ཡོངས་འཛིན་རིག་མཛོད། >རིག་གནས། >དམངས་སྲོལ། >གཞན་དག

མ་ཞང་འཁང་བ།

མ་ཞང་ནི་ཨ་མའི་ཕུ་བོའམ་ནུ་བོ་ལ་ཟེར། མགྲོན་གྱི་ནང་གི་གཙོ་བོ་ཡིན་པས་གཉེན་ཚང་གིས་ལག་སྐྱེས་བྱིན་པ་བསམ་ཐོག་མ་ཡོང་ན། ཞང་བོ་ཡིས་བསྐང་ར་བྱེད་པའི་ཚིག་ལས་དགོས་ཚུལ་བཤད་པ་ལ་ཟེར།

རིགས་དབྱེ།  

འུར་ཆ།

འུར་ཆ་ནི་བོད་རང་གི་ཐུན་མོང་མ་ཡིན་པའི་ལག་རྩལ་ལས་ཐོན་པའི་འཚོ་བའི་མཁོ་ཆས་རིན་ཐང་བྲལ་བ་ཞིག་ཡིན་ལ། དེ་ཐོག་མ་ཉིད་ནས་འཚོ་བའི་ཐོན་སྐྱེད་དང་། རིམ་བཞིན་མཚོན་ཆ། ཆོས་ལུགས་ཀྱི་ཆོ་གའི་བསྒྲུབ་ཆས། མོ་ཆས། ཁུག་མའི་ཁ་སྒྲོག་དང་། ཁུར་ཐག བུད་མེད་ཀྱི་རྒྱན་ཆ། བྱིས་པའི་རྩེད་ཆོས། མཐའ་མར་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་བཅས་བཀོལ་སྟངས་མི་འདྲ་བ་མང་པོ་འགྱུར་བའི་གོ་རིམ་ཁྲོད་ན་ཐུན་མིན་གྱི་ནུས་པའང་བླ་ན་མེད་པ་ཐོན།

