དམངས་སྲོལ་རིག་པའི་བརྡ་དོན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དམངས་སྲོལ་རིག་པ་ནི་གསར་དར་གྱི་རིག་ཚན་ཞིག་ཡིན་ཞིང་། རིག་ཚན་འདིས་དམངས་སྲོལ་རིག་གནས་ཀྱི་དེ་ཉིད་བརྟག་ཅིང་དཔྱད་པར་བྱ་བ་དང་། དཔྱད་ཡུལ་གཙོ་བོ་ནི་ཚན་རིག་གི་སྒོ་ནས་ལོ་རྒྱུས་སྟེང་བྱུང་མྱོང་བ་དང་དེང་སང་དམངས་ཁྲོད་ན་གནས་པ་དང་འབྱུང་མུས་པའི་དམངས་སྲོལ་གོམས་གཤིས་དེ་ཡོད་ཚད་རྩད་གཅོད་དང་འཚོལ་བསྡུ་དང་། དག་སྒྲིག་དང་། མཚམས་སྦྱོར་དང་། དབྱེ་ཞིབ་བཅས་བྱས་ཏེ། དམངས་སྲོལ་རིག་གནས་ཀྱི་ངོ་བོ་དང་ཁྱད་ཆོས། བྱུང་ཚུལ་སོགས་ལ་བརྟག་པ། དེ་མིན་དམངས་སྲོལ་གྱི་སྒྲིག་གཞི་དང་། དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་བཅས་ཕྱོགས་མང་པོ་ཞིག་ལ་ཞིབ་འཇུག་བཟང་པོ་བྱེད་ཐུབ་པའི་རིག་ཚན་ཞིག་གམ་རིག་པའི་གཞུང་ལུགས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民俗学的概念
ཁོངས་གཏོགས།
དམངས་སྲོལ་རིག་གནས།
1 ངོ་སྤྲོད།

དམངས་སྲོལ་རིག་པ་ནི་གསར་དར་གྱི་རིག་ཚན་ཞིག་ཡིན་ཞིང་། རིག་ཚན་འདིས་དམངས་སྲོལ་རིག་གནས་ཀྱི་དེ་ཉིད་བརྟག་ཅིང་དཔྱད་པར་བྱ་བ་དང་། དཔྱད་ཡུལ་གཙོ་བོ་ནི་ཚན་རིག་གི་སྒོ་ནས་ལོ་རྒྱུས་སྟེང་བྱུང་མྱོང་བ་དང་དེང་སང་དམངས་ཁྲོད་ན་གནས་པ་དང་འབྱུང་མུས་པའི་དམངས་སྲོལ་གོམས་གཤིས་དེ་ཡོད་ཚད་རྩད་གཅོད་དང་འཚོལ་བསྡུ་དང་། དག་སྒྲིག་དང་། མཚམས་སྦྱོར་དང་། དབྱེ་ཞིབ་བཅས་བྱས་ཏེ། དམངས་སྲོལ་རིག་གནས་ཀྱི་ངོ་བོ་དང་ཁྱད་ཆོས། བྱུང་ཚུལ་སོགས་ལ་བརྟག་པ། དེ་མིན་དམངས་སྲོལ་གྱི་སྒྲིག་གཞི་དང་། དེས་སྤྱི་ཚོགས་ལ་ཐོན་པའི་ནུས་པ་བཅས་ཕྱོགས་མང་པོ་ཞིག་ལ་ཞིབ་འཇུག་བཟང་པོ་བྱེད་ཐུབ་པའི་རིག་ཚན་ཞིག་གམ་རིག་པའི་གཞུང་ལུགས་ཡིན།

སྤྱི་ལོ1847ལོར་དབྱིན་ཇིའི་མཁས་པ་ཐང་མོ་སིས་ཐོག་མར་དམངས་སྲོལ་ཞེས་པའི་ཆེད་བཀོད་འདི་ལ་འགྲེལ་དུས། དམངས་སྲོལ་ཞེས་པ་ནི་ཀུན་པོའི་ཁྲོད་དུ་ཡོངས་ཁྱབ་ཏུ་སྤེལ་བཞིན་པའི་སྲོལ་རྒྱུན་དད་མོས་དང་། ངག་རྒྱུན་དང་གོམས་སྲོལ་ཏེ། གནའ་སྔ་མོའི་དུས་ཀྱི་སྤྱོད་ཚུལ། གོམས་སྲོལ། གནས་སྟངས། རྨོངས་དད། དམངས་གླུ། གཏམ་དཔེ་ལ་སོགས་ཡིན། ཞེས་བརྗོད་པ་དང་། རྗེས་སུ་བྱུང་བའི་རྒྱལ་ཁབ་ཕྱི་ནང་གི་མཁས་པ་གང་མང་ཞིག་གིས་ཟུར་མི་འདྲ་བ་དང་སྣེ་མི་འདྲ་བའི་སྒོ་ནས་ཞིབ་འཇུག་རབ་དང་རིམ་པ་ཞིག་བཏང་བའི་འབྲས་བུ་ལ། ད་སྐབས་མཁས་པ་མང་ཤོས་ཀྱིས་དམངས་སྲོལ་རིག་པ་ནི་མིའི་རིགས་རིག་པའམ་མི་རིགས་རིག་པ། ལོ་རྒྱུས་རིག་པ་དང་གནའ་རྫས་རིག་པ། དེ་བཞིན་དུ་དམངས་ཁྲོད་རྩོམ་རིག་སོགས་ལ་འབྲེལ་བ་དང་འདྲ་མཚུངས་ཀྱི་ཆ་ཡོད་པ་ལས། དཔྱད་ཡུལ་གྱི་ཁ་ཕྱོགས་གཙོ་བོ་མི་གཅིག་པ་དང་། བརྟག་དཔྱད་བྱེད་གནས་ཀྱི་དམིགས་ཡུལ་མི་འདྲ་བ་མ་ཟད། གོང་གི་ཚན་རིག་དེ་དག་གི་དཔྱད་ཡུལ་དང་བརྟག་ཐབས་ལ་གཞོགས་འདེགས་ཆེན་པོ་ཐེབས་ཀྱི་ཡོད་པར་བརྗོད་པ་ལྟར་ལགས། དེས་ད་སོ་མ་དམངས་སྲོལ་རིག་པ་ནི་རང་རྐྱ་ཐུབ་པའི་རིག་ཚན་ཞིག་ཡིན་པ་ཤེས་ལྡན་པ་རྣམས་ཀྱིས་ངང་གིས་ཁས་ལེན་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་གང་དང་གང་ལ་ཞིབ་འཇུགས་བྱ་དུས་ན་ངེས་པར་དུ་གདེང་འཇོག་བྱ་དགོས་པའི་གནས་གལ་ཆེན་ཞིག་ཡིན་སྟབས། རྒྱལ་ཁབ་ཕྱི་ནང་གི་མཁས་པ་མང་པོས་དོ་སྣང་དང་གཙིགས་འཛིན་བྱེད་པའི་རིག་ཚན་ཞིག་ཏུ་གྱུར་ཡོད་པ་རེད། 


སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2019-01-08

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།