བརྡ་འགྲེལ་གདོང་འཛར།

དམངས་སྲོལ། ཚོང་ལས། བཟོ་ལས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2018-11-25

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།