རིགས་དབྱེ།  

ཁྱུང་།

ཁྱུང་ནི་བོད་ཀྱི་རུས་རྒྱུད་རྙིང་གྲས་ཤིག་གི་མིང་དང་མཚོན་རྟགས་ཡིན་པར་མ་ཟད། ཁྱུང་གི་རིག་གནས་རྒྱབ་ལྗོངས་ལས་འཕྲོས་པའི་ཞང་ངམ་ཁྱུང་གི་ཡུལ་ལུང་དེ་ལ་ནང་གསེས་དབྱེ་གཞི་གསུམ་མམ་བཞི་བྱུང་བ་སྟེ། དེ་དག་ནི་ཁྱུང་དཀར་དང་། ཁྱུང་ནག ཁྱུང་སེར་གསུམ་དང་ཁྱུང་ཁྲ་བཅས་བཞི་ལ་ངོས་འཛིན་དགོས་ཤིང་། དེའི་སྐོར་གྱི་ཁྱུང་རབས་དང་ལོ་རྒྱུས། རྣམ་ཐར་སོགས་ཤིན་ཏུ་མང་། ཁྱུང་ཞེས་པ་འདི་ཞང་ཞུང་སྐད་དང་བོད་སྐད་གཉིས་ཀྱི་བརྡ་ཆད་ཁུངས་སུ་ཡོད་པ་གོང་དུ་བརྗོད་ཟིན་པ་ལྟར་དང་། དེ་ཉིད་ཁྱབ་རྒྱ་ཆེར་སྤྱོད་ཀྱི་ཐ་སྙད་ཞིག་ཏུ་ཆགས་པའི་དུས་ཚད་ནི་དུས་རབས་བདུན་པ་ཡན་ལ་འདེད་ཆོག་ལ། དེའི་མཚོན་དོན་ཐད་ནས་ཀྱང་བོན་སྐུ་ཀུན་ཏུ་བཟང་པོ་སོགས་ཀྱི་རྣམ་སྤྲུལ་དུ་གྱུར་བའི་ལྷ་བྱའམ་བྱ་རྒྱལ་ཁྱུང་ཆེན་ལ་ངོས་འཛིན་པ་དང་། བྱ་རྒྱལ་ཁྱུང་གི་སྤར་མོ་ས་ལ་རེག་པའི་དྲོད་རླངས་ལས་སྨིན་པའི་སྒོ་ང་དཀར་ནག་སེར་ཁྲ་བཞི་བྱུང་བ་དེ་ལས་མཆེད་པའི་མཚན་དང་ལྡན་པའི་ཁྱེའུ་བཞི་བྱུང་བའི་མི་རྒྱུད་སྐོར་ལ་ངོས་འཛིན་པ། ཁྱུང་ནི་ཞང་ཞུང་ཞེས་པའི་ཞུང་གི་ཚིག་དེ་བོད་སྐད་དུ་འགྱུར་བའི་དོན་ལ་གོ་བ། བོད་ཀྱི་ཡབ་འབངས་རུས་དྲུག་གི་གྲས་ཤིག་ཏུ་འདོད་པ། བོན་གྱི་གདུང་རྒྱུད་ཆེ་དྲུག་གི་ནང་གསེས་དམ་པ་ཁྱུང་གི་རིགས་རུས་ལ་འཇུག་པ། ཡ་ཐོག་སྲིད་པའི་ལྷ་རབས་ཀྱི་མཆེད་ཁུངས་ལ་ངོས་འཛིན་པ། ཀླུ་ཡི་མགོ་གནོན་དུ་ངོས་འཛིན་པ། “ལྷ”ཞིག་ལ་ངོས་འཛིན་པ། གནམ་ས་གོ་འབྱེད་བྱེད་མཁན་གྱི་འཇིག་རྟེན་བྱེད་པོ་ཡིན་པར་འདོད་པ་སོགས་མཚོན་དོན་མང་བའི་ཐ་སྙད་ཞིག་ཏུ་ངེས་པ་སོགས་ཡོད་དོ༎

རིགས་དབྱེ།  

ཚལ་རྔ་ལབ་ཙེ།

ཚལ་རྔ་ལབ་ཙེ་ཞེས་པ་ནི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཚལ་རྔ་འགག་གྲོང་རྡལ་མངའ་ཁོངས་ཀྱི་ལབ་ཙེ་ཞིག་ཡིན་ལ། ཚལ་རྔ་འགག་གྲོང་རྡལ་སྲིད་གཞུང་གི་ནུབ་ཕྱོགས་ན་ཡོད།

རིགས་དབྱེ།  

གབ་ཚིག

རྩེད་མོ་སོགས་ཀྱི་མདུན་སར་བཞད་གད་སློང་བའི་ཆེད་དང་། གབ་ཚིག་ཤེས་པ་རྣམས་ནང་ཕན་ཚུན་གསང་གཏམ་ཚིག་ཏུ་སྨྲ་བ་དང་། རང་དང་མི་མཐུན་པའི་ཕ་རོལ་པོ་རྣམས་མགོ་བོ་རྨོངས་པར་བྱེད་པའི་ཕྱིར་དུ་གབ་བྱ་སྣ་ཚོགས་ལ་གབ་བྱེད་སྣ་ཚོགས་སྦྱར་ཏེ་སྟོན་པའོ།།

རིགས་དབྱེ།  

གླིང་སྒྲུང་ལས་སྤྲུལ་སྒྱུར།

སྐྱེས་བུ་དམ་པ་གང་ཞིག་ལྐོག་གྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་དགོས་དབང་གིས་ཕྱི་རོལ་གྱི་སྲོག་ཆགས་སམ་སྐྱེ་དངོས་གང་རུང་བ་ཞིག་ལ་སྤྲུལ་བ་བསྒྱུར་ཏེ་ལས་དོན་མི་དམན་པའམ་ཁྱད་པར་ཅན་ཞིག་སྒྲུབ་པར་སྤྲུལ་སྒྱུར་ཞེས་བྱ།

རིགས་དབྱེ།  

ཆའང་རིགས་ཀྱི་འཛེམ་བྱ།

ཆའང་རིགས་ནི་ཀྲུང་གོའི་ཆེས་སྔ་བའི་མི་རིགས་ཤིག་ཡིན་ལ། སྔར་ཀྲུང་གོའི་ལོ་རྒྱུས་ཐོག་ཏུ་འོད་སྟོང་འབར་བའི་རིག་གནས་གསར་འཛུགས་བྱས་མྱོང་བ་དང་། མི་རིགས་ལོ་རྒྱུས་ཐོག་ཏུ་གལ་ཆེ་བའི་གོ་གནས་བཟུང་ཡོད། ཆའང་རིགས་དེ་གཙོ་བོ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་མའོ་རྫོང་དང་། ཝུན་ཁྲོན་རྫོང་། ལིས་རྫོང་། ཟུང་ཆུ། ཁྲོ་ཆུ་སོགས་སུ་ཆགས་ཡོད། དེར་ས་ཁུལ་སོ་སོའི་ས་བབ་གནས་ཡུལ་དང་ལོ་རྒྱུས་སྲོལ་རྒྱུན་གྱི་རྐྱེན་གྱིས། ས་གནས་སོ་སོའི་འཛེམ་བྱ་དང་གོམས་སྲོལ་ལ་ཡང་ཁྱད་པར་ཡོད། འདིར་རྔ་བ་ཁུལ་གྱི་ཆའང་རིགས་གཙོ་བོར་བཟུང་ནས་ཆའང་རིགས་ཀྱི་འཛེམ་བྱའི་སྐོར་གླེང་ཡོད།

རིགས་དབྱེ།  

བསམ་འཕེལ་དབང་གི་རྒྱལ་པོ།

བསམ་འཕེལ་དབང་གི་རྒྱལ་པོ་ནི་བྱ་རྒྱལ་ཁྱུང་ཆེན་གྱིས་རྒྱ་མཚོར་གནས་པའི་ཀླུ་རིགས་ཟ་བ་ཡིན་ལ། མཐར་ལོ་རྒས་ཤིང་འཁོགས་པ་ན། རྒྱ་མཚོར་ལྷུང་སྟེ་ལྟོགས་གྲིར་ཤི་བ་དང་ཁྱུང་སྙིང་མཚོ་ནང་དུ་ཡུན་རིང་པོ་ལུས་པ་དེ་ནི་རྙེད་དཀའ་ཞིང་ཤིན་ཏུ་དཀོན་པའི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཞེས་བྱ་བར་གྱུར་ཏོ་ཞེས་གཏམ་རྒྱུད་དུ་གྲགས་སོ། །

རིགས་དབྱེ།  

སྡེ་བཞིའི་དཔལ་ལྡན་རིན་ཆེན་སྤུངས་པ།

སྡེ་བཞིའི་དཔལ་ལྡན་རིན་ཆེན་སྤུངས་པ་ནི་ཆོས་ནོར་ཐར་འདོད་བཅས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་ཚོགས་སྡེ་བཞིའི་དཔལ་དང་ལྡན་པའི་ཡུལ་ཁམས་རིན་སྤུངས་ཞེས་པ་སྟེ། རིན་སྤུངས་ནི་ཡར་ཀླུང་གཙང་པོའི་སྐེད་རྒྱུད་དུ་ཡོད།

རིགས་དབྱེ།  

ལོ་ཚིགས་བརྩི་སྲོལ།

​བོད་ཀྱི་ལོ་རྒྱུས་བཀླག་པ་ལ་ལོ་ཚིགས་ཤེས་བྱ་མ་ཤེས་ཐབས་མེད་ལྟ་བུར་གྱུར་ཡོད། ལོ་ཚིགས་ལའང་སྣ་མང་ཞིང་རྙོག་འཛིང་ཆེ་བའི་ལོ་ཚིགས་འགོད་སྟངས་དུ་མ་ཞིག་ཡོད་པས་དེ་དག་ནི་ལོ་རྒྱུས་ལ་འཇུག་པའི་ལས་དང་པོ་བ་ཚོར་མཚོན་ན་ཅུང་དཀའ་མོ་ཞིག་ཏུ་སྣང་། འདིར་དེ་དག་རེ་རེ་ཁ་གསལ་མདོར་བསྡུས་གྱི་སྒོ་ནས་ཅུང་ཟད་ངོ་སྤྲོད་བྱ་བ།

རིགས་དབྱེ།  

ཕོའི་རྩལ་སྣ་གསུམ།

ཕོའི་རྩལ་སྣ་གསུམ་ནི་ལུས་ཀྱི་རྩལ་དང་། ངག་གི་རྩལ། ཡིད་ཀྱི་རྩལ་བཅས་གསུམ་མོ། །

རིགས་དབྱེ།  

དགའ་བྱེད་མདའ།

རྒྱལ་བོ་རཱ་མ་ཎའི་མདའ་སྟེ། མདའ་དེ་འཕངས་ན་ཕོག་པས་ཁྱབ་པ་དང་། ཕོག་ན་འཆི་བས་ཁྱབ་པ། ཤི་ན་མཐོ་རིས་སུ་འགྲོ་བས་ཁྱབ་པ་སྟེ་དམ་བཅའ་གསུམ་དང་ལྡན།

རིགས་དབྱེ།  

རྔའི་བྱུང་འཕེལ།

རྔ་ནི་རང་རེ་བོད་ཙམ་མ་ཟད་མི་རིགས་གང་མང་ཞིག་ལ་དར་མྱོང་ཞིང་དེའི་བྱུང་རབས་ཀྱང་མི་རིགས་དེ་དག་གི་ལོ་རྒྱུས་དང་བསྡུར་ནས་བལྟས་ན་རྔ་ནི་གནའ་མི་དག་གི་འཚོ་བ་ནས་གསར་གཏོད་བྱས་ཏེ་རིམ་བཞིན་འཕེལ་འགྱུར་བྱུང་བ་ནི་གདོན་མི་ཟ་སྟེ། ཐོན་སྐྱེད་ངལ་རྩོལ་གྱི་ཁྲོད་ནས་སྤྲོ་དགའི་དབང་གིས་རྡོ་དང་རྡོ་བརྡབས་པའམ་ཤིང་ཐུར་དང་ཤིང་ཐུར་བརྡབས་པ་སོགས་རྡེབ་སྟངས་མི་འདྲ་བ་ལས་སྒྲ་སྣ་ཚོགས་གྲགས་པ་ལས་རིམ་བཞིན་ཤིང་རྔ་དང་དེ་ནས་རྫ་རྔ་འཁར་རྔ་སོགས་བྱུང་བ་ཡིན།

རིགས་དབྱེ།  

ཙིནྟཱ་མ་ཎི།

ཡིད་བཞིན་ནོར་བུ་སྟེ་འཇིག་རྟེན་དུ་ཤིན་ཏུ་འབྱུང་བ་དཀོན་པའི་རིན་པོ་ཆེ་ཞིག

རིགས་དབྱེ།  

སྐྱེར་གཞུ།

སྐྱེར་གཞུ་ནི་ཤིང་སྐྱེར་བ་ལས་གྲུབ་པའི་གཞུ་ཡིན་ལ། ཨ་མདོའི་དམངས་ཁྲོད་དུ་ཤིང་གཞུ་ཞེས་འབོད་སྲོལ་ཡང་ཡོད།

རིགས་དབྱེ།  

འབྲོང་རྭའི་གཞུ།

འབྲོང་རྭའི་གཞུ་ནི་འབྲོང་རྭ་སྨུག་པོ་རྒྱུ་ཆ་བྱས་ཏེ་གྲུབ་པའི་གཞུ་ཡིན་ལ། དམངས་ཁྲོད་དུ་རྭ་གཞུ་ཞེས་འབོད་སྲོལ་ཡང་ཡོད།

རིགས་དབྱེ།  

སྨྱུག་གཞུ།

སྨྱུག་གཞུ་ནི་སྨྱུག་མའི་རྒྱུ་ཆ་ལས་གྲུབ་པའི་གཞུའི་རིགས་ཤིག་སྟེ། དེ་ནི་འབྲོང་རྭའི་གཞུ་ལ་སོགས་པ་དང་བསྡུར་ན་འཐེན་སླ་བ་ཞིག་ཡིན། ཨ་མདོ་ས་ཆར་མཚོན་ན་སྨྱུག་གཞུ་ནི་བྱིས་པ་ལོ་ཆུང་རྣམས་ཀྱི་མདའ་འཕེན་བྱེད་ཡིན་ཏེ། དེ་ཉིད་ལག་ཏུ་བཟུང་ན་ཡང་ཞིང་ཕོ་རྩལ་མེད་པ་ཞིག་ཡིན་ནའང་འཐེན་སླ་བའི་ཁྱད་ཆོས་ལྡན་པས་མདའ་འཕེན་གྱི་ལས་དང་པོ་ལ་འཇུག་པའི་བྱིས་པ་ལོ་ཆུང་རྣམས་ཀྱི་མདའ་འཕེན་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད།

རིགས་དབྱེ།  

ལྕགས་གཞུ།

ལྕགས་གཞུ་ནི་འཚོ་བའི་ཐོན་སྐྱེད་འཕེལ་རྒྱས་སོང་བ་དང་བསྟུན་ནས་བྱུང་བའི་གཞུ་རིགས་ཤིག་སྟེ། དེའང་གྲུབ་བྱེད་ཀྱི་རྒྱུ་ཆའི་སྒོ་ནས་བཏགས་པའི་མིང་ཡིན་ཡང་། གཞུ་རྒྱུད་ཧྲིལ་བོའི་རྒྱུ་ཆ་ལྕགས་ལས་གྲུབ་པ་མིན་ཏེ། དེ་ནི་གཞུའི་ཡ་འཁྱོག་དང་མ་འཁྱོག་སྦྲེལ་བྱེད་དང་བར་མཚམས་ལྕགས་ལས་གྲུབ་པ་ཡིན་པས་ལྕགས་གཞུ་ཞེས་བཏགས་པ་ཡིན། དེ་ཉིད་འཐེན་སླ་ཡང་མདའི་མྱུར་ཚད་དང་ཤེད་ཤུགས་གཞུ་རིགས་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད།

རིགས་དབྱེ།  

རྒོད་སྒྲོ་མ།

རྒོད་སྒྲོ་མ་ནི་མདའི་སྒྲོ་ལ་བྱ་རྒོད་ཀྱི་སྒྲོ་བསྟད་ཡོད་པའི་མདའ་རིགས་ཤིག་ཡིན་སྟེ། རྒོད་སྒྲོ་མ་ནི་མདའ་རྩེ་ལ་རླུང་ཤུགས་འདྲོང་པོ་ཡོང་ཆེད་བྱ་རྒོད་ཀྱི་སྒྲོ་བཙུགས་པ་ལ་ཟེར།

རིགས་དབྱེ།  

གླག་སྒྲོ་མ།

གླག་སྒྲོ་མ་ནི་བྱ་གླག་གི་སྒྲོ་ཡིས་བསྟད་པའི་མདའ་མོའི་རིགས་ཤིག་སྟེ། མདའ་མོ་དེའི་སྒྲོ་བྱ་གླག་གི་སྒྲོ་ཡིན་པས་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་མིང་བཏགས་པ་ཡིན།

རིགས་དབྱེ།  

ཁྲ་སྒྲོ་མ།

ཁྲ་སྒྲོ་མ་ནི་མདའ་ཤིང་ལ་བྱ་ཁྲའི་སྒྲོ་བསྟད་ཡོད་པའི་མདའ་མོ་ལ་ཟེར་ཞིང་། མདའ་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་མིང་བཏགས་པ་ཡིན།

རིགས་དབྱེ།  

འུག་སྒྲོ་མ།

འུག་སྒྲོ་མ་ནི་བྱ་འུག་པའི་སྒྲོ་ཡིས་བསྟད་པའི་མདའ་མོའི་རིགས་ཤིག་སྟེ། མདའ་སྒྲོ་གྲུབ་བྱེད་ཀྱི་རྒྱུ་ཆ་ལ་བརྟེན་ནས་མིང་བཏགས་པ་ཡིན།

རིགས་དབྱེ།  

གསེར་ལྟོང་མ།

གསེར་སྟོང་མ་ནི་མདའི་ལྟོང་གསེར་གྱིས་བརྒྱན་པའི་མདའ་མོ་ལ་ཟེར། མདའ་མོའི་ལྟོང་ལ་གསེར་གྱིས་བརྒྱན་འདིས་མདའ་མོ་མཛེས་བར་བྱེད་པའི་ནུས་པ་དང་། མདའ་མོ་གསེར་ལྟོང་མ་འདི་འཕེན་མཁན་གྱི་ཐོབ་གོ་གནས་ཤིག་ཀྱང་མཚོན་པར་བྱེད།

རིགས་དབྱེ།  

དངུལ་ལྟོང་མ།

​དངུལ་ལྟོང་མ་ནི་མདའི་ལྟོང་དངུལ་གྱིས་བརྒྱན་པའི་མདའ་མོའི་རིགས་ཤིག་སྟེ། སྤྱིར་བོད་མི་རིགས་ནི་རང་ཉིད་མཛེས་བྱེད་ལ་གསེར་དངུལ་ལ་སོགས་ཀྱི་རྒྱན་ཆ་འདོགས་པར་སྤྲོ་བ་དང་རང་ཉིད་ཀྱི་ཐོབ་གོ་སའི་དབང་གིས་སྣོད་ཅ་ལག་སྟེ་རྒྱུན་སྤྱོད་ཀྱི་ཡོ་ཆས་ལ་གསེར་དངུལ་ལ་སོགས་ཀྱིས་སྤྲོས་ཡོད་པས། མདའ་མོ་དངུལ་ལྟོང་མའང་དེ་ལས་མ་འདས་བར་མཛེས་པར་བྱེད་པ་དང་ཐོབ་གོ་གནས་ཀྱི་མཐོ་དམན་དབང་གིས་དངུལ་གྱིས་བརྒྱན་པ་རེད།

རིགས་དབྱེ།  

ཟངས་ལྟོང་མ།

​ཟངས་ལྟོང་མ་ནི་ལྟོང་ལ་ཟངས་ཀྱིས་བརྒྱན་པའི་མདའ་མོའི་རིགས་ཤིག་སྟེ། མདའ་མོ་ཟངས་ལྟོང་མའང་མདའ་མོ་གསེར་ལྟོང་མ་དང་དངུལ་ལྟོང་མའི་ཁྱད་ཆོས་དང་འདྲ་བར་མཛེས་པར་བྱེད་པ་དང་ཐོབ་གོ་གནས་དབང་གིས་བརྒྱན་པ་ཡིན་པར་འདོད།

རིགས་དབྱེ།  

ལྕགས་ལྟོང་མ།

ལྕགས་ལྟོང་མ་ནི་ལྟོང་ལ་ལྕགས་ཀྱིས་བརྒྱན་ཡོད་པའི་མདའ་མོའི་རིགས་ཤིག་སྟེ། མདའ་མོ་ལྕགས་ལྟོང་མའང་མདའ་མོ་གསེར་ལྟོང་མ་དང་། དངུལ་ལྟོང་མ། ཟངས་ལྟོང་མ་བཅས་དང་འདྲ་བར་ཐོབ་གོ་གནས་ཀྱི་དབང་གིས་བརྒྱན་པ་ཞིག་ཡིན།

རིགས་དབྱེ།  

གེ་སར་གྱི་གུར་བཤད།

འདི་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་གུར་གྱི་བཤད་པའི་སྐོར་ཉིང་བསྡུས་ཀྱིས་བཀོད་པ་དེའོ། །

རིགས་དབྱེ།  

འཛེམ་བྱ།

དེ་གོ་བདེར་བརྗོད་ན། འཛེམ་བྱ་ནི་མིའམ་ལྷ་འདྲེ་གང་རུང་གི་སྟེང་དུ་ཞུགས་པའི་གསང་བའི་སྟོབས་ཤུགས་ཤིག་ལས་བྱུང་ཞིང་སྲོག་མེད་ཀྱི་དངོས་པོ་བརྒྱུད་ནས་གང་སར་བརྒྱུད་སྤེལ་བྱེད་པར་འདོད།

རིགས་དབྱེ།  

ཁམས་མི་ཉག་ཡུལ་གྱི་སྒུར་བྲོ།

མི་ཉག་སྒུར་བྲོ་ཞེས་པ་ནི་མི་ཉག་ཡུལ་གྱི་ངལ་རྩོལ་མི་དམངས་ཀྱི་ཐུང་མོང་བའི་གསར་གཏོད་དང་བརྒྱུད་སྤེལ་བྱས་པའི་གནའ་བྲོ་ཞིག་ཡིན་ལ་གནའ་ནས་ད་བར་དུ་དགའ་སྤྲོ་རྟེན་འབྲེལ་གྱི་དུས་དང་བུ་དང་བུ་མོ་བག་མ་དང་མག་པ་སོགས་བཏང་བའི་སྐབས་སུ་འཁྲབ་པའི་གནའ་བྲོ་ཞིག་ཡིན་ཞིང་། སྒུར་བྲོའི་མིང་བྱུང་ཚུལ་ནི་བྲོ་འཁྲབ་སྐབས་བྲོ་རའི་དཀྱིལ་དུ་བྲོ་རྟེན་ཞིག་བཞག་པ་ཡང་ན་ཁང་པའི་ཀ་བ་བྲོ་རྟེན་བྱས་ནས་བྲོ་རྟེན་དེ་ལ་སྐོར་ནས་་གླུ་གཏོང་བཞིན་ལུས་དང་མགོ་གུག་གུག་བྱས་ནས་སྒུར་ནས་འཁྲབ་པ་སྟེ། སྒུར་སྒུར་བྱས་ནས་གུས་འདུད་བསྙེན་བཀུར་གྱི་རྣམ་པ་སྟོན་པའི་ཁྱད་ཆོས་དེར་གཞིགས་ནས་སྒུར་བྲོ་ཞེས་མིང་དེ་བྱུང་བ་རེད།

རིགས་དབྱེ།  

རྗེས་དཔག་གི་ཤེས་ཡོན།

མངོན་སུམ་ཤེས་ཡོན་གཞིར་བཟུང་ཐོག་རིགས་པས་རྗེས་སུ་དཔྱད་དེ་འདི་ནས་དེ་ཤེས། ཕྱི་ནས་ནང་ཤེས་པའི་གཏིང་ཟབ་ལ་ཡང་དག་པའི་རིག་པ་ཞིག་ལ་གོ། །

རིགས་དབྱེ།